སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དབུལ་སྒྲོལ་འགག་སྒྲོལ་གྱི་ཁ་ཕྱོགས་ལ་ངོས་འཛིན་ཡག་པོ་བྱེད་དགོས་ཞེས་གསུངས་ཡོད། མངའ་རིས་ནི་ཡུག་གཅིག་ཏུ་འབྲེལ་བའི་དམིགས་བསལ་དབུལ་པོའི་ས་ཁུལ་ཞིག་དང་མཐའ་མཚམས་ཀྱི་རྗེས་སུ་ལུས་པའི་མི་རིགས་ས་ཁུལ་ཞིག་ཡིན་པས། གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་མཐའ་འཁྱོངས་བྱས་ཏེ། དབུལ་སྒྲོལ་འགག་སྒྲོལ་གྱི་ཁ་ཕྱོགས་ཡང་དག་འགན་ལེན་བྱེད་པར་ངེས་པར་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ནས། ཏང་གི་མཐའ་སྐྱོང་བོད་བརྟན་གྱི་ཇུས་གཞིས་རྩ་བའི་གཞི་འཛིན་ས་བྱེད་པ་དང་། ཏང་འཛུགས་སྐྱོང་གི་ལམ་ལུགས་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུས་གལ་ཆེའི་འགན་ལེན་བྱེད་པ། “བོད་ནུབ་གདོང་ལེན། གསར་བརྗེའི་མངའ་རིས”ཞེས་པ་འཛུགས་རྒྱུས་ཞིབ་ཕྲའི་ལས་དོན་བྱས་ནས། དབུལ་སྐྱོར་ཆེན་པོའི་རྣམ་པ་མཐའ་འཁྱོངས་བྱེད་པ་དང་། ཏང་འཛུགས་སྐྱོང་གི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱེད་པ། “ནུས་པ་བཞི”གོང་མཐོར་གཏོང་བ། ཚན་རིག་དང་མཐུན་པའི་ངང་ནས་ཁྱབ་ཁོངས་ཁག་གི་ཏང་རྩ་འཛུགས་ཀྱི་ཆབ་སྲིད་དང་། བསམ་བློ། རྩ་འཛུགས། ཐོན་ཁུངས་བཅས་ཀྱི་ལེགས་ཆ་རྣམས་གཅིག་བསྡུས་བྱེད་དགོས་པ་མ་ཟད། ཏང་འཛུགས་སྐྱོང་གིས་དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་འདེད་གཏོང་བའི་རྒྱུད་རིམ་དེ་ཉིད་ཏང་གིས་རྦད་དེ་འགོ་ཁྲིད་བྱེད་པར་ཤུགས་སྣོན་རྒྱག་པ་དང་། ཏང་གི་སྲིད་ཇུས་ཀྱི་འདོད་ཚུལ་དྲིལ་བསྒྲགས་བྱེད་པ། ཏང་གི་མང་ཚོགས་ཀྱི་རྨང་གཞི་རྒྱ་ཆེར་གཏོང་བ། ཏང་གི་སྲིད་སྐྱོང་རྨང་གཞི་བརྟན་དུ་གཏོང་བ་བཅས་ཀྱི་རྒྱུད་རིམ་ལ་འགྱུར་བ་བྱས་ཏེ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འཕེལ་རྒྱས་གྲུབ་འབྲས་ཀྱིས་མི་དམངས་མང་ཚོགས་ལ་ཕན་ཐོགས་པ་དང་། མི་རིགས་ཁག་གི་མི་དམངས་རྣམས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་མཉམ་དུ་ཕྱུག་འགྱུར་ལམ་བུར་བསྐྱོད་གང་ཐུབ་བྱེད་དགོས།
གཅིག ཏང་གིས་ལས་དོན་ཚང་མར་རྦད་དེ་འགོ་ཁྲིད་བྱེད་རྒྱུ་མཐའ་འཁྱོངས་བྱས་ནས། དབུལ་སྒྲོལ་འགག་སྒྲོལ་བྱེད་པའི་ཆབ་སྲིད་ཀྱི་སྣེ་ཁྲིད་ནུས་པ་རྒྱུན་ཆད་མེད་པར་གོང་མཐོར་གཏོང་དགོས།
ཞི་ཅིན་ཕིང་གིས་དབུལ་སྒྲོལ་འགག་སྒྲོལ་ཇི་ཙམ་བྱེད་པར་དེ་ཙམ་དུ་ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་ལེགས་བཅོས་བྱེད་དགོས་ཞེས་གསུངས་ཡོད། མངའ་རིས་ས་ཁུལ་གྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་དབུལ་སྒྲོལ་འགག་སྒྲོལ་ཁྲོད་དུ་འགོ་ཁྲིད་ཀྱི་སྲོག་ཤིང་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། དར་ཆ་གསལ་སྟོན་ངང་ཏང་གིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པ་བྱེད་རྒྱུར་འགོ་ཁྲིད་བྱེད་ཤུགས་ཇེ་ཆེར་བཏང་ནས། ཆབ་སྲིད་ཀྱི་སྣེ་ཁྲིད་ནུས་པ་རྒྱུན་ཆད་མེད་པར་ཤུགས་ཆེར་གཏོང་དགོས་པ་དང་། ཏང་རྩ་འཛུགས་ཀྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་ཀའི་སྒྲིག་སྲོལ་ལ་སྣེ་ཁྲིད་བྱེད་ཤུགས་ཇེ་ཆེར་གཏོང་དགོས། རིམ་ཁག་དབུལ་སྒྲོལ་འགག་སྒྲོལ་གྱི་འགོ་ཁྲིད་ཚན་པས་ཆབ་སྲིད་ཐོག་ནས་ཏང་འཛུགས་སྐྱོང་བྱེད་པ་དང་། ཕྱོགས་ཡོངས་ལ་སྤྱི་འདོམས། ཁྱབ་ཁོངས་ཚང་མར་སྙོམས་སྒྲིག་བཅས་བྱེད་པའི་འགོ་ཁྲིད་སྲོག་ཤིང་གི་ནུས་པ་མཐའ་འཁྱོངས་བྱེད་དགོས། ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིས“འདུ་ཤེས་བཞི”འཛིན་པ་དང་། “བརྩི་སྲུང་བཞི”ཞུ་ཐུབ་པ། འགན་ཁྲི་ཨང་དང་པོ་འཁུར་ཏེ། དབུལ་སྒྲོལ་འགག་སྒྲོལ་དེ་ཉིད་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་གྱུར་དབུ་ཁྲིད་ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་རྒྱུའི་གལ་ཆེའི་འདྲེན་བྱེད་ཅིག་ལ་བརྩི་བ་དང་། ལས་དོན་སྤེལ་སྐབས་ཆབ་སྲིད་ཀྱི་འདོད་མོས་ལ་བསམ་བློ་གང་མང་གཏོང་བ།--གནད་དོན་ཞིབ་འཇུག་བྱེད་སྐབས་བློ་ཁོག་ཆེན་པོས་ཆབ་སྲིད་ཀྱི་ལྟ་བ་རྒྱས་བཤད་བྱེད་པ་དང་། བཀོད་སྒྲིག་དང་བཀོད་འདོམས་བྱེད་སྐབས་བློ་ཐག་ཆོད་པོས་ཆབ་སྲིད་ཀྱི་བླང་བྱ་འདོན་དགོས་པ། ལག་བསྟར་དང་དོན་འཁྱོལ་བྱེད་སྐབས་ཆབ་སྲིད་ཀྱི་ཕན་ནུས་ཐོན་ཐུབ་པ་བྱས་ནས། སྔ་ཕྱི་བར་གསུམ་དུ་ཆབ་སྲིད་ལང་ཕྱོགས་བརྟན་པ་དང་། ཆབ་སྲིད་ཁ་ཕྱོགས་བརྟན་པ། ཆབ་སྲིད་རྩ་དོན་ལ་བརྩི་སྲུང་། ཆབ་སྲིད་ལམ་ཕྱོགས་ལ་བརྩི་བཀུར། ཆབ་སྲིད་སྒྲིག་ཁྲིམས་ལ་སྲུང་སྐྱོང་། ཆབ་སྲིད་སྒྲིག་ལམ་དམ་སྲུང་བཅས་བྱས་ཏེ། གནད་སྨིན་དབུལ་སྐྱོར་གྱི་ཆབ་སྲིད་ཕན་ནུས་གོང་མཐོར་གཏོང་དགོས། ཏང་ཡོན་འགོ་ཁྲིད་ལས་བྱེད་པ་ཚོའི་དབུལ་སྒྲོལ་འགག་སྒྲོལ་གྱི་ཆབ་སྲིད་འཇོན་ཐང་ཇེ་ཆེར་གཏོང་དགོས་པ་སྟེ། ནན་ཏན་ངང“ཐོག་མའི་བསམ་འདུན་མ་བརྗེད་པར། འགན་འཁྲི་བརྟན་པོར་སྲུང་རྒྱུ” བརྗོད་བྱ་གཙོ་བོ་བྱས་པའི་སློབ་གསོ་སྤེལ་ནས། སྲོལ་རྒྱུན་སློབ་གསོ་དང་གསར་བརྗེའི་མྱོང་བ། དངོས་ལྗོངས་ཀྱི་མྱོང་ཚོར་སོགས་ཀྱི་འདུ་ཤེས་གསར་པ་གཅིག་ཏུ་བསྡུས་པའི་སློབ་གསོའི་ཐབས་ལམ་སྤྱོད་དགོས་ལ། ཏང་ཡོན་འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་དེ་རང་ཉིད་ནན་བཅུན་བྱེད་པའི “སེམས་ཁམས་རིག་པར”བརྩི་བ་དང་། “གླེང་ཚུལ་སྣ་ཚོགས”ཀྱི་ཁྲོད་དུ་ཐོག་མའི་བསམ་འདུན་མ་བརྗེད་པ་དང་དད་སེམས་བརྟན་པོར་བཅངས་ནས། དབུལ་སྒྲོལ་འགག་སྒྲོལ་ལ་རྒྱལ་ཁ་ཐོབ་པའི་ཆབ་སྲིད་ཀྱི་འགན་ཁུར་དང་། ལག་བསྟར། ཤུགས་རྐྱེན་བཅས་ཀྱི་ནུས་ལྡན་པ་ཞིག་བྱེད་དགོས།
གཉིས། ཞི་ཅིན་ཕིང་གི་གནད་སྨིན་དབུལ་སྐྱོར་གྱི་དགོངས་པ་མཐའ་འཁྱོངས་བྱས་ནས། རྒྱུན་ཆད་མེད་པར་དབུལ་སྒྲོལ་འགག་སྒྲོལ་བྱེད་པའི་བློ་འགུག་ནུས་པ་གོང་མཐོར་གཏོང་དགོས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བྱ་ཕུར་རྩལ་ཆུང་བ་སྔོན་ལ་འཕུར་འདོད་ཅིང་། དབུལ་པོ་རྣམས་སྔོན་ལ་ཕྱུག་པོར་འགྱུར་ཡང་སྲིད། ཡིན་ནའང“སྔོན་ལ་ཕུར་བ” དང “སྔོན་ལ་ཕྱུག་པོར་འགྱུར”བ་མངོན་འགྱུར་ཐུབ་མིན་ནི་ཐོག་མར་ང་ཚོའི་སེམས་ནང་འདུ་ཤེས་དེ་འདྲ་ཞིག་ཡོད་མེད་ལ་ལྟ་དགོས་ཞེས་གསུངས་ཡོད། ཞི་ཅིན་ཕིང་གི་གནད་སྨིན་དབུལ་སྐྱོར་གྱི་དགོངས་པ་སློབ་སྦྱོང་དང་དྲིལ་བསྒྲགས་དོན་འཁྱོལ་གཏིང་ཟབ་བྱས་ཏེ། དུས་རབས་གསར་པའི་ཞིང་འབྲོག་པའི་སློབ་ཁང་འཛུགས་དགོས་ལ། ཧུར་བརྩོན་ངང་དགོངས་པ་གསར་པས་མང་ཚོགས་ཀྱི་བློ་ཡིད་འབོད་འགུག་བྱེད་པ་དང་། འདུ་ཤེས་གསར་པས་མང་ཚོགས་ཀྱི་བསམ་བློར་འགྱུར་བ་བཏང་ནས། བསམ་བློའི་རྨང་གཞི་ལས་བར་བརྒལ་གྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་འཐབ་འཛིང་ལས་རྣམ་པར་རྒྱལ་ཐུབ་པ་བྱེད་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་དྲིལ་བསྒྲགས་བྱེད་པ་དང་ཟུང་འབྲེལ་བྱས་ནས། “ཏཱ་ལར་དགག་རྒྱག”དང་། “ལྟ་བ་ལྔ་དང་སྨྲ་བ་གཉིས” “ཏང་གི་བཀའ་དྲིན་བསམ་ཞིང་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་པ” བོད་གསར་རྙིང་བསྡུར་བ་སོགས་ཀྱི་སློབ་གསོ་གཏིང་ཟབ་སྤེལ་བར་བརྟེན་ཏེ། ཞིང་འབྲོག་ཁུལ་དུ་བསམ་བློ་རིག་གནས་ཀྱི་དྲིལ་བསྒྲགས་བྱེད་ས་དང་མི་རིགས་མཐུན་སྒྲིལ་གྱི་དཔེ་སྟོན་ཁུལ་འཛུགས་སྐྱོང་གཅིག་བསྡུས་བྱས་ཐོག ཞིང་འབྲོག་ཁུལ་གྱི་བསམ་པ་ཀུན་སྤྱོད་འཛུགས་སྐྱོང་དང་སྤྱི་པའི་རིག་གནས་འཛུགས་སྐྱོང་བྱེད་མགྱོགས་སུ་གཏོང་བ་དང་། ཞིང་འབྲོག་མང་ཚོགས་རྣམས་ལ་བསམ་བློ་དང་། བློ་སྟོབས། ཡིད་ཆེས་བཅས་སྤྲོད་པའི་སློབ་གསོ་བརྒྱབ་ནས་ད་ཆ་སྐྱེལ་བཞིན་པའི་བདེ་སྐྱིད་འཚོ་བ་འདི་ནི་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་རྦད་དེ་བྱས་པ་ལས་བྱུང་བ་ངོས་འཛིན་གཏིང་ཟབ་ཐུབ་པ་བྱེད་དགོས། མང་ཚོགས་སྣེ་ཁྲིད་དེ་དབུལ་སྒྲོལ་ཕྱུག་འགྱུར་བྱེད་པར་འགག་རྩ་ནི་བསམ་བློའི་བཀག་རྒྱ་ལས་སྒྲོལ་དགོས། “དམངས་ཀྱིས་བྱ་གཞག་བསྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པའི”ལོ་རྒྱུས་ཀྱི་དུས་རླབས་དང་བསྟུན་ནས། ཡ་རབས་ཚུལ་ལྡན་གྱི་གྲོང་སྲོལ་དང་། ཁྱིམ་སྲོལ་བཟང་པོ། དམངས་སྲོལ་བབས་ཆགས་བཅས་གསོ་སྐྱོང་བྱེད་རྒྱུས་གཙོ་བོ་བྱས་ནས། བརྗོད་བྱ་གཙོ་བོ་དང་སྤྱི་ཚོགས་སྲོལ་བཟང་དར་སྤེལ་གཏོང་བ། བསམ་བློར་བཅིངས་འགྲོལ་གཏོང་བའི་རལ་གྲི་རྣོ་པོ་དེ་ཉིད་ལ་སྤྱད་དེ“བསམ་བློར་བཅིངས་འགྲོལ་དང་། འདུ་ཤེས་གསར་བརྗེ། ང་དབུལ་སྒྲོལ་བྱེད་འདོད”ཅེས་པའི་གྲོས་མོལ་ཆེན་མོ་བྱས་ཏེ། མང་ཚོགས་དབུལ་པོ་ཚོས་རང་ཉིད་ཀྱི་དགེ་མཚན་དང་རང་སྟོབས་ནུས་པ་ཤེས་རྟོགས་གང་ལེགས་ཐུབ་པར་རོགས་རམ་བྱེད་ཅིང་། རྒྱལ་ཁབ་ནས་བཏོན་པའི་ཐོན་ལས་རོགས་སྐྱོར་དང་སྲིད་ཇུས་རང་བཞིན་གྱི་ཁ་གསབ་སོགས་དབུལ་སྒྲོལ་འགག་སྒྲོལ་གྱི་གཟིགས་སྐྱོང་སྲིད་ཇུས་ལ་བརྟེན་ནས། བྱེད་མི་ནུས་པ་དང་བྱེད་འདོད་མེད་པའི་བཀག་རྒྱ་རྩ་གཏོར་གཏོང་བ་དང་བྱ་གཞག་བསྐྲུན་འདོད་སླང་སྟེ། ཚན་རིག་ཤེས་བྱ་སློབ་སྦྱོང་བྱེད་པ་དང་། རང་ཉིད་ཀྱི་དགེ་མཚན་ཤེས་རྟོགས་ཐུབ་པ། བློ་ཁོག་ཆེན་པོས་བྱ་གཞག་བསྐྲུན་པ་དང་གསར་གཏོད་བྱས་ཏེ། བདེ་སྐྱིད་འཚོ་བར་རེ་སྨོན་བྱེད་པ་དེ་དབུལ་སྒྲོལ་ཕྱུག་འགྱུར་གྱི་སྒུལ་ཤུགས་ལ་འགྱུར་བ་བྱས་ཏེ།--ཁྱབ་ཁོངས་ངེས་ཅན་ནང“སྔོན་ལ་ཕུར”རྒྱུ་མངོན་འགྱུར་དང་།--རིག་སྟོབས་ཀྱི་རོགས་སྐྱོར་གནད་ལ་འཁེལ་བ་བྱེད་དགོས། དབུལ་སྒྲོལ་ཕྱུག་འགྱུར་བྱེད་པར་མཐར་ཐུག་མང་ཚོགས་དབུལ་པོ་ཚོས་རང་ཉིད་ཀྱི་ངལ་རྩོལ་ལ་བརྟེན་ནས་མངོན་འགྱུར་བྱེད་དགོས་ལ།--དབུལ་སྐྱོར་བྱེད་པར་ངེས་པར་དུ་རིག་སྟོབས་རོགས་སྐྱོར་མཐའ་འཁྱོངས་བྱེད་དགོས་ཏེ། ཞིང་འབྲོག་མང་ཚོགས་ཀྱི་བསམ་འདུན་ལ་བརྩི་བཀུར་དང་།--མི་ཤུགས་ཀྱི་ནུས་ཁུངས་གསར་སྤེལ་བྱེད་རྒྱུ་དེ་གཙོ་གནད་ལ་བརྩིས་ཏེ། ཐོན་ལས་ཀྱིས་དབུལ་སྒྲོལ་བྱེད་པར་འཕེལ་རྒྱས་གང་ལེགས་གཏོང་བ་དང་མཉམ་སྡེབ་དཔལ་འབྱོར་གྱི་དོ་དམ་སོགས་ཞིབ་ཕྲའི་དགོས་མཁོར་དམིགས་ནས། “ཕྱིར་སྐྱོད”དང“ནང་འདྲེན”གྱི་བྱེད་ཐབས་སྤྱད་དེ། དམིགས་སའི་རང་བཞིན་དང་མྱུར་སྒྲུབ་རྣམ་པའི་གསོ་སྦྱོང་ཤུགས་ཆེན་སྤེལ་བ་དང་།--རྒྱ་ཆེའི་ཞིང་འབྲོག་མང་ཚོགས་སྒྲིག་འཛུགས་བྱས་ནས་འབྱུང་ཁམས་ཞིང་ལས་འདེབས་འཛུགས་ཤེས་བྱ་དང་། ཁྱད་ལྡན་འབྲོག་ལས་ཀྱི་གསོ་ཚགས་དང་ཞིང་འབྲོག་ཐོན་རྫས་ལས་སྣོན། ཡུལ་སྐོར་ལས་རིགས་ཀྱི་ཞབས་ཞུའི་དོ་དམ། ཨར་ལས་འཛུགས་སྐྲུན། མཉམ་ལས་ཁང་འཛུགས་སྐྲུན་དང་འཕེལ་རྒྱས། ཁེ་གཉེར་སོགས་ཀྱི་ཤེས་བྱ་སློབ་སྦྱོང་བྱས་ནས། ལག་རྩལ་སྣ་གཅིག་བྱང་ཆུབ་པ་བྱས་ཏེ་ཕྱུག་འགྱུར་གྱི་ནུས་པ་གོང་མཐོར་གཏོང་དགོས་ལ། དབུལ་སྒྲོལ་ཕྱུག་འགྱུར་དང་གྲོང་ཚོ་དར་རྒྱས་གཏོང་བའི་དཔུང་ཁག་ཤུགས་ཆེན་ཞིག་བཙུགས་ནས། ཞིང་འབྲོག་ལས་ཀྱི་བདག་གཉེར་བྱེད་པོ་གསར་པ་མགྱོགས་མྱུར་གསོ་སྐྱོང་བྱེད་དགོས།
གསུམ། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་མཐའ་འཁྱོངས་བྱས་ནས། རྒྱུན་ཆད་མེད་པར་དབུལ་སྒྲོལ་འགག་སྒྲོལ་ལ་ཏང་རྩ་འཛུགས་ཀྱི་སྣེ་ཁྲིད་བྱེད་ཤུགས་ཇེ་ཆེར་གཏོང་དགོས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དབུལ་སྐྱོར་གསར་སྤེལ་དང་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་བྱེད་རྒྱུ་ཟུང་འབྲེལ་བྱས་ནས། དབུལ་སྐྱོར་ལས་དོན་ཐོག་གཞི་རིམ་ཏང་འཛུགས་སྐྱོང་གི་གལ་ཆེའི་རང་བཞིན་འདོན་སྤེལ་གང་ལེགས་བྱེད་དགོས་ཞེས་གསུངས་ཡོད། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་མཐའ་འཁྱོངས་བྱེད་པར། དབུལ་སྒྲོལ་འགག་སྒྲོལ་གྱི་འཐབ་ཇུས་བཀོད་སྒྲིག་དང་མཐོ་སྒང་མཐའ་མཚམས་ཀྱི་ཏང་འཛུགས་སྐྱོང་བཀོད་སྒྲིག་དངོས་དང་ཟུང་འབྲེལ་བྱས་ནས། ཏང་འཛུགས་སྐྱོང་གིས་དབུལ་སྒྲོལ་ལ་སྐུལ་འདེད་གཏོང་བ་དང་། དབུལ་སྒྲོལ་གྱིས་ཏང་འཛུགས་སྐྱོང་སྟོབས་ཆེར་གཏོང་བ། རྩ་འཛུགས་ཀྱིས་ནུས་ཤུགས་ཡོད་རྒུ་གོང་བུར་འགྲིལ་ནས་ཁྲིད་སྟོན་བཅས་བྱེད་དགོས། ཏང་གི་སྟོབས་ཤུགས་ནི་རྩ་འཛུགས་ནས་བྱུང་བ་དང་། རྩ་འཛུགས་ཀྱིས་སྟོབས་ཤུགས་ཆེ་ཆེར་རྒྱས་ཐུབ་པས། ཏང་འཛུགས་སྐྱོང་གིས་དབུལ་སྒྲོལ་ལ་སྐུལ་འདེད་གཏོང་བར་རྩ་འཛུགས་ཀྱི་སྣེ་ཁྲིད་དང་ཁ་བྲལ་ཐབས་མེད། དེས་ན་ཞིང་འབྲོག་ཁུལ་གྱི་གཞི་རིམ་ཏང་རྩ་འཛུགས་སྲ་བརྟན་ཞིག་འཛུགས་རྒྱུ་མཐའ་འཁྱོངས་བྱེད་པར། གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ཚད་ལྡན་ཅན་དུ་འགྱུར་བར་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། སྲིད་ཇུས་ཀྱི་དགོས་མཁོ་དང་འཚམས་ཤིང་། མངའ་རིས་ཀྱི་དམངས་སྲོལ་མངོན་པ། ཕྱོགས་བསྡུས་ནུས་པ་ལྡན་པ་བཅས་ཀྱི་གྲོང་ཚོ་རིམ་པའི་ཚད་ལྡན་གྱི་བྱེད་སྒོ་སྤེལ་ས་འཛུགས་དགོས་ལ། ཏང་འཛུགས་སྐྱོང་ལ་དམ་འཛིན་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་འདེད་གཏོང་བའི་འགན་འཁྲིའི་ཞིབ་ཐོ་འཐུས་ཚང་དུ་གཏོང་དགོས་ཏེ། ཉིན་རེའི་ལས་ཐོ་དང་། གཟའ་རེའི་ཐོ་འགོད། ཟླ་རེའི་རྩིས་ཐོ། དུས་ཚིགས་རེའི་དཔྱད་དཔོག