“སྤྱོད་ཚུལ་བཞིར”དག་བཅོས་བྱེད་མཚམས་མི་འཇོག་པར། ཀུན་སྤྱོད་ལེགས་བཅོས་ཆད་མེད་རྒྱུན་དུ་བསྒྲུབ་དགོས།

ཟླ་བ་ཚེ་རིང་གིས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-22


        ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས“སྤྱོད་ཚུལ་བཞིར”དག་བཅོས་བྱེད་མཚམས་མི་འཇོག་པར། ཀུན་སྤྱོད་ལེགས་བཅོས་ཆད་མེད་རྒྱུན་དུ་བསྒྲུབ་དགོས་ཞེས་གལ་ཆེའི་མཛུབ་སྟོན་ནན་བཤད་གནང་ཡོད།

        གོང་སྨོས་ཚིག་དེ་ནི་ཞི་ཅིན་ཕིང་གིས་ཤིན་ཧྭ་ཧྲེ་ཡི《ཕྱི་ཚུལ་རིང་ལུགས་དང་། དཔོན་ཉམས་རིང་ལུགས་ཀྱི་མངོན་ཚུལ་གསར་པར་དོགས་ཟོན་བྱེད་རིན་འདུག》ཅེས་པའི་རྩོམ་ཡིག་ལ་གནང་བའི་མཛུབ་སྟོན་ཞིག་ཡིན་ཞིང་། ཁོང་གིས་གསུངས་དོན། རྩོམ་ནང་འཁོད་པའི་ནང་དོན་དེ་དག་ལ་བལྟས་ན་མངོན་ཚུལ་གསར་པ་འདྲ་ཡང་། དོན་དུ་གནད་དོན་རྙིང་པ་རེད། “སྤྱོད་ཚུལ་བཞི”ཡི་གནད་དོན་ལ་མཁྲེགས་བཟུང་གི་རང་བཞིན་དང་སྐྱར་ཟློས་ཀྱི་རང་བཞིན་ལྡན་པ་སླར་ཡང་མངོན་ཡོད། དེས་ན་སྤྱོད་ཚུལ་བཞིར་དག་བཅོས་བྱེད་མཚམས་མི་འཇོག་པར། ཀུན་སྤྱོད་ལེགས་བཅོས་ཆད་མེད་རྒྱུན་དུ་བསྒྲུབ་དགོས། ས་གནས་ཁག་དང་སྡེ་ཚན་ཁག་ཚང་མས་མངོན་ཚུལ་དེ་རིགས་བཤེར་འདོན་དང་། མི་འདང་པ་འཚོལ་བ། འགལ་བ་གཙོ་བོ་འཛིན་པ། ལྷག་དོན་དུ་རྟགས་བསྟན་མང་ལ་ཁ་ཕོ་ཆེ་ཡང་བྱ་སྤྱོད་ཉུང་ལ་དོན་འཁྱོལ་ཞན་པ་སོགས་ཀྱི་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ནས། བྱེད་ཐབས་ནུས་ལྡན་སྤྱད་དེ་ཏན་ཏན་ཏིག་ཏིག་ངང་ནས་བསྒྱུར་བཅོས་གཏོང་དགོས། རིམ་ཁག་འགོ་ཁྲིད་ལས་བྱེད་པས་རང་ཉིད་ནས་འགོ་བཙུགས་ཏེ། སྤྱོད་ཚུལ་ལེགས་བཅོས་བྱེད་པ་དང་། ཉམས་ལེན་འབད་བསྒྲུབ། གོང་དཔེ་འོག་སྟོན་གྱིས“ཁྲུང་ཁྲུང་སྣེ་ཁྲིད་པའི་ནུས་པ”འདོན་སྤེལ་གང་ལེགས་བྱེད་དགོས། སྤེལ་ལ་ཉེ་བའི“ཐོག་མའི་བསམ་འདུན་མ་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པོ་འཆང་དགོས”ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་ཁྲོད་དུ། ཕྱི་ཚུལ་རིང་ལུགས་ཡོངས་སུ་སྤངས་ནས་ཀུན་སྤྱོད་བཟང་པོས་གྲུབ་འབྲས་གང་ལེགས་ཐོབ་པར་འགན་ལེན་བྱེད་དགོས།

