“དགུན་དུས་བོད་དུ་ཡུལ་སྐོར་བྱེད་པ”ཞེས་པའི་སྲིད་ཇུས་ཀྱིས་བོད་ཀྱི་ལོ་གང་བོའི་ཡུལ་སྐོར་བ་སྣེ་ལེན་ཞུ་ཚད་མི་ཐེངས་ཁྲི་3000བརྒལ་བཅུག་ཡོད།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 01-14


ཡུལ་སྐོར་བ་ཞིག་གིས་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་པར་ལེན་བཞིན་པ།
     ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་1ཚེས་10ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པས་ཚེས་10ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གཉིས་པའི་ཐོག་ནས་ཤེས་རྟོགས་བྱུང་བར་གཞིགས་ན། 2018ལོར། བོད་ཀྱི་ལོ་ཧྲིལ་པོར་ཡུལ་སྐོར་བ་སྣེ་ལེན་ཞུ་ཚད་མི་ཐེངས་ཁྲི་3000ལས་ཐོག་མར་བརྒལ་ཏེ་མི་ཐེངས་ཁྲི་3368.7ལ་སླེབས་པ་དང་། ལོ་གོང་མའི་དུས་མཉམ་དང་བསྡུར་ན་31.5%འཕར་ཡོད་པ་དང་། 2013ལོའི་རྗེས་སུ་འཕར་ཤུགས་ཆེ་ཤོས་ཀྱི་ལོ་རུ་གྱུར་ཡོད། “དགུན་དུས་བོད་དུ་ཡུལ་སྐོར་བྱེད་པ”ཞེས་པའི་སྲིད་ཇུས་ཀྱིས་བོད་ཀྱི་ཡུལ་སྐོར་ལས་རིགས་འདི་འཕེལ་རྒྱས་ཀྱི་མྱུར་ལམ་ལ་བཅུག་ཡོད།
     བོད་ལ་ཐུན་མོང་མ་ཡིན་པའི་རང་བྱུང་གི་མཛེས་ལྗོངས་དང་རིག་གནས་མོད་པོ་ཡོད་ཀྱང་། གནམ་གཤིས་སོགས་རང་བྱུང་ཆ་རྐྱེན་གྱི་ཚོད་འཛིན་ཐེབས་པས། དགུན་ཁ་སླེབས་རྗེས་ཡུལ་སྐོར་བ་ཉུང་བའི་དུས་སྐབས་སུ་གྱུར་ཏེ། འཕེལ་རྒྱས་ཐད་ཀྱི་“ལོ་ཕྱེད་ཀྱི་དཔལ་འབྱོར”གྱི་དཀའ་གནད་ལ་ཐུག་པ་རེད།
“སའི་གོ་ལའི་སྣེ་གསུམ་པའི”སྤུས་རྟགས་ཡག་པོ་འདོན་ཆེད་དང་། ཡུལ་སྐོར་ལས་རིགས་ལོ་ཧྲིལ་པོར་དོ་སྙོམས་ངང་འཕེལ་རྒྱས་བྱུང་བར་སྐུལ་འདེད་གཏོང་ཆེད། བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིང་གིས་2018ལོའི་ཟླ་2དང་ཟླ་11པར་སོ་སོར་“དགུན་དུས་བོད་དུ་ཡུལ་སྐོར་བྱེད་པའི་” བྱེད་སྒོ་རིམ་ཐེངས་གཉིས་ལ་སྤེལ་ཡོད་པ་དང་། དེའི་རིང་ལ། Aརིམ་པའི་མཛེས་ལྗོངས་ཁུལ་ཁ་ཤས་རིན་མེད་ཀྱིས་ལྟ་སྐོར་བྱེད་ཆོག་ལ། མགྲོན་ཁང་དང་རླངས་འཁོར། མཁའ་འགྲུལ་སོགས་ཀྱི་འགྲོ་གྲོན་ལ་གཟིགས་སྐྱོང་སྲིད་ཇུས་ལག་བསྟར་བྱས་འདུག  ཡུལ་སྐོར་སྡེ་ཁག་གིས་ད་དུང་དྲ་ཐོག་གི་ལས་སྟེགས་སྣ་མང་དང་མཉམ་ལས་ཀྱིས་འོས་སྦྱོར་བྱས་ནས།“དགུན་དུས་བོད་དུ་ཡུལ་སྐོར་བྱེད་པའི་”སྐད་གྲགས་ཆོད་དུ་བཅུག་ཡོད།
     “ཡུལ་སྐོར་བ་མང་བའི་དུས་ཀྱི་མགྲོན་ཁང་ཕལ་བའི་འགྲོ་གྲོན་གྱིས་དགུན་ཁར་སྐར་ལྔའི་རིམ་པའི་མགྲོན་ཁང་ནང་སྡོད་ཆོག་གི་འདུག” ཧྲང་ཧའེ་ནས་ཡོང་བའི་ལུའུ་ལགས་ཀྱིས་ན་ནིང་ཟླ་བ་བཅུ་གཉིས་པར་ཡུལ་སྐོར་དྲ་ཚིགས་ཐོག་ནས་“དགུན་དུས་བོད་དུ་ཡུལ་སྐོར་བྱེད་པའི་” སྲིད་ཇུས་ཤེས་རྟོགས་བྱུང་རྗེས། རང་གི་ལོ་འཁོར་གུང་གསེང་སྐབས་ཀྱི་དམིགས་ཡུལ་བོད་ལྗོངས་ལ་གཏན་འཁེལ་བྱས་པ་རེད། ཁོ་མོས་“དགུན་དུས་ཀྱི་བོད་ལྗོངས་ཀྱི་ཡུལ་ལྗོངས་ནི་དེ་འདྲའི་མཛེས་སྡུག་ལྡན་ལ། ལྷ་ས་གྲོང་ཁྱེར་རང་ནས་གངས་རིའི་ཉེ་སར་བཅར་ཐུབ་པས། ཧ་ཅང་བརྗེད་དཀའ་འོ་”ཟེར།
     ཤེས་རྟོགས་བྱུང་བར་གཞིགས་ན། རེས་སྐོར་དང་པོའི་“ དགུན་དུས་བོད་དུ་ཡུལ་སྐོར་བྱེད་པའི” བྱེད་སྒོ་སྤེལ་འགོ་བརྩམས་རྗེས། བོད་ཀྱིས་2018ལོའི་ཟླ་དང་པོ་ནས་བཞི་པའི་བར་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་སྣེ་ལེན་ཞུ་ཚད་མི་ཐེངས་ཁྲི་260ལས་བརྒལ་ལ། ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་35ལས་བརྒལ་བ་དང་། ལོ་གོང་མའི་དུས་མཉམ་དང་བསྡུར་ན་བརྒྱ་ཆའི་དྲུག་ཅུ་འཕར་ཡོད། རེས་སྐོར་གཉིས་པ་འགོ་བཙུགས་པའི་ཚུན། 2018ལོའི་ཟླ་བ་བཅུ་གཅིག་ཁོ་ན་ལ་ལྗོངས་ཡོངས་ཀྱི་ཡུལ་སྐོར་བ་སྣེ་ལེན་ཞུ་ཚད་ཀྱི་མི་ཐེངས་འཕར་ཚད་100%ལས་བརྒལ་ཞིང་། ཡུལ་སྐོར་ལས་དོན་ཁང་གིས་ཡུལ་སྐོར་བ་སྣེ་ལེན་ཞུ་ཚད་ཀྱི་མི་ཐེངས་ཀྱི་ཚད་ན་ནིང་གི་དུས་མཚུངས་ཀྱི་ལྡབ་4ལྷག་ཙམ་ཡིན་པ་རེད། བསྡོམས་རྩིས་ལས་མངོན་པར་གཞིགས་ན། བོད་ལྗོངས་ཀྱི་ན་ནིང་ལོ་ཧྲིལ་པོའི་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་490ཟིན་པ་རེད།