ལོ་རེའི་དཔྱད་ཞིབ་བྱེད་ཐབས་བཅས་ཁྱབ་དལ་བཏང་ནས། ལྟ་སྐུལ་དང་དཔྱད་ཞིབ། གདེང་འཇོག་བཅས་བྱེད་ཤུགས་ཆེ་རུ་གཏོང་དགོས། སྐབས་བརྗེས་པའི་གྲོང་ཚོ་རིམ་པའི་རྩ་འཛུགས་འཛུགས་སྐྱོང་ལ་དམིགས་ནས། ཐབས་ཇུས་སྤྱོད་པ་དང་ཚད་གཞི་མཐོ་རུ་བཏང་སྟེ། ནུས་མེད་ཟབ་ཟོབ་ཀྱི་གཞི་རིམ་ཏང་རྩ་འཛུགས་ལ་དག་ཐེར་རྒྱུན་ཆད་མེད་པ་བྱེད་པ་དང་། གྲོང་ཚོ་རིམ་པའི་རྩ་འཛུགས་འགའ་ཞིག་ནུས་པ་ཞན་ལ། འགོ་ཁྲིད་སྲོག་ཤིང་གི་ནུས་པ་ཉམས་པ། དབུལ་སྒྲོལ་བྱེད་མི་ཤེས་པ། དབུལ་སྒྲོལ་བྱེད་མི་ཐུབ་པ་སོགས་ཀྱི་གནད་དོན་ལ་བཅོས་སྒྲིག་བྱེད་པ་མ་ཟད། ཏང་ཡོན་གྱིས་དཔེ་སྟོན་དང་སྣེ་ཁྲིད་བྱེད་དགོས་ཏེ། ཏང་ཡོན་གྱི་དཔེ་སྟོན་དང་སྣེ་ཁྲིད་ནི་དབུལ་སྒྲོལ་འགག་སྒྲོལ་ཐོག་དགོས་ངེས་ཀྱི་སྒུལ་ཤུགས་ཤིག་ཡིན་སྟབས།--ཏང་ཡོན་དཔུང་ཁག་གི“སྣེ་ཁྲིད་གཉིས”ཀྱི་ནུས་པ་གོང་མཐོར་གཏོང་རྒྱུ་དང་དམ་པོར་སྦྲེལ་ནས། ཏང་ཡོན་འཕེལ་རྒྱས་སྤུས་ཚད་མཐོ་རུ་གཏོང་རྒྱུ་མཐའ་འཁྱོངས་བྱེད་དགོས་པ་དང་།--ཐོན་སྐྱེད་ཀྱི་འཐབ་ས་དང་པོ་ནས་ཡོང་བ་དང་། ཕ་ཡུལ་ལ་ལོག་འདོད་པའི་སློབ་ཐོན་སློབ་མ། བྱ་གཞག་གསར་གཏོད་བྱེད་མཁན་དང་ལས་ཞུགས་མི་སྣ། དམག་དཔུང་ནས་ཕྱིར་ལོག་དམག་མི། ཞིང་པ་ཨར་པོ་བ། ཕྱུག་འགྱུར་འཇོན་ཐང་ཅན་བཅས་ཀྱི་ཁྲོད་ནས་ཏང་ཡོན་འཕེལ་རྒྱས་གཏོང་རྒྱུར་མཐོང་ཆེན་བྱེད་པ་དང་། ཏང་ཡོན་གྱིས་སྣེ་ཁྲིད་དེ་ཕྱུག་འགྱུར་བྱེད་པར་སྐུལ་འདེད་གཏོང་དགོས། ད་དུང་དངུལ་རྩའི་ཐོག་ནས་ཞིང་ཕན་དངུལ་བུན་དང་།--དངུལ་གྲངས་ཉུང་བའི་དབུལ་སྐྱོར་ཡིད་རྟོན་དངུལ་བུན། དེ་བཞིན་དབུལ་སྐྱོར་གྱི་བསྐྱར་གཏོང་དངུལ་བུན་སོགས་ཀྱི་གཙོ་གནད་དེ་ཕྱུག་འགྱུར་སྣེ་ཁྲིད་ཀྱི་ཏང་ཡོན་ལ་ཁ་ཕྱོགས་དགོས། ཏང་ཡོན་གྱི་གདོང་ལེན་མིག་དཔེའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། གང་སར་དབུལ་སྒྲོལ་འགག་སྒྲོལ་གྱི་ཏང་ཡོན་དཔེ་སྟོན་ལས་གནས་དང་། འགན་འཁྲིའི་ཁུལ་བཙུགས་ཏེ། ལས་ཁུངས་ཀྱི་ཏང་ཡོན་དང་མང་ཚོགས་དབུལ་པོའི་དབར་ཆ་སྒྲིག་ནས། ཆ་འཕྲིན་དང་། མ་རྩ། ལག་རྩལ། རིག་སྟོབས། དོ་དམ་སོགས་ཀྱི་ཐད་ལ་རོགས་སྐྱོར་བྱེད་དགོས། བསྒྱུར་བཅོས་ཀྱི་ཁེ་ཕན་སྤྲོད་པ་སྟེ། བསྒྱུར་བཅོས་ཀྱིས་འཕེལ་རྒྱས་ཀྱི་འགོག་རྐྱེན་སེལ་ནས་སྐུལ་འདེད་གཏོང་དགོས་ཤིང་། ཏང་འཛུགས་ལམ་ལུགས་བསྒྱུར་བཅོས་དང་ཞིང་འབྲོག་ཁུལ་གྱི་ཕྱོགས་བསྡུས་བསྒྱུར་བཅོས་གཏིང་ཟབ་བྱས་ནས། སྐོར་སྐྱོད་ཕྱུགས་འཚོའི་འཚོ་བ་དང་འཚམས་ཤིང་འབྲོག་རས་སྦྲེལ་ཐག་བྱས་པའི་ཏང་ཚོགས་ཆུང་གི་སྒྲིག་བཀོད་འཚོལ་ཞིབ་བྱས་ཏེ། ཏང་ཚོགས་ཆུང་གིས་མང་ཚོགས་ཀྱི་ཐོན་སྐྱེད་འཐབ་ས་དང་པོར་ཁྱབ་རྒྱུར་སྐུལ་འདེད་གཏོང་དགོས། དབུལ་སྒྲོལ་འགག་སྒྲོལ་གྱི་ལམ་སྲོལ་གསར་གཏོད་བྱེད་པ་དང་།--དཔལ་འབྱོར་མཉམ་སྡེབ་ཀྱི་རྩ་འཛུགས་སྣེ་ཁྲིད་པ་ལེགས་འདེམས་བྱེད་པ།--གྲོང་ཚོ་དབུལ་པོ་དང་ཕྱི་ཚུལ་མཉམ་སྡེབ་ཀྱི་དཔལ་འབྱོར་སྟོབས་ཤུགས་ཆེ་རུ་བཏང་ནས། ཐོན་ལས་དབུལ་སྐྱོར་གྱི་ལམ་བུ་ཇེ་ཆེར་གཏོང་དགོས། ཞིང་འབྲོག་མང་ཚོགས་ཀྱི་དབང་ཆ་དང་། འགན་འཁྲི། ཁེ་ཕན་ཟུང་འབྲེལ་བཅས་བྱས་ཏེ། ནུས་ཤུགས་ཡོད་རྒུས་དབུལ་སྒྲོལ་འགག་སྒྲོལ་གྱི་དཔེ་མཚོན་ས་ཁུལ་གང་ལེགས་བཙུགས་ཐོག གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་གྱི་གསར་གཏོད་ནུས་པ་དང་། འགྲན་རྩོད་ནུས་པ། རྒྱུ་རྐྱེན་གཙོ་བོ་ཡོངས་ཀྱི་ཐོན་སྐྱེད་བྱེད་ཚད་བཅས་གོང་མཐོར་གཏོང་དགོས།
བཞི། མི་དམངས་ཀྱིས་ལྟེ་བ་བྱེད་རྒྱུ་མཐའ་འཁྱོངས་བྱས་ནས། རྒྱུན་མི་ཆད་པར་དབུལ་སྒྲོལ་འགག་སྒྲོལ་གྱི་རྩ་འཛུགས་ལ་སྐུལ་འདེད་བྱེད་པའི་ནུས་ཤུགས་གོང་མཐོར་གཏོང་དགོས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དབུལ་སྒྲོལ་འགག་སྒྲོལ་གྱི་འཐབ་རྩོད་ལས་རྣམ་པར་རྒྱལ་དགོས་ན། བརྟན་ལྷིང་ངང་དབུལ་སྒྲོལ་ཐུབ་པའི་བྱེད་ཐབས་སྤེལ་དགོས་པ་དང་། ཕུགས་རིང་གི་དབུལ་སྐྱོར་སྒྲིག་སྲོལ་འཛུགས་པ། དབུལ་སྐྱོར་ལས་དོན་དེ་སྙིང་རུས་ཆེན་པོས་དམ་འཛིན་བྱེད་དགོས་ཞེས་བཏོན་གནང་ཡོད། མིག་སྔར། མངའ་རིས་ས་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ཐོག་སྲིད་ཇུས་དོན་འཁྱོལ་གནད་དུ་མི་འཁེལ་བ་དང་ཐོན་ལས་ཀྱི་ཁེ་ཕན་མངོན་གསལ་མེད་པ་སོགས་ཀྱི་གནད་དོན་ལྷག་བཞིན་ཡོད། ད་དུང“ས་གནས་གཅིག་གི་ས་ཆུས་དེ་གའི་མི་ཁ་གསོ་མི་ཐུབ”པའི་ས་བབ་མཐོ་བའི་ཁུལ་ཡང་ཡོད་ལ། ས་ཁུལ་ཡོངས་མཉམ་དུ་དབུལ་སྒྲོལ་ཐུབ་པ་དང་།--དབུལ་པོ་ངོ་མ་དབུལ་སྒྲོལ། དབུལ་སྒྲོལ་ངོ་མ་ཐུབ་པ་བྱེད་རྒྱུའི་ལས་འགན་ལྕི་ཞིང་གནད་དོན་རྙོག་རྫིང་ཆེན་པོ་གནས་ཡོད་པས། སྔ་ཕྱི་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་པ་དང་། དབུལ་སྒྲོལ་གྱི་སྤུས་ཚད་གོང་མཐོར་གཏོང་རྒྱུ་རྩ་བར་བརྩིས་ནས།--རིམ་ཁག་སྲིད་གཞུང་གི་ནུས་པ་གང་ལེགས་བཏོན་ཏེ།--དབུལ་སྒྲོལ་གྱི་འགན་འཁྲི་ཕྲག་སྟེང་དུ་འཁུར་ཞིང་། དབུལ་སྒྲོལ་ལས་འགན་དམ་འཛིན་གྱིས་དབུལ་སྒྲོལ་གྱི་བྱ་སྤྱོད་བརྟན་པོ་ཡོང་བར་འགན་ལེན་བྱེད་དགོས།--རྫོང་དང་ཤང་གི་ཏང་ཨུད་སྲིད་གཞུང་ནི་དབུལ་སྒྲོལ་འགག་སྒྲོལ་གྱི་འཐབ་ས་དང་པོ་དང་འཐབ་ས་མདུན་མའི་བཀོད་བསྡོམས་པུའུ་ཡིན་ལ།--དབུལ་སྒྲོལ་འགག་སྒྲོལ་ནི་ཏང་ཡོན་འགོ་ཁྲིད་ལས་བྱེད་པའི་དམིགས་ཡུལ་འདུ་ཤེས་ཀྱི་ལེགས་ཉེས་ལ་ཞིབ་དཔྱད་བྱེད་པའི་རྡོ་ཀ་ཤུ་ཀ་ལྟར་ཡིན་པས། ང་ཚོས་དོ་དམ་ནན་པོ་དང་བརྩི་བཀུར་ལེགས་པོ་བྱེད་རྒྱུ་མཐའ་འཁྱོངས་བྱེད་པ་དང་། དབུལ་སྒྲོལ་མ་ཐུབ་ན་ལས་གནས་ལེགས་སྒྲིག་མི་བྱེད་པ་དང་དབུལ་པོའི་ཞྭ་མོ་ཕུད་མི་ཐུབ་ཚེ་ལས་བསྒྱུར་མི་བྱེད་པའི་སྒྲིག་ལམ་དང་བླང་བྱ་ནན་སྲུང་བྱེད་དགོས་པ། ཡིག་ཚགས་ཉར་ནས་ཞིབ་བཤེར་གཏན་འབེབས་བྱེད་པའི་རྒྱུད་རིམ་དམ་ནན་དང་། ཐུགས་འཁུར་དང་སྐུལ་སློང་གི་སྒྲིག་སྲོལ་འཐུས་ཚང་དུ་བཏང་སྟེ། དབུལ་སྒྲོལ་འགག་སྒྲོལ་ནང་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་མཁན་དང་གོ་གནས་སྤར་བའི་ཆ་རྐྱེན་ཚང་བ་རྣམས་ལས་