ང་ནི་སྐྱས་རྟ་ཞིག་དང་འདྲ།
སྙན་བུ།(པེ་ཅིང) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-18
ང་ནི་སྐྱས་རྟ་ཞིག་དང་འདྲ
སྐྱས་རྟ་ནི་གཡུལ་རྟ་ཞིག་དང་འདྲ
གཡུལ་རྟ་ནི་རང་གི་གྲོགས་པོ་ཞིག་དང་འདྲ
གྲོགས་པོ་ནི་མགྲོན་པོ་ཞིག་དང་འདྲ
ང་ནི་སྐྱས་རྟ་ཞིག་དང་འདྲ་ཟེར་མཁན
འཚོ་བ་དང་ཁེར་རྐྱང་རེད
སྐྱོ་ངལ་དང་དཀའ་སྡུག་རེད
རྔུལ་ཆུ་དང་མིག་ཆུ་རེད
ངས་རང་ཉིད་ལ་ཁྱོད
སྐྱས་རྟ་ཞིག་དང་འདྲའམ་ཞེས་དྲིས
ངས་ཁ་རོག་གེར་རང་ཉིད་ལ
ཁྱོད་དངོས་གནས་འདྲ་ཡི་ཞེས་ལབ
ཆུང་དུས་རུ་བ་སྤོར་དུས
ང་ནི་ང་དང
སྐྱས་རྟ་ནི་སྐྱས་རྟ་ཡིན
རྨི་ལམ་གྱིས་ང
རྒྱང་རིང་ཞིག་ལ་ཁྲིད་རྗེས
ངས་ཁ་རོག་གེར་རང་ཉིད་ལ
ཁྱོད་དངོས་གནས་འདྲ་ཡི་ཞེས་ལབ