ཟླ་དང་པོའི་ཚེས་བཅོ་ལྔ་དང་ཚེས་བཅུ་དྲུག་ཉིན་གཉིས་ལ། ཀྲུང་དབྱང་སྲིད་ཁྲིམས་བྱ་བའི་གྲོས་ཚོགས་པེ་ཅིན་ནས་ཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གྲོས་ཚོགས་ལ་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་།
ཟླ་དང་པོའི་ཚེས་བཅོ་ལྔ་དང་ཚེས་བཅུ་དྲུག་ཉིན་གཉིས་ལ། ཀྲུང་དབྱང་སྲིད་ཁྲིམས་བྱ་བའི་གྲོས་ཚོགས་པེ་ཅིན་ནས་ཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གྲོས་ཚོགས་ལ་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་། ཁོང་གིས་བསྟན་དོན། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཏང་གིས་སྲིད་ཁྲིམས་བྱ་བར་མཐའ་གཅིག་ཏུ་འགོ་ཁྲིད་པ་རྒྱུན་འཁྱོངས་བྱེད་དགོས་ལ། མི་དམངས་དཀྱིལ་སྙིང་དུ་འཛིན་པའི་འཕེལ་རྒྱས་བསམ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་ལ་མྱུར་དུ་སྐུལ་འདེད་གཏོང་བ་དང་སྲིད་ཁྲིམས་ཁྱབ་ཁོངས་ཀྱི་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་ལ་མྱུར་དུ་སྐུལ་འདེད་གཏོང་བ། སྲིད་ཁྲིམས་དཔུང་སྡེ་གསར་བརྗེ་ཅན་དང་ཚད་ལྡན་ཅན། ཆེད་ལས་ཅན། ལས་རིགས་ཅན་གྱི་འཛུགས་སྐྲུན་ལ་མྱུར་དུ་སྐུལ་འདེད་གཏོང་དགོས་པར་མ་ཟད། ལྷག་བསམ་རྣམ་དག་སྒོས་འགན་འཁྲི་ལག་བསྟར་བྱེད་པ་དང་སྤོབས་པ་ཆེན་པོས་ཁག་ཁུར་བྱེད་དགོས་ལ། བཅོས་སྒྱུར་གསར་སྐྲུན་བྱེད་པ་དང་། རྒྱལ་ཁབ་ཀྱི་ཆབ་སྲིད་བདེ་འཇགས་སྲུང་སྐྱོབ་དང་སྤྱི་ཚོགས་ཀྱི་ཁྱོན་ཡོངས་བརྟན་འཇགས་འགན་སྲུང་བྱེད་པ། སྤྱི་ཚོགས་འདྲ་མཉམ་དྲང་བདེན་ཡོང་བར་སྐུལ་འདེད་གཏོང་བ། མི་དམངས་ཀྱི་བདེ་སྡོད་ལས་བརྩོན་ཁག་ཐེག་བྱེད་པའི་འགན་འཁྲི་དང་ལས་འགན་ལག་བསྟར་བཟང་བོ་བྱས་ནས། སྲིད་ཁྲིམས་ལས་དོན་སྔར་ལས་གོང་འཕེལ་དུ་གཏོང་དགོས་ཟེར།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཝང་ཧུའུ་ཉིང་དང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་རྣམ་གཉིས་གྲོས་ཚོགས་ལ་ཞུགས།