གནས་ནས་ཁ་མི་བྲལ་བའི་སྔོན་འགྲོའི་ཆ་རྐྱེན་འོག་དམིགས་བསལ་གྱིས་སྔོན་ལ་གནས་སྤར་བེད་སྤྱོད་བྱེད་དགོས། འགན་མི་འཁུར་བ་དང་བྱས་རྗེས་མེད་པའི་ལས་བྱེད་པ་འཕྲལ་དུ་ཐག་གཅོད་བྱེད་དགོས། དབུལ་སྒྲོལ་འགག་སྒྲོལ་གྱི་ལས་གནས་འདི་ལས་བྱེད་པ་སྦྱོང་བརྡར་དང་། ཚོད་བགམ། སྐུལ་སློང་བཅས་བྱེད་སར་བརྩིས་ནས། འཇོན་ཐང་ཅན་དག་གཤམ་འོག་ཏུ་གཏོང་བར་སྐུལ་འདེད་གཏོང་དགོས། གྲོང་ཚོ་དང་དགོན་པའི་བཅའ་སྡོད་ལས་བྱེད་པ་དང་། སློབ་གྲྭ་ཆེན་མོ་བ། ནུབ་ཕྱོགས་དང་བླངས་པ། “གཅིག་བྱས་པ་ལྔ”(གྲོང་ཚོ་རེར་དཔལ་འབྱོར་ཁྲིད་སྟོན་པ་གཅིག སློབ་གྲྭ་ཆེན་མོ་ཐོན་པའི་གྲོང་དཔོན་གཅིག གྲོང་ཚོ་འགན་འཁྲིའི་ཤང་གྲོང་ལས་བྱེད་པ་གཅིག ཉེན་རྟོག་པ་གཅིག)བཅས་ཀྱི་སྟོབས་ཤུགས་གཅིག་འགྱུར་བེད་སྤྱོད་གང་ལེགས་བཏང་ཐོག ཏང་ཡོན་ལས་བྱེད་པས་དབུལ་སྒྲོལ་འགག་སྒྲོལ་གྱི་ལག་ལེན་དངོས་ནང་ལས་བྱེད་པ་བཟང་པོའི་དམིགས་ཚད་འཛུགས་ཐུབ་རྒྱུར་སྣེ་ཁྲིད་དེ“ལྷག་པར་གསུམ” བྱེད་ཐུབ་པ་དགོས། དབུལ་སྒྲོལ་འགག་སྒྲོལ་ནི་བྱས་ནས་བྱུང་བ་ཞིག་ཡིན་ཞིང་། མཛེས་ལམ་ཤེད་རྩལ་ལ་བརྟེན་ནས་འཐབ་རྩོད་ལས་རྒྱལ་མཁན་གཅིག་ཀྱང་བྱུང་མྱོང་མེད། མང་ཚོགས་ཀྱིས་དོ་སྣང་ཆེ་ཤོས་དང་། མང་ཚོགས་དང་ཐད་ཀར་འབྲེལ་བ་ཆེ་ཤོས། མང་ཚོགས་ལ་འཕྲལ་མཁོ་ཆེ་ཤོས་བཅས་ཡིན་པའི་ཁེ་ཕན་གནད་དོན་ལ་དམིགས་ནས། དབུལ་སྒྲོལ་འགག་སྒྲོལ་གྱི་ཀུན་སྤྱོད་འཛུགས་སྐྱོང་ལོའི་གོ་སྐབས་སྤྱད་དེ། དབུལ་སྒྲོལ་འགག་སྒྲོལ་གྱི་ཀུན་སྤྱོད་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། དངོས་ཐོག་བདེན་འཚོལ་དང་དངོས་དོན་གཉེར་བ། མང་ཚོགས་དང་འབྲེལ་བ་དམ་ཟབ་བཅས་ཀྱི་རྣམ་པ་དར་སྤེལ་གཏོང་དགོས་ལ། རྣམ་པའི་རིང་ལུགས་ལ་སྔོན་འགོག་དང་། ཕྱི་ཚུལ་གྱི་བྱ་སྤྱོད་སྤོང་བ། ཕྱི་མཛེས་ནང་སྟོང་མེད་པ། མངོན་གསལ་དང་མངོན་མེད་ཀྱི་གྲུབ་འབྲས་གཉིས་ཀ་གཏོད་པ། མགྱོགས་ཞིང་བརྟན་པོའི་ངང་དབུལ་སྐྱོར་ཡང་དག་བྱེད་དགོས། ཕྱོགས་གསུམ་པས་དཔྱད་དཔོག་བྱེད་པ་དང་། ལས་བྱེད་པ་གདམ་གསེས་བཀོལ་སྤྱོད་བྱེད་ཐབས་རྒྱ་ཁྱབ་ངང་སྤྱད་དེ། ལས་བྱེད་པའི་དབུལ་སྒྲོལ་གྲུབ་འབྲས་ལ་རྟོག་ཞིབ་བྱེད་ཤུགས་ཇེ་ཆེར་བཏང་ཐོག གོང་འོག་གཉིས་འཕེར་གྱི་ལམ་ལུགས་ནན་ཤོས་ལག་བསྟར་བྱས་ཏེ། ཚད་གཞི་མི་འདྲ་བའི་འགན་འཁྲི་མི་འཁུར་བ་དང་། སྲིད་ཇུས་གནད་སྨིན་མིན་པ། བྱེད་ཐབས་ལུགས་དང་མི་མཐུན་པ། སྤྱོད་ཚུལ་ནན་ཏན་མེད་པ། མ་རྩའི་དོ་དམ་ཚད་དང་མི་མཐུན་པ། ཐོན་ལས་ངོ་བོ་གཅིག་མཚུངས་ཅན། “སྟེང་ལ་རྦ་རླབས་རབ་ཏུ་འཕྱུར་ཡང་། འོག་ལ་ཆར་པ་སིམ་སིམ་ལས་མེད”པའི་གནད་དོན་དག་ཐག་གཅོད་ཡང་དག་བྱས་ཏེ། དབུལ་སྒྲོལ་ལས་དོན་དོན་གཉེར་དང་། དབུལ་སྒྲོལ་རྒྱུད་རིམ་སྲ་བརྟན། དབུལ་སྒྲོལ་གྲུབ་འབྲས་ངོ་མ་བཅས་ཡིན་པ་བྱེད་དགོས། དབུལ་སྒྲོལ་འགག་སྒྲོལ་གྱི་འཐབ་རྩོད་ལ་རྒྱལ་ཁ་ཐོབ་དགོས་ན་ངར་ལྕགས་ལྟར་གྱི་སྒྲིག་ཁྲིམས་དགོས་པས། ཁྱོན་ཡོངས་ནས་ཏང་ནན་སྐྱོང་བྱེད་པ་དེ་གཞི་རིམ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་ཁྱབ་ཁོངས་ནང་སྲིང་རྒྱུར་སྐུལ་འདེད་གཏོང་བ་དང་། ཆ་འཕྲིན་ཅན་གྱི་ཐབས་ལམ་གང་ལེགས་སྤྱད་དེ་ལྟ་སྐུལ་གྱི་དྲ་བ་བཟོས་ནས། གཞི་གྲངས་ཆེན་པོའི་ལྟ་སྐུལ་ལས་སྟེགས་བཙུགས་ཐོག