ཆབ་སྲིད་གོ་བབ་མཐོར་འདེགས་དང་འགན་འཁྲི་གཟབ་ནན་དངོས་འབེབས་བྱས་ཏེ་ཞིང་ཆེན་ཏང་ཨུའི"ལེགས་པ་གཅིག་དང་མཐོ་བ་གཉིས"ཀྱི་འཐབ་ཇུས་བཀོད་སྒྲིག་བློ་བརྟན་འགྱུར་མེད་སྒོས་དོན་འཁྱོལ་མཐར་ཕྱིན་ཡོང་བ་བྱ་དགོས།

ལི་ཞའོ་ནན། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-08


        གཙང་གསུམ་འབྱུང་ཡུལ་གྱི་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའི་ཏང་ཨུ་དབུ་བརྙེས་པ་ནས་བཟུང་སྟེ། ཏང་འཛུགས་བྱ་བར་ཚད་མཐོའི་གཙིགས་འཛིན་གནང་ཞིང་ཏང་འཛུགས་དང་ལས་གཉེར་འཚམ་མཐུན་གང་ཡོང་ལ་འཚོལ་ཞིབ་མཚམས་མི་ཆད་པ་དང་། ཆབ་སྲིད་གོ་བབ་མཐོར་འདེགས་དང་འགན་འཁྲིའི་ཐེག་ཁུར་ཤུགས་དྲག་ཏུ་མཚམས་མི་ཆད་པ་བཏང་སྟེ། ལས་ཁུངས་མ་ལག་གི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་ལམ་གཅིག་ཏུ་བྱས་ནས། ཆབ་སྲིད་ཁ་ཕྱོགས་ཡང་དག་པ་རྒྱུན་འཁྱོངས་དང་བློ་ཕུགས་ལྷག་ཏུ་བརྟན་པའི་ཕུགས་བསམ་གྱི་དད་མོས་ཐུན་མོང་དུ་བསྐྲུན་པ་དང་། གཟབ་ནན་དངོས་འབེབས་ཀྱི་སྤྱོད་ཚུལ་ལེགས་པོ་ཟམ་མི་ཆད་པར་སྦྱོང་བརྡར་བྱས་ཤིང་། ཕན་ནུས་ལྡན་པའི་ངང་བློ་སེམས་གཅིག་གིས་འདུན་མ་སྙེག་པའི་བསམ་བློའི་རྨང་གཞི་བཏིང་སྟེ། ཏང་འཛུགས་བྱ་བར་ཁྱོན་ཡོངས་ནས་ཤུགས་སྣོན་དང་ལས་གཉེར་བརྟན་བརླིང་ལ་སྐུལ་འདེད་བཏང་།

གཅིག   ལྟ་བ་གསལ་འདོན་གྱིས་ཆབ་སྲིད་གླེང་བ་དང་ལས་བྱེད་ལས་བཟོ་པའི་ཕུགས་བསམ་དད་མོས་རྒྱུན་མི་ཆད་པར་ཤུགས་ཆེར་བཏང་།

        གཙང་གསུམ་འབྱུང་ཡུལ་གྱི་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་སྒོ་བྱང་བཀལ་ཏེ་དབུ་བརྙེས་པ་ནས་བཟུང་།  ཅུའུ་ཏང་ཨུ་ཡིས་ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕེན་གྱི་དུས་སྐབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་མཛུབ་སྟོན་བྱེད་པ་རྒྱུན་འཁྱོངས་བྱས་པ་དང་། ནན་ཏན་གྱིས་ཏང་གི་ཚོགས་ཆེན་བཅུ་དགུ་བའི་སྙིང་སྟོབས་སློབ་སྦྱོང་དང་དྲིལ་བསྒྲགས་དོན་འཁྱོལ་མཐའ་འཁྱོངས་ཡོང་བར་བྱས།    ཞིང་ཆེན་ཨུ་ཡོན་ལྷན་ཁང་གི"ལེགས་པ་གཅིག་དང་མཐོ་བ་གཉིས"ཀྱི་འཐབ་ཇུས་བཀོད་སྒྲིག་གཞིར་བཟུང་སྟེ། "ཚོད་ལྟ་ཁུལ་འཛིན་ན་ཏང་འཛུགས་འཛིན་དགོས་པ་དང་། ཏང་འཛུགས་འཛིན་ན་ཚོད་ལྟ་ཁུལ་ལ་སྐུལ་འདེད་གཏོང་དགོས"ཞེས་པའི་ཏང་འཛུགས་བྱ་བའི་ལྟ་བ་སྲ་བརྟན་ཡོང་བར་བྱས་ལ།"ཏང་འཛུགས་བྱ་བར་བརྟེན་ནས་སྒྲིག་སྲོལ་ཚོད་ལྟ་ཁུལ་སྣེ་ཁྲིད་དང་རམ་འདེགས་བྱེད་པའི"ཏང་འཛུགས་བྱ་བའི་བསམ་ཕྱོགས་གཞིར་བཟུང་སྟེ། ཧུར་བརྩོན་གྱི་སྤྱོད་ཚུལ་དང་རང་འགུལ་གྱི་མདུན་སྐྱོད་ཀྱིས་འཚོལ་ཐབས་གཉེར་བ་དང་། ཚུལ་བཞིན་ངོས་ལེན་པ། ཕན་ནུས་འཚོལ་བ་རྒྱུན་བསྐྱངས་ནས། དྲག་ཅིང་མྱུར་ལ་རྒྱུན་རིང་བའི་རྩོལ་བ་སྐྱེ་ལྡན་ཟུང་འབྲེལ་བྱས་ཏེ། རྒྱུན་མི་ཆད་པར་ཤུགས་དྲག་གིས་ཏང་འཛུགས་བྱ་བའི་འགན་འཁྲི་དོན་འཁྱོལ་དང་། ནུས་ཡོད་ཀྱིས་ཏང་གི་རིམ་པ་སོ་སོས་རྩ་འཛུགས་བྱས་པའི་འཐབ་འཛིང་བཙན་རྫོང་གི་ནུས་པ་དང་ཏང་ཡོན་གྱི་གདོང་ལེན་དཔེ་སྟོན་ནུས་པ་བཏོན་ནས། ཏང་འཛུགས་བྱ་བ་དང་ཚོད་ལྟ་ཁུལ་གྱི་བྱ་བ་མཉམ་འདྲེས་མཉམ་འགུལ་དང་དུས་མཉམ་སྐུལ་འདེད་བྱེད་པ་མངོན་འགྱུར་བྱུང་ཡོད།   