ང་རང་གི་སྙིང་དུ་འཐིབས་པའི་ མུན་ནག་ཏུ་ཡོད།

ཐོ་ཡོར།(དཀར་མཛེས) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-17


ང་ཡིས་རང་ཡུལ་བརྗེད་པའི་མིག་ཟུང་གིས

ངོ་མི་ཤེས་པའི་མི་དག་ལ་བལྟས་མྱོང

ང་ཡིས་མདོག་ཡལ་བའི་ལག་པས

ཆོ་མེད་པའི་འཚོ་བར་རེག་མྱོང

དུས་ཚོད་ཀྱི་སེང་གེ་ལོང་བ་དེས

ངའི་ལུས་སྟེང་གི་རི་དྭགས་རྣམས་རེ་རེ་བཞིན་བསད

རྗེས་སུ་ང་རང་གི་སྲུབས་ཀའི་ན་བུན་ཁྲོད་དུ་ཡིབས་ནས་བསྡད

དེ་ཡི་ནང་གི་མེ་ལོང་ལས

འོད་ཟེར་འཕྲོ་བའི་ངོ་གདོང་གྲངས་མེད་པ་ཞིག་ཚུར་ཚུར་ཕྱོགས་ཀྱང

སེམས་ནང་གི་མེ་ལྕེ་འཁྱགས་པར་གྱུར་འདུག


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1