མི་དམངས་འཐུས་ཚོགས་ཀྱི་ལྟ་སྐུལ་དང་། སྲིད་གྲོས་ཀྱི་ལྟ་སྐུལ། མྱུལ་ཞིབ་ཀྱི་ལྟ་སྐུལ། སྒྲིག་བཤེར་གྱི་ལྟ་སྐུལ། ལས་བྱེད་པའི་ལྟ་སྐུལ། མང་ཚོགས་ཀྱི་ལྟ་སྐུལ། སྨྱན་བྱེད་ཀྱི་ལྟ་སྐུལ། དྲ་སྦྲེལ་གྱི་ལྟ་སྐུལ་སོགས་ཀྱི་བྱེད་ཐབས་ཁག་མ་ལག་ལྡན་པའི་ངང་བསྡུ་སྒྲིག་གིས། རྒྱུན་ཆད་མེད་པར་ཆེད་སྤྱོད་ལྟ་སྐུལ་དང་། ཆེད་སྤྱོད་རྩིས་བཤེར། ཆེད་སྤྱོད་ལྟ་སྐུལ་བཅས་བྱེད་ཤུགས་ཇེ་ཆེར་གཏོང་དགོས་པ་དང་། “གནས་ལྔ་གཞི་གཅིག”གི་ཐེར་དོན་ལས་སྟེགས་ལ་བརྟེན་ནས་མང་ཚོགས་ཀྱི་ཞུ་གཏུག་དང་ཐེར་དོན་གྱི་འགྲོ་ལམ་བཤངས་བ་དང་། ཐེར་དོན་རྩད་གཅོད་ཀྱི་ལམ་ལུགས་འཛུགས་པ། དབུལ་སྐྱོར་ཁྱབ་ཁོངས་ཀྱི་ཚུལ་མིན་བྱེད་སྤྱོད་དང་རུལ་སུངས་གནད་དོན་དག་ཤེས་རྟོགས་དང་ཐག་གཅོད་གནད་ལ་འཕིགས་པ་བྱས་ནས། འགན་མི་འཁུར་བར་འདྲི་རྩད་བྱེད་པ་དང་། འདྲི་རྩད་ནན་པོ་བྱེད་པ། སྒྲིག་ཁྲིམས་ལས་འགལ་བ་རྩད་གཅོད་པ། ཁྲིམས་ལུགས་ལས་འགལ་བར་ཐག་གཅོད་ནན་པོ་བཅས་བྱས་ཏེ། སྒུལ་ཤུགས་གསར་པར་དུས་ནམ་ཡང་སྒྲིག་ཁྲིམས་ནན་ཞིང་དོན་ངོ་མས་སྐུལ་འདེད་གཏོང་དགོས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། དབུལ་སྒྲོལ་འགག་སྒྲོལ་གྱི་འཐབ་འཛིང་ལེགས་པོ་རྒྱག་རྒྱུ་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པས་བཏོན་པའི་འཐབ་འཛིང་ཆེན་པོ་གསུམ་གྱི་ཡ་གྱལ་ཞིག་ཡིན་ལ། དེ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྱོང་དུས་བཀག་ལྟར་བྱེད་ཐུབ་པ་དང་། ང་ཚོའི་ཏང་གི་ལོ་བརྒྱའི་འབད་འཐབ་དམིགས་ཡུལ་ཨང་དང་པོ་མངོན་འགྱུར་ཐུབ་པའི་གལ་ཆེའི་དོན་སྙིང་ལྡན་ཡོད། མངའ་རིས་ས་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ནི“རུས་ཐོག་རྒྱག་པ”ལྟ་བུའི་མཐའ་མའི་གདོང་མཆོང་དུས་ཚིགས་ལ་སླེབས་ཡོད་པས། ས་བབ་མཐོ་བར་དམིགས་ཚད་དེ་བས་མཐོ་བ་དགོས་པའི་སེམས་ཤུགས་མཐའ་འཁྱོངས་བྱས་ཏེ། བསམ་བློ་དང་བྱ་སྤྱོད་དངོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དབུལ་སྒྲོལ་འགག་སྒྲོལ་གྱི་འཐབ་རྩོད་ཀྱི་སྤྱིའི་བཀོད་བསྡོམས་དང་གཅིག་འགྱུར་ཡོང་བ་བྱེད་པ་དང་། མཐོ་སྒང་མཐའ་འཚམས་ཁུལ་གྱི་ཏང་འཛུགས་སྐྱོང་ལས་དོན་དམ་འཛིན་གྱིས་དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་འདེད་གཏོང་བའི་རྙོག་འཛིང་རང་བཞིན་དང་དཀའ་ཚེགས་རང་བཞིན་ལ་ཤེས་རྟོགས་བྱེད་དགོས་ལ། བསམ་བློའི་ཐོག་ལྷོད་གཡེང་མི་ཤོར་བ། བྱ་སྤྱོད་ཐོག་རྒྱུན་མི་ཆད་པ། ངར་ཤུགས་ཐོག་རྣམ་གཡེང་མི་ཤོར་བ་བཅས་བྱེད་པ་དང་། ཤིན་ཏུ་དབུལ་བའི་ས་ཁུལ་ལ་དམིགས་ཏེ་དབུལ་སྒྲོལ་གྱི་སྤུས་ཚད་མཐོ་རུ་གཏོང་བ། རྒྱལ་ཁ་ཆུང་ཆུང་ནས་ཆེན་པོར་འགྱུར་བ། ཏན་ཏིག་ངང་དབུལ་སྒྲོལ་འགག་སྒྲོལ་དེ་ཉིད་ཡང་དག་པའི་ཕྱོགས་སུ་བདེ་བླག་ངང་བསྐྱོད་དེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རྩ་བ་དེ་ཉིད་མངའ་རིས་ལ་སྔར་བས་སྲ་ཞིང་བརྟན་པོས་ཚུགས་པ་བྱེད་དགོས།
བདེ་སྐྱིད་གཡང་འཛོམས་ཀྱིས་བསྒྱུར།