གཅིག་ནི་ཕུགས་བསམ་དད་མོས་ཀྱི་སློབ་གསོ་ཐོག་མའི་ལས་འགན་དུ་བརྩིས་ཏེ། སློབ་སྦྱོང་གི་ནང་དོན་ཐད་ནས་ཏང་གི་སྒྲིག་ཡིག་དང་སྒྲིག་སྲོལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་རབས་དང་རིམ་པ། ཏང་གི་ཚོགས་ཆེན་བཅུ་དགུ་བ་དང་རིམ་བྱུང་ཚོགས་ཆེན་གྱི་དགོངས་དོན། ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན།  སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ། སྐྱེ་ཁམས་སྲུང་སྐྱོབ་སོགས་ཀྱི་ཚོགས་འདུའི་དགོངས་དོན་དང་ཁྲིམས་ལུགས་ཁྲིམས་སྲོལ་གྱི་སློབ་སྦྱོང་འབུར་དུ་ཐོན་པ་བྱས། སྔ་གཞུག་ཏུ་ཅུའུ་མ་ལག་གི་ཏང་ཡོན་ལས་བྱེད་རྩ་འཛུགས་བྱས་ཏེ་སློབ་སྦྱོང་ཐེངས་བདུན་ཅུ་ལྷག་བྱས་ཤིང་མི་སུམ་སྟོང་ལྷག་ཞུགས་ཡོད། གཉིས་ནི་ལམ་ལུགས་འཛུགས་སྐྲུན་དེ་སྤྱོད་སྟངས་ཀྱི་ཚད་གཞིར་བཟུང་།"ལམ་ལུགས་ཆ་ཚང་འཛུགས་སྐྲུན་དང་ཀྲི་པུའུའི་བྱ་བ་ཚད་ལྡན་དུ་གཏོང་བའི"བསམ་ཕྱོགས་གཞིར་བཟུང་སྟེ། ལམ་ལུགས་ལ་བརྟེན་ནས་མི་དང་བྱ་བར་དོ་དམ་བྱེད་པ་རྒྱུན་འཁྱོངས་བྱས་ལ། "གྲོས་ཚོགས་གསུམ་དང་སློབ་ཐུན་གཅིག"གི་དཔྱད་ཞིབ་གདེང་འཇོག་ཐབས་ལམ་དང་ཏང་ཡོན་སློབ་གསོའི་གསོ་སྦྱོང་ལམ་ལུགས། ཏང་འཛུགས་སྐུད་ལམ་དཔྱད་ཞིབ་ཐབས་ལམ་སོགས་ཏང་འཛུགས་བྱ་བ28དང་ཏང་ཡོན་དོ་དམ་ཕྱོགས་ཀྱི་བྱ་བའི་ལམ་ལུགས་དངོས་སུ་བཏོན་ཏེ་གཏན་འབེབས་བྱས་ཤིང་། ཀྲི་པུའུའི་བྱ་བ་ཚད་ལྡན་དུ་གཏོང་བར་ལམ་ལུགས་འགན་ལེན་མཁོ་སྤྲོད་བྱས། གསུམ་ནི་བརྗོད་དོན་ཏང་གི་ཉིན་མོའི་སློབ་གསོའི་ལག་ལེན་གྱི་རྒྱུན་རྣམ་དེ་ཡུན་རིང་ཞིང་བྱེ་བྲག་ཏུ་བཟུང་།"བརྗོད་དོན་ཏང་གི་ཉིན་མོའི"བྱ་འགུལ་སྤེལ་བ་ལག་བསྲིངས་ས་བྱས་ཏེ། ཏང་འཛུགས་བྱ་བའི་ཆབ་སྲིད་རང་རྟོགས་དང་སྤྱོད་ལམ་རང་རྟོགས་ཤུགས་ཆེན་པོས་ལེགས་པོར་བསྒྲུབས་པ་དང་།"སློབ་གཉིས་སྒྲུབ་གཅིག"གི་སློབ་གསོའི་རྒྱུན་རྣམ་ཅན་ལམ་ལུགས་ཅན་དུ་འགྱུར་བར་སྐུལ་འདེད་བྱས། སྔ་རྗེས་སུ"དྭངས་གསལ་དུས་ཆེན"བརྗོད་གཞི་བྱས་པའི་སྔོན་གཤེགས་དཔའ་བོའི་སྙན་ངག་ཚོགས་འདུ་བསྡུས་ཏེ། ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་ཏང་འཛུགས་ཐེངས་དྲུག་པའི་འབྲེལ་གཏུག་ཚན་ཁག་དང་མཉམ་འབྲེལ་བྱས་ནས"ནན་ཏན་གྱིས་ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་སློབ་སྦྱོང་མཐའ་འཁྱོལ་དང་ལག་རྡང་སྦྲེལ་ཏེ་མཉམ་དུ་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་བདེ་འཇགས་བཀག་དངོས་བསྐྲུན་པའི"ཏང་གི་ཉིན་མོའི་བྱ་འགུལ་བརྗོད་གཞིར་བཟུང་ནས་སྤེལ།  བདེ་ལེགས་ངང་"ང་རང་རྒྱལ་ཁབ་ཀྱི་སྤྱི་གླིང་ལ་དགའ་བ་དང་བསམ་པའི་མཐོ་གཞོང་བརྟན་སྲུང་བྱེད་པའི"བརྗོད་གཞིའི་གཏམ་བཤད་འགྲན་བསྡུར་དང་། "གསར་གཏོད་འབྲས་བཟང་བརྩོན་ལེན་དང་ཚོགས་ཆེན་བཅུ་དགུ་བ་དགའ་སྤྲོའི་ངང་བསུ་བའི"བརྗོད་གཞིའི་ཏང་ཐུན་འགྲན་བསྡུར་སྤེལ་ཞིང་། ཏང་ཡོན་ལས་བྱེད་རྩ་འཛུགས་བྱས་ཏེ་ཀྲུང་གོའི་བཟོ་ཞིང་དམར་དམག་ནུབ་ལམ་དམག་གི་དྲན་གསོ་ཁང་དུ་ལྟ་སྐོར་སློབ་སྦྱོང་བྱེད་པར་མངགས་ནས། "མདེའུ་གཉིས་དང་སྐར་མ་གཅིག་གི་"སྙིང་སྟོབས་སྒྲོག་འགྲེལ་བྱ་བར་ནན་ཏན་གྱིས་གསན།