     བོད་རང་སྐྱོང་ལྗོངས་ཀྱི་ཡུལ་སྐོར་འཕེལ་རྒྱས་ཐིང་གི་འབྲེལ་ཡོད་འགན་འཁུར་བས། ཕྱིས་སུ་བོད་ལྗོངས་ཀྱིས་དགུན་དུས་ཡུལ་སྐོར་གྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་བསྒྱུར་བཅོས་ལ་མུ་མཐུད་དུ་སྐུལ་སྤེལ་བྱ་རྒྱུ་ཡིན་ལ། དགུན་དུས་ཀྱི་ཁྱད་ཆོས་ལྡན་པའི་ཆུ་ཚན་ཡུལ་སྐོར་དང་། སྐྱེ་ཁམས་ཡུལ་སྐོར། གྲོང་གསེབ་ཀྱི་ཡུལ་སྐོར། ཁམས་གསོ་བའི་ཡུལ་སྐོར་སོགས་ཀྱི་རྣམ་གྲངས་གསར་སྤེལ་བྱ་རྒྱུ་ཡིན་པ་དང་། དེ་དང་ཆབས་གཅིག་ཏུ། བོད་མི་རིགས་ཀྱི་དུས་ཆེན་དགུན་དུས་མང་དུ་འདུས་པའི་དགེ་མཚན་འདོན་སྤེལ་བྱས་ནས། རིག་གནས་ཀྱི་ཐོན་ཁུངས་སྔར་ལས་མང་པོ་ཡུལ་སྐོར་ཐོན་རྫས་སུ་བསྒྱུར་བར་སྐུལ་འདེད་བཏང་སྟེ། ཡུལ་སྐོར་ཞབས་ཞུའི་ནུས་པ་རྒྱུན་མི་ཆད་པར་མཐོ་རུ་གཏོང་རྒྱུ་ཡིན་ཞེས་བསྟན།



ཡུལ་སྐོར་བས་ཇོ་རིའི་འདབས་སུ་དྲན་རྟེན་གྱི་པར་རྒྱག་བཞིན་པ།

འདི་ནི་ཟླ་1ཚེས་3ཉིན། ཡངས་པ་ཅན་ཆུ་ཚན་དུ་པར་བླངས་པའི་ཀོ་གྲུའི་འཁྲབ་སྟོན་རེད།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1