ཡར་ཀླུང་ནས་ས་ནག་པོའི་ཕང་བ་ན
བུ་མོ་ཚོའི་ཕྱག་རྒྱ་ལས་གཏམ་རྒྱུད་ཅིག་གི་མགོ་ཚུགས
ནས་འབྲུ་གཅིག་རུམ་ནང་བརྫངས་ཏེ་འགྲོ་མཁན་བོད་ཡིན
ལ་ལུང་ནས་རེ་བའི་ཚེ་སྲོག་འབུས་པ་སུ་ཡིན
ནས་འབྲུ་རྡོག་གཅིག
སླ་ངའི་ནང་འགྲེ་ལོག་བརྒྱ་ལས་མེ་ཏོག་བཞད་སོང
མཆིག་རྡོའི་བར་གཙུབ་བརྡར་སྟོང་གིས་དྲི་བཟང་ཞིམ་བྱུང
ཕོ་རྒོད་དཔལ་དུ་རྫོགས་པ་རྩམ་པའི་དྲིན
རྩྭ་ཐང་ཡངས་སུ་བསྐྱེད་པ་ནས་འབྲུ་ལན
ཡར་ཀླུང་ན་གངས་དཀར་པོའི་དྲིན་ཆེན་གྱིས
ས་རྡོ་ཡི་བར་སྲུབས་ནས་མཐོ་སྒང་འདི་མཁའ་ལ་བཀྱགས
ནས་འབྲུ་གཅིག་ས་ནང་སྦས་ཏེ་སྲུང་མཁན་བོད་ཡིན
ཞིང་ཁ་ན་རང་ལུས་དར་དུ་བཙུགས་པ་སུ་ཡིན
ནས་འབྲུ་རྡོག་གཅིག
སྐྱོ་བའི་དུས་སུ་མིག་ནང་འཁྱིལ་བའི་ནས་ཆང་སྔོན་མོ
དགའ་བའི་དུས་སུ་སེམས་ནས་མཆོད་པའི་ནས་རྩམ་དཀར་པོ
འབྲོག་པར་ཁ་བའི་ཚུལ་དུ་སྤུངས་ན་འདོད
རོང་སར་རང་ལུས་ཕྱེ་མར་འཐག་ན་དགའ