གཉིས། འབུར་ཐོན་གཙོ་གནད་དོན་ཐོག་ཏུ་འཁྱོལ་ནས་ཏང་རྩ་འཛུགས་ཀྱི་འཐབ་འཛིང་བཙན་རྫོང་ནུས་པ་མངོན་གསལ་གྱིས་ཤུགས་ཇེ་དྲག་ཏུ་བཏང་།

        ཞིང་ཆེན་ཨུ་ལྷན་གྱི"ལེགས་གཅིག་མཐོ་གཉིས"ཀྱི་འཐབ་ཇུས་བཀོད་སྒྲིག་གཞིར་བཟུང་སྟེ། ཅུའུ་ཏང་ཨུས"ཏང་འཛུགས་ལེགས་པར་འཛིན་པ་ནི་ལས་རྐང་ཡིན་པ་དང་། ཏང་འཛུགས་མི་འཛིན་པ་ནི་ལས་ཤོར་ཡིན་པ། ཏང་འཛུགས་བཟུང་བ་མི་དམ་པ་དང་མི་གཟབ་པ། ཕན་འབྲས་མི་ལེགས་པ་ནི་ལས་ཐོབ་མིན་པའི"ལྟ་གྲུབ་གཞོམ་མེད་དུ་བསྐྱེད་ནས། ཏང་འཛུགས་བྱ་བ་འཛིན་པ་ནི་བྱས་རྗེས་ཆེས་ཆེ་བ་དང་གཟབ་གཟབ་ནན་ནན་གྱིས་ཏང་འཛུགས་འགན་འཁྲི་དངོས་འབེབས་ལ་སྐུལ་འདེད་བཏང་། གཅིག་ནི་ཧུར་ཐག་གིས་གཙོ་གཞིའི་འགན་འཁྲི་དངོས་འབེབས་བྱས། ལོ་གཉིས་ཀྱི་ནང་ཅུའུ་ཏང་ཨུས་གྲོས་ཚོགས་ཐེངས་མང་བསྡུས་ཏེ་ཏང་འཛུགས་བྱ་བར་གྲོས་བསྡུས་བྱས་ཤིང་། ཅུའུ་ཏང་ཨུ་ཡིས་འགན་འཁུར་བློ་མཐུན་གཙོ་བོས་འགན་འཁྲི་ཐོག་མ་ནན་ཏན་གྱིས་འཁྲི་སྒྲུབ་བགྱིས་ཏེ་ཅུའུ་ཏང་ཨུ་མགོ་ཁྲིད་ཁོངས་མིས"ལས་རྐང་གཅིག་ལ་འགན་འཁྲི་གཉིས"རྒྱུན་འཁྱོངས་བྱས། འགན་འཁྲིའི་ཁྱབ་ཁོངས་ཀྱི་ཏང་འཛུགས་བྱ་བ་ལེགས་པར་བཟུང་བའི་ཞོར་དུ། སྡེབ་མའི་རྩ་འཛུགས་འཚོ་བའི་ཚོགས་འདུར་ཞུགས་པར་སྣེ་འཁྲིད་དང་ཏང་གི་སློབ་ཐུན་འཁྲིད་པར་སྣེ་འཁྲིད་དེ་དཔེ་སྟོན་སྣེ་འཁྲིད་ཀྱི་བྱེད་ནུས་འདོན་སྤེལ་གང་ལེགས་བྱས། ཅུའུ་ཏང་ཨུ་ཡི་མིག་དཔེ་བསྟན་ཏེ་ཅུའུ་མ་ལག་གི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ཏང་འཛུགས་ཀྱི་བྱ་བ་གཙོ་བོ་ཧུར་ཐག་གིས་བསྒྲུབས་ཤིང་། ཅུའུ་མ་ལག་གི་ཏང་འཛུགས་བྱ་བར་བདེ་ལེགས་ཀྱིས་སྐུལ་འདེད་གཏོང་བར་རྨང་གཞི་བརྟན་པོ་བཏིང་། གཉིས་པ་ནི་མུ་མཐུད་དུ་ཏང་གི་རྩ་འཛུགས་ཀྱི་རྨང་གཞི་སྲ་བརྟན་དུ་བཏང་། "རྩ་འཛུགས་ཀྱི་འཛུགས་སྐྲུན་གནད་དུ་བཟུང་སྟེ། ལམ་ལུགས་ཀྱི་ཚོད་ལྟ་སྐུལ་འདེད་བྱེད་དགོས"ཞེས་པའི་བླང་བྱ་གསར་བ་དང་དུ་བླངས་ནས། དུས་ལྟར་མ་ལག་ལྡན་པར་རིམ་པ་སོ་སོའི་ཏང་གི་རྩ་འཛུགས་སྒྲིག་གཞི་འཛུགས་སྒྲུབ་བྱེད་པ་དང་། ཏང་ཡོན་རྩ་འཛུགས་ཀྱི་འབྲེལ་བ་བརྗེ་བསྒྱུར་བྱེད་པ་དང་། དུས་ལྟར་ཏང་ཀྲི་པུའུ་ཧྲུའུ་ཅི་དང་འགོ་ཁྲིད་ཚན་ཆུང་བསྐོ་བཞག་བྱས་ཏེ་སྒྲིག་བཤེར་ཨུ་ཡོན་དང་རྩ་འཛུགས་ཨུ་ཡོན། དྲིལ་བསྒྲགས་ཨུ་ཡོན་སོགས་བགོས་ནས་སོ་སོའི་འགན་ནུས་ལག་ལེན་དོན་འཁྱོལ་བྱས་ཏེ། ཏང་རྩ་འཛུགས་ཀྱི་འཐབ་རྩོད་ལྕགས་རིའི་ནུས་པ་དང་ཏང་ཡོན་མི་སྣའི་གདོང་ལེན་གྱི་ནུས་པ་མངོན་པར་མཚོན། གསུམ་ནི་ཧུར་ཐག་གི་ཏང་གིས་རྩ་འཛུགས་བྱེད་པའི་གནས་གཞི་འཛུགས་སྐྲུན་བྱས། གནས་ཡུལ་དང་གྲོན་དངུལ་ཚད་ཅན་གྱི་གནས་ཚུལ་འོག་ཏུ།"དྲུག་ལྡན"གྱི་ཚད་གཞི་ལྟར་དུ་དམངས་སྒོར་འབུམ་གསུམ་དང་ཁྲི་གསུམ་བཏང་སྟེ། ལས་ཁུངས་ཀྱི་ཐོག་ཁང་དགུ་བའི་ཚོམས་ཆེན་ནུབ་མ(རྨིད་གྲུ་བཞི་མ༤༨ཅན)དེ་ཏང་ཡོན་བྱ་འགུལ་ལྟེ་གནས་སུ་བསྒྱུར་བཀོད་བྱས་ཏེ་ཏང་གིས་འཛུགས་སྐྲུན་བྱས་པའི་ལོ་རྒྱུས་དང་ཏང་གི་ལོ་རྒྱུས། བཅའ་ཁྲིམས་སྒྲིག་ཁྲིམས་ཕྱོགས་ཀྱི་དཔེ་དེབ་སྟོང་གཅིག་ལྷག་བཀྲམ་ནས། ཕན་ནུས་ལྡན་པའི་སྒོ་ནས་ཏང་གིས་འཛུགས་སྐྲུན་གྱི་གཡུལ་ས་གཙོ་བོའི་འཛུགས་སྐྲུན་ལ་ཤུགས་བསྣན། བཞི་ནི་སྙིང་སྟོབས་ཀྱི་གཡུལ་ས་བསྐྲུན། ཟླ་བ་བཞིའི་རིང་དུ་དམངས་སྒོར་འབུམ་ལྔ་བཏང་སྟེ"ཨ་ཆེན་གངས་རྒྱབ་ཀྱི་བརྟན་སྲུང་སྙིང་སྟོབས" ཀྱི་དཔེ་ལེགས་སློབ་ཁྲིད་བཙུགས་ཤིང་། སྔ་གཞུག་ཏུ་སྡེ་ཁུལ་སོ་སོའི་དོ་དམ་ལྷན་ཚོགས(དོ་དམ་སྡེ་ཁག)དང་།  ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན་དང་། ཀོང་ཆི་ཁྲོན་ཆུའུ་དང་། ཞིང་ཆེན་གྲོས་ཚོགས་ལྟེ་གནས་སོགས་ཞིང་ཆེན་གྱི་ཐིན་དང་ཅུའུ། ཞིང་ཆེན་གཞན་དུ་སྐོར་སྐྱོད་གཏམ་བཤད་ཐེངས་ཉི་ཤུ་ལྷག་སྤེལ་ཏེ། ཞིང་ཆེན་ཨུ་ཡོན་གྱི་ཏང་གི་སློབ་གྲྭའི་ཏང་གི་རང་བཞིན་གྱི་སློབ་གསོའི་སློབ་ཁྲིད་ཁག་ཏུ་ཚུད་ནས། མཚོ་སྔོན་སྙིང་སྟོབས་ཀྱི་གཡུལ་སའི་དཔེ་ལེགས་ཏང་གི་སློབ་ཁྲིད་ཀྱི་གྲས་སུ་སོང་བ་དང་། སྤྱི་ཚོགས་ལས་རིགས་སོ་སོའི་གཅིག་མཐུན་གྱི་བསྔགས་བརྗོད་དང་དགའ་བསུ་ཐོབ་སྟེ་རྒྱལ་ཁབ་སྤྱི་གླིང་ཕྱི་ཕྱོགས་སུ་བསྒྲགས་པའི་ཤོག་ལྷེ་གལ་ཆེན་ཞིག་ཏུ་གྱུར། ལྔ་ནི་གསོ་སྦྱོང་གི་ལམ་ཁ་ཡངས་པོར་ཕྱེ། ཏང་ཡོན་ལས་བྱེད་པའི་དགོས་གལ་སྔོན་འགྲོ་བྱས་ཏེ། ཏང་ཡོན་ལས་བྱེད་པའི་ཏང་གཤིས་ཀྱི་བློ་སྦྱོང་སྦྱོང་བརྡར་བྱེད་པ་དམིགས་ཡུལ་དུ་བྱས་ནས། སྔ་གཞུག་ཏུ་ཐེངས་གསུམ་ལ་རྩ་འཛུགས་ཅུའུ་མ་ལག་གི་ཏང་ཡོན་ལས་བྱེད་པ་དང་། ཏང་ཞུགས་ཡར་ཐོན་མི་སྣ་བཅས་ལ་ཧྲན་ཞི་ཡང་ལིན་དང་ཅིན་ཀང་རི་བོ་སོགས་སུ་ཏང་དོན་ལས་བྱེད་མི་སྣའི་གསོ་སྦྱོང་འཛིན་གྲྭ་བསྒྲུབས་པ་ནས་ཏང་གི་གཞུང་ལུགས་དང་ཕྱོགས་བསྡུས་ནུས་པ་སོགས་གསོ་སྐྱོང་བྱས། ད་ལོའི་ཟླ་ལྔ་བར། ཅིན་ཀང་རི་བོའི་ཕུགས་བསམ་དད་མོས་ཀྱི་གསོ་སྦྱོང་ལྟེ་གནས་སུ"གཙང་གསུམ་འབྱུང་ཡུལ་གྱི་རྒྱལ་ཁབ་སྤྱི་གླིང་དོ་དོམ་ཅུའུ་ཏང་ཡོན་ལས་བྱེད་པའི་ཅིན་ཀང་རི་བོའི་སློབ་གསོའི་གསོ་སྦྱོང་ལྟེ་གནས"ཞེས་པའི་སྒོ་བྱང་བཀལ་ཏེ་དབུ་བརྙེས་ནས། ཏང་ཡོན་ལས་བྱེད་པའི་ལྟ་རྒྱ་དང་གསོ་སྦྱོང་གི་མཐོང་ལམ་ཡངས་པོར་ཕྱེ། དེས་གཙང་གསུམ་འབྱུང་ཡུལ་གྱི་རྒྱལ་ཁབ་སྤྱི་གླིང་གི་ཏང་ཡོན་ལས་བྱེད་པའི་གསོ་སྦྱོང་གི་བྱ་བ་གོམ་གང་མདུན་སྤོས་ཀྱིས་ཡར་རྒྱས་བྱུང་ནས་འཕེལ་རྒྱས་ཀྱི་ལམ་ཁ་གསར་བ་ཞིག་ཏུ་བསྙེགས་པ་གསལ་བཤད་བྱས། དྲུག་ནི་ཏང་འཛུགས་དང་མཉམ་དུ་འཛུགས་སྐྲུན་བྱེད་པའི་བྱ་བ་བསྒྲུབས། ཏང་གི་རྩ་འཛུགས་སོ་སོའི་བར་གྱི་འབྲེལ་བར་ཤུགས་སྣོན་པ་དང་ཕན་ཚུན་ལ་སློབ་སྦྱོང་བྱེད་ཆེད་དང་། སྔར་ལས་ལྷག་པར་ཏང་གིས་འཛུགས་སྐྲུན་གྱི་ཚན་རིག་ཅན་གྱི་ཆུ་ཚད་མཐོར་འདེགས་སུ་གཏོང་ཕྱིར། ཧུར་ཐག་གིས་ཀྲུང་གོའི་ཚན་རིག་གླིང་སྲོག་ཆགས་ཞིབ་འཇུག་ཁང་གི་ཏང་ཨུ་དང་། ཧིན་ཡོན་ཞང་ཚོགས་པའི་ཏང་ཨུ་དང་འབྲེལ་བར་ཤུགས་བསྣན་ཏེ་ད་ལོའི་ཟླ་དགུ་བའི་སྨད་དུ། ཅུའུ་ཡི་ཐད་གཏོགས་ལས་ཁུངས་ཀྱི་ཏང་ཨུས་སྔ་ཕྱིར་ཀྲུང་གོའི་ཚན་རིག་གླིང་སྲོག་ཆགས་ཞིབ་འཇུག་ཁང་ཏང་ཨུ་དང་ཧིན་ཡོན་ཞང་ཚོགས་པའི་ཏང་ཨུ་ལ་ཏང་གིས་འཛུགས་སྐྲུན་དང་མཉམ་ལས་གྲོས་ཆོད་བཞག་སྟེ་ལེགས་ཆ་ཁ་གསབ་དང་ནུས་ཁུངས་མཉམ་སྤྱོད། མཉམ་དུ་ཏང་གིས་འཛུགས་སྐྲུན་གྱི་བྱ་བ་ཇེ་རྒྱས་ཇེ་ལེགས་སུ་བཏང་། བདུན་ནི་ཏང་གིས་འཛུགས་སྐྲུན་གྱིས་སྡེབ་འཛུགས་ནང་འདྲེན་བྱས། ཏང་གིས་འཛུགས་སྐྲུན་ལ་ཞབས་ཞུ་སྒྲུབ་པ་དང་མང་ཚོགས་ལ་ཞབས་ཞུ་སྒྲུབ་པའི་འདུ་ཤེས་གཙོར་བཟུང་སྟེ་ཏང་གིས་འཛུགས་སྐྲུན་གྱིས་སྡེབ་འཛུགས་ནང་འདྲེན་བྱས་པ་དང་སྡེབ་འཛུགས་ཀྱིས་ཏང་འཛུགས་ལ་ཞབས་ཞུ་བསྒྲུབ་པ་དམིགས་འབེན་བྱས་ཏེ། སྡེབ་འཛུགས་ཀྱི་འཛུགས་སྐྲུན་ལ་ཤུགས་བསྣན་ནས། འགོ་ཁྲིད་ཚན་ཆུང་དང་རུ་དཔུང་། སྣང་བརྙན་དང་བྱ་འགུལ་དུས་མཉམ་དུ་འཕེལ་བའི"དུས་མཉམ་བཞི"གནད་དུ་བཟུང་སྟེ་སྡེབ་འཛུགས་ཀྱི་འགོ་ཁྲིད་ནུས་པ་ཡར་རྒྱས་དང་། ལས་བྱེད་ལས་མིའི་ནུས་པའི་བྱང་ཚད་གོང་འཕེལ་བཏང་ནས། ཏང་གིས་འཛུགས་སྐྲུན་དང་སྡེབ་འཛུགས་བྱ་བ་སྤྱི་ཡོངས་ནས་སྐུལ་འདེད་དང་འཕེལ་རྒྱས་སྔ་ན་མེད་པ་ཞིག་འབྱུང་བར་རྣམ་པ་ལེགས་པོ་ཞིག་བསྐྲུན།

གསུམ། ཏང་འཛུགས་གཙོ་བོར་འཛིན་པ་དང་འབྲེལ་ཏེ་ཏང་འཛུགས་ཀྱིས་ལས་སྒོའི་བྱ་བའི་ཕན་ཕྱོད་མངོན་གསལ་གྱིས་མཐོར་འདེགས་བཏང་།

        གཙང་གསུམ་འབྱུང་ཡུལ་གྱི་རྒྱལ་ཁབ་སྤྱི་གླིང་ལམ་ལུགས་ཀྱི་ཚོད་ལྟ་ཁུལ་ནི་བློ་མཐུན་ཞི་ཅིན་ཕེན་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཀྲུང་ཧྭ་མི་རིགས་རྒྱུན་མཐུད་འཕེལ་རྒྱས་འགྲོ་བའི་མཐོ་ཚད་ནས་འགྲེང་སྟེ་ཐག་བཅད་པའི་འཐབ་ཇུས་ཤིག་ཡིན་ལ། སྐྱེ་ཁམས་དཔལ་ཡོན་གྱི་མ་ལག་འཐུས་སྒོ་ཚང་བ་ཞིག་འཛུགས་སྐྲུན་བྱེད་པའི་ནང་ཁུལ་གྱི་བླང་བྱའང་ཡིན། ཏང་འཛུགས་བྱེད་པའི་སྣེ་ཁྲིད་འོག ཏང་ཀྲུང་དབྱང་གི་བཀོད་སྒྲིག་དང་ཞིང་ཆེན་ཨུ་ལྷན་ཞིང་ཆེན་སྲིད་གཞུང་གི་བླང་བྱ་ལྟར་དུ། ཅུའུ་ཏང་ཨུ་ཡིས་རྒྱལ་ཡོངས་ཀྱི་ཇུས་ཆེན་སྟེང་གཞི་བཙུགས་ཏེ་བློ་སྤོབས་ཆེན་པོས་ཚོད་ལྟ་བྱེད་པ་དང་གསར་འབྱེད་བྱེད་པ། རང་ཚུགས་སྒོས་བཅོས་སྒྱུར་དང་། གསར་འབྱེད་ལམ་ལུགས་ཀྱི་སྒྲིག་གཞི་ཤུགས་ཆེན་པོས་འཛུགས་པ་དང་། སྲིད་ཇུས་ལམ་ལུགས་ཀྱི་མ་ལག་འཐུས་ཚང་དུ་གཏོང་བ་དང་། སྐྱེ་ཁམས་དཔལ་ཡོན་སྲུང་སྐྱོབ་བྱེད་པ་དང་། དམངས་འཚོའི་ལས་དོན་ལེགས་བཅོས་ཁག་ཐེག་བཅས་བྱས་ནས། ཁྱབ་ཁོངས་གལ་ཆེན་ཁག་དང་གནད་འགག་གི་ལྷུ་མཚམས་ཁག་ཏུ་གྲུབ་འབྲས་གསར་བ་བླངས་ཏེ་ཁྱད་ཆོས་དང་རྣམ་པ་གསར་བ་མངོན་དགོས།  གཅིག་ནི་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་གཞིའི་འཚོལ་སྙེག་གི་ལམ་བུ་ཞིག་བརྟོལ་དགོས་པ་སྟེ། བློ་མཐུན་ཞི་ཅིན་ཕེན་གྱི"དྭངས་གསལ་གཙང་བོ་ཤར་དུ་བསྐྱོད"ཅེས་པའི་གལ་ཆེའི་བླང་བྱ་ལྟེ་བར་བཟུང་ནས། ཏང་ཀྲུང་དབྱང་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ཞིང་ཆེན་ཨུ་ལྷན་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་ལྟར་