        ཤིན་ཧྭ་ཧྲེའི་རྩོམ་ཡིག་གི་ཐོག་ནས་མངོན་པར། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་འདོན་སྤེལ་དང་ལག་བསྟར་བྱས་པ་ནས་འགོ་བཙུགས་ཏེ། ཏང་ཡོངས་ཀྱི་གོང་འོག་ཚང་མས“སྤྱོད་ཚུལ་བཞིར”དག་བཅོས་བྱེད་པར་གྲུབ་འབྲས་ཆེན་པོ་ཐོབ་ཡོད་མོད། འོན་ཏེ་ཕྱི་ཚུལ་རིང་ལུགས་དང་། དཔོན་ཉམས་རིང་ལུགས་ནི་ད་དུང་ཚད་གཞི་ངེས་ཅན་ནང་གནས་མུས་ཏེ། དཔེར་ན། འགོ་ཁྲིད་ལས་བྱེད་པ་འགའ་ཞིག་གིས་བརྟག་དཔྱད་ཞིབ་འཇུག་བྱེད་སྐབས་བརྒྱུད་རིམ་ཙམ་འགྲིམ་པ་དང་། ཕྱི་ཚུལ་ཙམ་སྟོན་པས། བརྟག་དཔྱད་བྱེད་ས་དངོས་དེ“ངོམ་སྟོན་བྱེད་སར”འགྱུར་བ་དང་། ཡང་ལས་ཁུངས་འགའ་ཞིག་གི“སྒོ་འཛུལ་བདེ་ལ་གདོང་བསྟན་རྒྱུ་ཡག་པོ”ཡོད་མོད། “ལས་དོན་བསྒྲུབ་ཁག་པོ”ནི་རང་འཇགས་རེད། ཡང་ས་གནས་འགའ་ཞིག་གིས་འགོ་ཁྲིད་ཀྱིས“མཐོང་ཐུབ་པའི”རྣམ་གྲངས་ལས་གཞི་བསྐྲུན་རྒྱུར་དོ་སྣང་བྱེད་པ། “མང་ཚོགས་ཀྱིས་མོས་མཐུན་བྱེད་མིན་ལ་མི་ལྟ་བར་འགོ་ཁྲིད་ཀྱིས་དོ་སྣང་བྱེད་མིན་ལ་ལྟ་བ” ཡང་ས་ཁུལ་འགའ་ཞིག་ལ་རིམ་པ་སྟར་ཆགས་ཀྱིས་ནང་དོན་བསྐྱར་ཟློས་ཀྱི་ཚོགས་འདུ་འཚོགས་ནས་ཚོགས་འདུས་ཚོགས་འདུའི་དགོངས་པ་ལག་བསྟར་དོན་འཁྱོལ་བྱེད། ཡང་ས་གནས་འགའ་ཞིག་ལ་རྒྱུ་ཆ་རྩོམ་འབྲི་དང་ཡིག་ཆ་འབྲི་སྐབས་སྣང་མེད་ཀྱིས་བཤུ་བ་དང་། ལམ་ལུགས་དང་ཐབས་ཇུས་བཟོ་བར“ཞྭ་དཔེ་ལྷམ་འགེབས”བྱེད་པ། ཡང་ལས་བྱེད་པ་འགའ་ཞིག་གིས་ལས་ཀ་སང་འགྱངས་གནངས་འགྱངས་སུ་བཏང་ནས། སྲིད་དོན་བསྒྲུབ་པར་སྒྱིད་ངན་དང་། ཕན་མེད། བག་གཡེང་གི་ངང་འགན་འཁྲི་ཚང་མ་གོང་རིམ་ལ་འགེལ་བ། ཡང་ས་ཁུལ་འགའ་ཞིག་གིས་ཕྱི་ཚུལ་འདྲ་ཆགས་ལས་ལས་དོན་དངོས་ཀྱི་ཕན་འབྲས་ལ་མི་བརྩི་བར་བསམ་བློ“རྒྱུ་ཆ་མཛེས་བཟོ”ཁོ་ནར་ཕྱོགས་ནས“རྒྱུ་ཆའི་བྱས་རྗེས”ཙམ་འཇོག་པ། ཡང་འགོ་ཁྲིད་ལས་བྱེད་པ་འགའ་ཞིག་གིས་འགན་འཁྲི་གཤམ་འོག་ལ་དཀྲི་བར་ཤིན་ཏུ་དགའ་ཞིང “འགན་འཁུར་རྒྱུ” དེ་ “འགན་དཀྲི་བར”འགྱུར་བ། ཡང་ལས་བྱེད་པ་འགའ་ཞིག་གིས་གནས་ཚུལ་ཤེས་པ་གོང་ལ་མི་ཞུ་བར་རང་དགར་བཞག་སྟེ་སྣང་མེད་ཀྱི་རྣམ་འགྱུར་འཛིན་པ། ཡང་ལས་བྱེད་པ་འགའ་ཞིག་གིས་བཤད་སྟངས་དང་བྱེད་སྟངས་ཐ་དད་དུ་སོང་བ་བྱེད་བཞིན་ཡོད།

        2017ལོའི་ཟླ་12ཚེས་9ཉིན་ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་གིས་བརྡ་ཐོ་བཀྲམས་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་མཛུབ་སྟོན་དེ་ནི་གནག་ཐོག་ཙག་འཁེལ་ལྟར་གནད་ལ་འཁེལ་བ་ཞིག་དང་། ནང་དོན་ཕུན་སུམ་ཚོགས་ཤིང་བླང་བྱ་ཁ་གསལ་བ་ཞིག་ཡིན་ལ། དེས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་སྲ་བརྟན་འགྱུར་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་དང་། སྤྱོད་ཚུལ་ཡོ་བསྲང་དང་སྒྲིག་ལམ་ནན་གཏོང་རྒྱུན་སྲིང་ལྷོད་མེད་བྱེད་པའི་རྣམ་འགྱུར་གསལ་རྗེན་དང་འགྱུར་མེད་ཆོད་སེམས་མངོན་གྱི་ཡོད་པས། དེར་ཏང་ཡོངས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་དོན་འཁྱོལ་གཏིང་ཟབ་བྱེད་རྒྱུ་དང་། ཏང་གི་སྤྱོད་ཚུལ་ལེགས་བཅོས་ལ་ཤུགས་སྣོན་རྒྱག་རྒྱུའི་ཐད་མཛུབ་ཁྲིད་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད།

        བརྡ་ཐོའི་ནང་བླང་བྱ་སྟོན་པར། ས་གནས་ཁག་དང་སྡེ་ཚན་ཁག་གིས་མགྱོགས་མྱུར་ངང་མཛུབ་སྟོན་སློབ་སྦྱོང་བྱེད་དགོས་པ་མ་ཟད། ཏན་ཏིག་ངང་ནས་ལག་བསྟར་དོན་འཁྱོལ་བྱེད་དགོས་པ་སྟེ། ཏང་ཡོན་དང་ལས་བྱེད་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་མཛུབ་སྟོན་སློབ་སྦྱོང་དང་གྲོས་སྡུར་བྱེད་རྒྱུ་སྒྲིག་འཛུགས་ཞིབ་ནན་བྱས་ནས། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་ཟུང་འབྲེལ་བྱས་ཐོག མཛུབ་སྟོན་གྱི་ནང་དོན་དང་སྙིང་དོན་གྱི་ངོ་བོར་གོ་བ་གཏིང་ཟབ་ལོན་ནས། “འདུ་ཤེས་བཞི” བརྟན་པོ་འཛུགས་པ་དང་། ཆབ་སྲིད་ཀྱི་ལངས་ས་དང་ཆབ་སྲིད་ཀྱི་རང་འགུལ་ཇེ་མཐོར་གཏོང་བ། མཚམས་མེད་རྒྱུན་བསྒྲུབ་ཀྱི་སྡུག་རུས་ལ་བརྟེན་ནས་སྤྱོད་ཚུལ་ལེགས་བཅོས་སྙིང་རུས་ལྷོད་མེད་ངང་བྱེད་དགོས་པ་དང་། ས་གནས་ཁག་དང་སྡེ་ཚན་ཁག་གིས་ལོ་མཇུག་གི་དམངས་གཙོའི་འཚོ་བ་དང་རྩ་འཛུགས་ཀྱི་འཚོ་བའི་ཚོགས་འདུ་འཚོགས་སྐབས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་དང་། སྤྱོད་ཚུལ་འགྱུར་བ་དང་ལེགས་བཅོས་བྱེད་ཚུལ་དེ་ལྟ་བསྡུར་ཞིབ་བཤེར་བྱེད་པའི་གལ་ཆེའི་ནང་དོན་ལ་བརྩིས་ཏེ། ཏན་ཏིག་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་མཛུབ་སྟོན་གྱི་བླང་བྱ་གཞིར་བཟུང་ནས།“སྤྱོད་ཚུལ་བཞི”ཡི་གནད་དོན་འབུར་ཐོན་རྣམས་དང་ལྷག་དོན་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་མངོན་ཚུལ་གསར་པ་རྣམས་གཟབ་ནན་ངང་བཙལ་ནས། ཉམས་སད་ཐེག་ཐུབ་པའི་བྱེད་ཐབས་སྤྱད་དེ་བློ་བརྟན་འགྱུར་མེད་ངང་དག་ཐེར་གྱི་ཕན་ནུས་ངོ་མ་ཐོན་ཐུབ་པ་བྱེད་དགོས་པ། རིམ་ཁག་འགོ་ཁྲིད་ལས་བྱེད་པ་ནས་འགོ་འཛུགས་རྒྱུ་མཐའ་འཁྱོངས་བྱེད་པ་དང་། གོང་དཔེ་འོག་སྟོན་དང་རིམ་པ་སྟར་ཆགས་ངང་འཁྲིད་པ། མུ་མཐུད་དེ་གནམ་ལོ་གསར་ཚེས་དང་། དཔྱིད་གསར་དུས་ཆེན་སོགས་ཀྱི་དུས་ཚིགས་སྐབས་དོ་སྣང་ཆེན་པོས་གནས་ཚུལ་ཆུང་ཙག་ནས་འགོ་བཙུགས་ཏེ། བློ་བརྟན་འགྱུར་མེད་ངང་ནས་དར་སྲོལ་ངན་པ་སྐྱར་ལོག་བྱེད་མི་འཇུག་པར། རྒྱུན་ཆད་མེད་པར་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་ལེན་བྱས་པའི་གྲུབ་འབྲས་དག་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་བཅས་བྱེད་དགོས་སོ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1