​ལོ་ན་ཆེས་གཞོན་པའི་འཐུས་མི།

རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 01-18


        སྤྱི་ཟླ་དང་པོའི་ཚེས་14ཉིན་གྱི་སྔ་དྲོར།  སི་ཁྲོན་ཞིང་ཆེན་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གཉིས་པ་ཁྲེན་ཏུའུ་རུ་འཚོགས་འགོ་བརྩམས་ཤིང་།  ཞིང་ཆེན་གྱི་འཐུས་མི་རྣམས་གཅིག་རྗེས་གཉིས་མཐུད་ཀྱིས་ཁྲེན་ཏུའུ་ཅིན་ཅང་ཚོགས་ར་ཆེན་མོ་རུ་བསྐྱོད།  ལོ་ཚོད་ཆེས་གཞོན་པའི་ཞིང་ཆེན་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་བུ་མོ་ཞའོ་ཧྥང་གིས་ལོ་ངོ་གཅིག་རིང་གི་དཀའ་སྤྱད་འབད་བརྩོན་དང་།  རང་འགན་གཙང་ཁུར་གྱི་བློ་སྤོབས་ཀྱིས་ཁེངས་ཏེ་རྡོ་སྐས་ལས་འཛེག་བྱུང་ལ། མོའི་གོམ་སྟབས་དེ་ལོ་སྔོན་མ་ལས་ཀྱང་བརྟན་ཞིང་བརླིང་བར་མངོན། །
    2009ལོའི་དཔྱིད་ཀར་དཀར་མཛེས་ཁུལ་རོང་བྲག་རྫོང་ནས་ཡོང་པའི་ཞིང་པ་བུ་མོ་ཞའོ་ཧྥང་ནེ་ཅང་གྲོང་ཁྱེར་གྱི་ལྕགས་ལམ་འཕྲུལ་ཆས་སློབ་གྲྭའི་ནང་ལོ་རིམ2009པའི་གློག་ཤུགས་འཕྲུལ་ཆས་ཆེད་ལས་སུ་སློབ་སྦྱོང་བྱེད་འགོ་ཚུགས། 2011ལོའི་ཟླ་བ3པའི་ནང་མོ་ཁྲེན་ཏུའུ་ས་འོག་ལྕགས་ལམ་བབ་ཚུགས་སུ་དངོས་སྦྱོང་བྱས་ནས་དགེ་རྒན་གྱིས་མོ་ལ་སློབ་པའི་ལག་རྩལ་ཕུད། ད་དུང་དུས་རྒྱུན་མོ་རང་གིས་ལས་སྒོ་ཤེས་བྱ་སྦྱོང་རྒྱུར་བརྩོན་པ་ལྷུར་ལེན་བྱས་མཐར་མགྱོགས་མྱུར་དུ་ལག་ཤེས་ཀྱི་བྱང་ཆ་ཆེན་པོ་བྱུང་ཡོད། 2012ལོའི་ཟླ་བ3པའི་ནང་ཞའོ་ཧྥང་གིས་གློག་ཤུགས་འཕྲུལ་འཁོར་གྱི་ཁ་ལོ་བའི་ཐོབ་ཐང་ལོན་ནས་མོ་རང་རྐྱང་པས་གློག་ཤུགས་མེ་འཁོར་གཏོང་བའི་ལམ་བུའི་ཐོག་སྐྱོད་འགོ་ཚུགས་ཡོད།

    ཞའོ་ཧྥང་གི་འགོ་ཁྲིད་ཀྱིས་གསར་འགོད་པར་ངོ་སྤྲོད་བྱ་རྒྱུར། 2012ལོའི་ཟླ་བ6པའི་ནང་ས་འོག་ལྕགས་ལམ2པ་ཤར་གཏོང་ཐུབ་རྗེས་ཞའོ་ཧྥང་ས་འོག་ལྕགས་ལམ་དང་པོ་ནས2པའི་ལམ་ཐིག་ཐོག་ལས་གནས་སྤོས་ཡོད་པ་རེད། ལས་ཀ་བསྒྲུབས་ནས་ཧ་ལམ་ལོ2རིང་ལ་ཞའོ་ཧྥང་གིས་དགེ་ཕྲུག་བཞི་གསོ་སྐྱོང་བྱས་ཡོད། །



རྩོམ་ཡིག་སྔོན་མ།
ཉིན་མཚན་མ་ཁོར་བའི་སྐད་ཆ།
རྩོམ་ཡིག་རྗེས་མ།
རླུང་ནང་གི་སྒོ་དར།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1