དུ། ཁྲིམས་ལྟར་སྤྱི་གླིང་འཛུགས་པ་དང་ལྗང་མདོག་སྤྱི་གླིང་འཛུགས་པ། དམངས་ཡོངས་ཀྱི་སྤྱི་གླིང་འཛུགས་པ། བློ་གྲོས་སྤྱི་གླིང་འཛུགས་པ། འཆམ་མཐུན་སྤྱི་གླིང་འཛུགས་པ། ཚན་རིག་སྤྱི་གླིང་འཛུགས་པ། སྒོ་འབྱེད་སྤྱི་གླིང་འཛུགས་པ། རིག་གནས་སྤྱི་གླིང་འཛུགས་པ། སྤུས་ལྡན་སྤྱི་གླིང་འཛུགས་པ་སོགས་སྤྱི་གླིང་འཛུགས་པའི་འདུ་ཤེས་དགུ་རྒྱུན་འཁྱོངས་བྱས་ནས། རིམ་གྱིས་གཙང་གསུམ་འབྱུང་ཡུལ་གྱི་རྒྱལ་ཁབ་སྤྱི་གླིང་གི་འཆར་འགོད་མ་ལག་དང་སྲིད་ཇུས་མ་ལག ལམ་ལུགས་མ་ལག ཚད་གཞིའི་མ་ལག སྐྱེ་ཁམས་སྲུང་སྐྱོབ་ཀྱི་མ་ལག སྒྲིག་གཞིའི་འཁོར་སྐྱོད་ཀྱི་མ་ལག མི་ཤུགས་ཐོན་ཁུངས་ཀྱི་མ་ལག སྣ་མང་གཏོང་འཇོག་གི་མ་ལག ཚན་རྩལ་འདེགས་སྐྱོར་གྱི་མ་ལག ཚད་འཇལ་དཔྱད་འཇོག་རྒྱུགས་ལེན་གྱི་མ་ལག རྣམ་གྲངས་ཀྱི་མ་ལག དྲིལ་སྒྲོག་སློབ་གསོའི་མ་ལག་སོགས་མ་ལག་བཅུ་གཉིས་གྲུབ་པར་བྱས་ཏེ། གཙང་གསུམ་འབྱུང་ཡུལ་གྱི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་གཞིའི་ཚོད་ལྟ་ཁུལ་ལ་ཚད་མཐོའི་གདེང་ཐོབ་དང་ཚད་མཐོའི་གཅིག་གྱུར་འཆར་འགོད། ཚད་མཐོའི་ཚད་གཞི། ཚད་མཐོའི་ཕན་ཕྱོད་དོན་འཁྱོལ་བྱས་ནས་སྔོན་གྱི"འབྲུག་དགུས་ཆུ་བཅོས"ཀྱི་རྣམ་པ་བསྒྱུར་ཏེ། ཁྲིམས་འཛིན་ལྟ་སྐུལ་གྱི་ཧྲུག་ཧྲོབ་ཅན་གྱི་གནད་དོན་རྩ་བ་ནས་ཐག་བཅད་ཅིང་། རང་བྱུང་ཐོན་ཁུངས་ཀྱི་སྤྱི་དབང་དང་སྲིད་འཛིན་དོ་དམ་གྱི་དབང་ཆ་གཉིས་ཀྱི་འབྲེལ་བ་འཆམ་མཐུན་གོང་འཕེལ་བཏང་།2017ལོའི་ཟླ6པར།《གཙང་གསུམ་འབྱུང་ཡུལ་གྱི་རྒྱལ་ཁབ་སྤྱི་གླིང་གི་སྲོལ་ཡིག(ཚོད་ལྟ།)》དེ་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་སུ་གྲོས་བཤེར་ཆོག་མཆན་ཐོབ་པ་དེས། གཙང་གསུམ་འབྱུང་ཡུལ་གྱི་རྒྱལ་ཁབ་སྤྱི་གླིང་གི་འཛུགས་སྐྲུན་དེ་ཁྲིམས་ལྟར་སྤྱི་གླིང་འཛུགས་པའི་ལམ་ཁར་དངོས་སུ་ཞུགས་པ་མཚོན། 2018ལོའི་ཟླ7པར། གཙང་གསུམ་རྒྱལ་ཁབ་སྤྱི་གླིང་དངོས་སུ་ཀྲུང་གོའི"མི་དང་སྐྱེ་དངོས་ཚོམས་ཀྱི་འཆར་གཞི"ནང་ཞུགས་སྟེ། རང་རྒྱལ་གྱི་ཁོངས་ཞུགས་ལས་ཁུངས་ཨང175པར་གྱུར་ནས། ཀྲུང་གོའི"མི་དང་སྐྱེ་དངོས་ཚོམས་ཀྱི་འཆར་གཞིའི"རྒྱལ་ཁབ་ཨུ་ཡོན་ལྷན་ཚོགས་ཀྱི་དྲ་བའི་ཁྲོད་དུ་མཚོ་སྔོན་མེད་པའི་སྟོང་ཆ་གསབ་པ་རེད། ལོ་ངོ་གཉིས་རིང་དུ། རྨང་གཞི་བསྐྲུན་པ་དང་ཁྱད་ཆོས་བཏོན་པ་དང་། ཕན་ནུས་མངོན་པའི་ལས་སྒོ་མང་པོ་ཞིག་སྤེལ་བས་གཙང་གསུམ་འབྱུང་ཡུལ་གྱི་རྒྱལ་ཁབ་སྤྱི་གླིང་དེ་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་སྤྱི་གླིང་སྒྲིག་གཞིའི་འཚོལ་སྙེག་གི་ལམ་བུ་ཞིག་བརྟོལ་བ་རེད། གཉིས་ནི་རྒྱལ་ཁབ་སྤྱི་གླིང་གི་འཆར་འགོད་ལ་མཉམ་མྱོང་བསགས་ཤིང་མིག་དཔེ་བསྟན་པ་སྟེ། རྒྱལ་ཡོངས་ཀྱི་མཐོ་རིམ་ཆེད་མཁས་མི་སྣ་སུམ་ཅུ་ལྷག་ཡུལ་དངོས་རྟོག་ཞིབ་ཏུ་ཕེབས་པའི་རྨང་གཞིའི་སྟེང་། 《གཙང་གསུམ་འབྱུང་ཡུལ་གྱི་རྒྱལ་ཁབ་སྤྱི་གླིང་གི་སྤྱིའི་འཆར་འགོད》ཅེས་པ་སྒྲིག་སྤེལ་བྱས་ནས། རྒྱལ་ཁབ་སྤྱི་གླིང་གཞན་དག་གི་འཆར་འགོད་ལ་མཉམ་མྱོང་བསགས་ཤིང་མིག་དཔེ་བཞག