ཞི་ཅིན་ཕིང་གིས་གསུང་བཤད་གནང་སྐབས་ནན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། ཏང་ཀྲུང་དབྱང་གིས་སྲིད་ཁྲིམས་བྱ་བ་དེ་སྔར་ལས་གོ་གནས་གལ་ཆེན་དུ་བཞག་སྟེ་ཐབས་ཇུས་གལ་ཆེན་རབ་དང་རིམ་པ་བཏོན་པ་དང་བྱེད་ཐབས་གལ་ཆེན་རབ་དང་རིམ་པ་ལག་བསྟར་བྱས་ཏེ། ཆབ་སྲིད་བདེ་འཇགས་དང་སྤྱི་ཚོགས་བརྟན་འཇགས། མི་དམངས་བདེ་སྡོད་བཅས་སྲུང་སྐྱོབ་བྱས་པ་དང་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་སྒོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་། དེ་ནི་ཏང་ཀྲུང་དབྱང་གིས་འགོ་ཁྲིད་བྱས་པའི་མཇུག་འབྲས་ཡིན་པ་དང་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་མཉམ་དུ་འབད་འཐབ་བྱས་པའི་མཇུག་འབྲས་ཡིན་པར་མ་ཟད་རྒྱལ་ཡོངས་ཀྱི་སྲིད་ཁྲིམས་འཐབ་ཕྱོགས་དང་རྒྱ་ཆེའི་སྲིད་ཁྲིམས་ཉེན་རྟོག་ལས་བྱེད་པའི་བློ་གྲོས་དང་ནུས་ཤུགས་གཅིག་སྡུད་བྱས་ཡོད། ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་གི་ཚབ་མཛད་དེ་རྒྱལ་ཡོངས་ཀྱི་རྒྱ་ཆེའི་སྲིད་ཁྲིམས་ཉེན་རྟོག་ལས་བྱེད་པར་ལྷག་བསམ་རྣམ་དག་སྒོས་འཚམས་འདྲི་ཞུས།
ཞི་ཅིན་ཕིང་གིས་བསྟན་དོན། སྲིད་ཁྲིམས་ཁོངས་གཏོགས་ཀྱིས་ཆེད་ལས་ཅན་འཛུགས་སྐྲུན་དེ་སྔར་ལས་གལ་ཆེ་བའི་གོ་གནས་སུ་བཞག་སྟེ་དམ་འཛིན་བྱེད་དགོས། ཆེད་ལས་ཅན་འཛུགས་སྐྲུན་བྱེད་སྐབས་དངོས་འཐབ་དང་བཀོལ་སྤྱོད། དངོས་ཕན་བཅས་ཀྱི་ཁྲིད་ཕྱོགས་འབུར་དུ་ཐོན་པར་བྱེད་པ་དང་སྲིད་ཁྲིམས་ཉེན་རྟོག་ལས་བྱེད་པའི་བཅའ་ཁྲིམས་སྲིད་ཇུས་ལག་བསྟར་ནུས་ཤུགས་དང་ཉེན་ཁ་འགོག་སྲུང་ནུས་པ། མང་ཚོགས་བྱ་བའི་ནུས་པ། ཚན་རྩལ་བཀོལ་སྤྱོད་ནུས་པ། གླེང་ཕྱོགས་སྣེ་ཁྲིད་ནུས་པ་བཅས་ཁྱོན་ཡོངས་ནས་ཇེ་ཆེར་གཏོང་དགོས། སྲིད་ཁྲིམས་དཔུང་སྡེ་ནི་ཞི་བདེ་ལོ་རབས་སུ་བྱས་རྗེས་བཞག་པ་ཆེས་མང་བ་དང་རང་སྲོག་བློས་བཏང་བ་ཆེས་ཆེ་བའི་དཔུང་སྡེ་ཞིག་ཡིན། དམིགས་བསལ་གྱི་དཔུང་སྡེ་དེ་ལ་དམིགས་བསལ་གྱིས་ཐུགས་ཁུར་གནང་སྟེ་ཆབ་སྲིད་ཐད་ནས་སྐུལ་མ་གཏོང་བ་དང་བྱ་བའི་ཐད་ནས་རྒྱབ་སྐྱོར་བྱེད་པ། ཐོབ་ཐང་ཐད་ནས་འགན་སྲུང་བྱེད་པ། མི་གཞུང་ཐད་ནས་སེམས་ཁུར་བྱེད་པ་བཅས་བྱེད་དགོས་པར་མ་ཟད། ཐབས་བརྒྱ་ཇུས་སྟོང་སྒོས་དོན་དངོས་ཀྱི་དཀའ་ཁག་སྣ་ཚོགས་ཐག་གཅོད་རོགས་བྱས་ནས། ཉེན་རྟོག་ལས་བྱེད་པའི་འཚོ་བ་དང་བདེ་འཇགས་སོགས་ཁག་ཐེག་བྱེད་དགོས་ཟེར།
ཚོགས་ཐོག་ཏུ་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གོ་ཧྲིན་ཁུན་གྱིས་སྤྱི་སྡོམ་གཏམ་བཤད་སྤེལ་བ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་ཁ་ཤས་དང་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ་བཅས་གྲོས་ཚོགས་ལ་ཞུགས།