ཁེར་རྐྱང་གི་གླུ།
རེ་ནག་པོ།(དཀར་མཛེས) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-18
གྲིབ་མའི་ལྗོན་པ
བརྩེ་དུངས་འཁྱག་པའི་ཁང་སྟོང་དུ་གཅེར་བུར་ཙོག
ལྗོན་པའི་ཡལ་ག་མཐའ་དག་གི་ངོས་སུ་སིལ་ཏོག་གཅིག་ཁོ་ན་སྨིན
ཁེར་རྐྱང་གི་སིལ་ཏོག་དེས
ལྗོན་པའི་ཡལ་ག་དག་བར་མེད་དུ་བསྒུལ་ནས
ལྗོན་པ་གཞན་ཞིག་ལ་ཁེར་རྐྱང་གི་གདུང་ཡུས་གླུ་རུ་ལེན
ཡིད་འགུལ་ཐེབས་པའི་བྱིའུ་དང་རླུང་བུས
འཕྲིན་ཡིག་བྲིས་པའི་ལོ་མ་དག་ཕན་ཚུན་ལ་སྐྱེལ་ཞིང་ངལ
2018.6.17