གསུམ་ནི་སྐྱེ་ཁམས་དོ་དམ་སྲུང་སྐྱོབ་ཀྱི་སྤྱི་ཕན་ལས་གནས་སྒྲིག་གཞིའི་གསར་འཛུགས་བྱས་པ་སྟེ། སྐྱེ་ཁམས་དོ་དམ་སྲུང་སྐྱོབ་ཀྱི་ལས་གནས་བསྐོ་བཞག་དོན་འཁྱོལ་གྱི་འཆར་ཟིན་གཏན་འཁེལ་བྱས་ནས། སྤྱི་གླིང་ནང་ཁུལ་དུ"ལས་གཅིག་གནས་གཅིག"ཁྱོན་ཡོངས་ནས་མངོན་འགྱུར་བྱུང་སྟེ། བསྡོམས་པས་སྐྱེ་ཁམས་དོ་དམ་སྲུང་སྐྱོབ་མི་སྣ17211ལག་རྟགས་བཟུང་ནས་ལས་གནས་སུ་ཞུགས། བཞི་ནི་ཨ་ཆེན་གངས་རྒྱབ་འཛམ་གླིང་རང་བྱུང་ཤུལ་བཞག་ས་ཁུལ་གྱི་རྟགས་བྱང་གསར་འཛུགས་བྱས་པ་སྟེ། རྒྱལ་ཁབ་སྤྱི་གླིང་གི་སྤུས་ཚད་མཐོར་འདེགས་གཏོང་ཕྱིར། ཨ་ཆེན་གངས་རྒྱབ་ཀྱི་དོ་དམ་ཁུལ་བཙུགས་ནས་རང་བྱུང་ཐོན་ཁུངས་ལ་གཅིག་གྱུར་འཆར་འགོད་བྱས་ཏེ། ཨ་ཆེན་གངས་རྒྱབ་འཛམ་གླིང་ཤུལ་བཞག་རིག་གནས་ས་ཁུལ་ཀྱི་སྲུང་སྐྱོབ་སྐོར་ཞིབ་དང་། ལམ་ལུགས་འཐུས་ཚང་དང་། སྲུང་སྐྱོབ་ས་ཁུལ་འཛུགས་སྐྲུན་དང་། སྲུང་སྐྱོབ་རུ་དཔུང་སྟོབས་ལྡན་དང་། སྡེ་ཁུལ་མཉམ་འཛུགས་མཉམ་གཉེར་སོགས་ཀྱི་བྱ་བ་གཏིང་ཟབ་སྒོས་སྤེལ། 2017ལོའི་ཟླ7པའི་ཚེས7ཉིན། པོ་ལཱན་ཁི་ལན་ཁི་ཧྥུ་རུ་བསྡུས་པའི་འཛམ་གླིང་ཤུལ་བཞག་ཨུ་ཡོན་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས41པའི་སྟེང་། ཨ་ཆེན་གངས་རྒྱབ་འཛམ་གླིང་ཤུལ་བཞག་རིག་གནས་སུ་རེ་ཞུ་ལེགས་འགྲུབ་བྱུང་ནས། རང་རྒྱལ་གྱི་རྒྱ་ཁྱོན་ཆེས་ཆེ་ཞིང་མཚོ་འཕགས་ཆེས་མཐོ་བའི་འཛམ་གླིང་རང་བྱུང་ཤུལ་བཞག་རིག་གནས་ས་ཁུལ་དུ་གྱུར་བ་ནི། གཙང་གསུམ་འབྱུང་ཡུལ་གྱི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་པའི་གྲུབ་འབྲས་གལ་ཆེན་ཞིག་ཡིན། ལྔ་ནི་ཏན་ཏིག་གིས"ལྗང་མདོག་སྲུང་སྐྱོབ2018"ཆེད་དམིགས་ལས་འགུལ་སྤེལ། གཙང་གསུམ་འབྱུང་ཡུལ་གྱི་རྒྱལ་ཁབ་སྤྱི་གླིང་དང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ། འཛམ་གླིང་རང་བྱུང་ཤུལ་བཞག་ས་ཁུལ་གྱི་ཁྲིམས་འགལ་ལུགས་འགལ་གྱི་བྱ་སྤྱོད་སོ་སོར་རྡུང་རྡེག་ནན་པོ་གཏོང་ཆེད་ནན་ཏན་གྱིས་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་ལྟ་སྐུལ་དོ་དམ་གལ་ཆེ་བའི་ཆབ་སྲིད་ལས་འགན་དུ་བཟུང་སྟེ་ཕྲག་ཏུ་བླངས་ཤིང་རྒྱལ་ཁབ་སྐྱེ་ཁམས་བདེ་འཇགས་ཀྱི་བཀག་དངོས་སྲ་བརྟན་གྱིས་བསྐྲུན་པར།"ལྗང་མདོག་སྲུང་སྐྱོབ2018"རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་ལྟ་སྐུལ་ཞིབ་བཤེར་ཆེད་དམིགས་ལས་འགུལ་ཏན་ཏིག་གིས་སྤེལ་ཏེ། ལས་འགན་དོན་ཐོག་ཏུ་འཁྱོལ་ཚད་ཤུགས་ཆེ་རུ་བཏང་སྟེ་ཕན་ནུས་ཡུན་རིང་ལྡན་པའི་ལམ་སྲོལ་གྲུབ།

བཞི། སེམས་ཤུགས་གཅིག་ཏུ་སྒྲིལ་ནས་གསལ་ཆ་བཏོན་པ་དང་དཔའ་ངར་ཆེར་བསྐྱེད་ཀྱིས་བསམ་པའི་རྣམ་པ་ལེགས་པར་མཚམས་མེད་དུ་གྲུབ།

  ཅུས་ཏང་ཨུའི་བླང་བྱ་དང་བཀོད་སྒྲིག་ལྟར་ཅུའུ་མ་ལག་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་དངོས་དོན་གཉེར་བ་དང་དཀའ་བ་སྤྱོད་པ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ལས་རྐང་བརྟན་སྲུང་དང་ཕངས་མེད་དུ་སྦྱིན་ནས། བསམ་པའི་དཔལ་ཡོན་དང་མི་རིགས་མཐུན་སྒྲིལ། ལས་ཁུངས་ཕན་ནུས། རྒྱལ་ཡོངས་དཔལ་ཡོན་གྲོང་ཁྱེར་འཛུགས་སྐྲུན་ལ་སོགས་པའི་ཁག་སོ་སོའི་ཁྲོད་དུ་གཡུར་དུ་ཟ་བའི་གྲུབ་འབྲས་ཤིག་ཐོབ་སྟེ། རྒྱལ་ཁབ་སྤྱི་གླིང་གི་རྒྱ་ཆེའི་ལས་བྱེད་པ་རྣམས་མི་སེམས་གཅིག་ཏུ་བསྒྲིལ་ནས། སྤྱོད་ཚུལ་བཟང་ཞིང་རྩོལ་ཤུགས་རབ་ཏུ་རྒྱས་པའི་མཁའ་དབུགས་ལེགས་པོར་གྲུབ། ཏང་འཛུགས་ལས་དོན་ལ་ཐེངས་མང་པོར་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་། ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་རྩ་འཛུགས་པུའུ་དང་ཞིང་ཆེན་རིམ་པའི་ཐད་གཏོགས་ལས་ཁུངས་ཀྱི་ལས་དོན་ཨུ་ཡོན་ལྷན་ཁང་གི་གདེང་འཇོག་ཆེན་པོ་ཐོབ་འདུག དཔེར་ན། "རྒྱལ་ཡོངས་ལྔ་གཅིག་ངལ་རྩོལ་དུས་ཆེན་གྱི་གཟེངས་རྟགས"ཐོབ་མཁན་དཀའ་ཐུབ་དང"ཀྲུང་ཧྭའི་སྐྱེ་ཁམས་དཔའ་བོ"སྤུན་དྲུག། རྒྱལ་ཡོངས་ཀུན་སྤྱོད་དཔེ་བཟང་གི་མིང་འདོན་བྱ་དགའ་ཐོབ་པ་པོ་ཀྲའོ་ཞིན་ལུའུ། ཞིང་ཆེན་ཡོངས་ཀྱི་ཕུལ་དུ་བྱུང་བའི་གུང་ཁྲན་ཏང་ཡོན་ལུའོ་ཡན་ཧའེ། ཞིང་ཆེན་ཡོངས་ཀྱི"གསུམ་བརྒྱད"དར་དམར་བ་པ་སངས་ལྷ་མོ་ལ་སོགས་པ་སྔོན་ཐོན་མིག་དཔེ་མི་སྣ་ཁག་ཅིག་བྱུང་ཡོད།

  "རྩེ་མོ་རབ་ཏུ་སྨིན་པ་ལ། ། ངེས་པར་རྩ་བ་ཚུགས་པ་དགོས། ། ཆུ་བོ་རྒྱུན་ཐག་རིང་བ་ལ། ། ངེས་པར་ཆུ་མགོ་རྒྱས་པ་དགོས།།" ལོ་ངོ་གཉིས་ཀྱི་རིང་དུ་ཅུའུ་ཏང་ཨུ་ཡིས་གཞི་ཚུགས་པ་དང་གྲུབ་འབྲས་སྨིན་པ། གསལ་ཆ་འདོན་པའི་གསར་སྐྲུན་བྱ་ཐབས་རབས་དང་རིམ་པ་བརྒྱུད་ནས་རྒྱལ་ཁབ་སྤྱི་གླིང་གི་འཛུགས་སྐྲུན་འཕེལ་རྒྱས་ཡར་སྐུལ་གཏོང་བ་མགོ་འཛུགས་ས་དང་རྐང་འཛུགས་སར་བཟུང་སྟེ། འབད་འབུངས་རྩོལ་ལེན་དང་གསར་འབྱེད་མདུན་སྐྱོད། ཁྱོན་ཡོངས་ནས་ནང་གི་བྱང་ཚད་གང་ལེགས་དང་ཕྱིའི་གཟུགས་བརྙན་འཛུགས་པ། སྤྱི་གླིང་གཟི་བརྗིད་དུ་འཛིན་པ། ལས་གནས་ལ་དགའ་བ་དང་འབད་བརྩོན་བྱེད་པ། མཐུན་སྒྲིལ་མཉམ་ལས། ཕངས་མེད་དུ་སྦྱིན་པའི་གོམས་སྲོལ་ལེགས་པོ་གྱུར་ཡོད། ཕྱིས་སུ་ང་ཚོས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་གཅིག་གྱུར་གྱི་བཀོད་སྒྲིག་དང་བླང་བྱ་ལྟར་གཏིང་ཟབ་པའི་ངང་ཞི་ཅིན་ཕེན་གྱི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དོན་འཁྱོལ་མཐར་ཕྱིན་བྱས་ཏེ།  "ཏན་ཏན་ཏིག་ཏིག་སྒོས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་སྐུལ་འདེད"གཏོང་བ་དམ་དུ་འབྲེལ་ཏེ་ཏང་འཛུགས་འཛིན་པ་དང་། "ལེགས་གཅིག་མཐོ་གཉིས"ཀྱི་གལ་ཆེའི་ཐབས་ཇུས་བཀོད་སྒྲིག་དང་འབྲེལ་ཏེ་ཏང་འཛུགས་འཛིན་པ། གཙང་གསུམ་འབྱུང་ཡུལ་གྱི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་ཁུལ་དང་འབྲེལ་ཏེ་ཏང་འཛུགས་འཛིན་པ་བཅས་ཀྱིས་འགྲུལ་བཞུད་གསར་བ་ཡང་བསྐྱར་རྩོམ་པ་དང་བྱས་རྗེས་གསར་བ་ཡང་བསྐྱར་བཞག་གོ། །

རྩོམ་པ་པོ་ནི་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་ཡི་ཏང་ཨུའི་ཧྲུའུ་ཅི་དང་ཅུའུ་ཀྲང་ཡིན།)

            བསམ་གྲུབ་ཀྱིས་བསྒྱུར། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1