དུས་རབས་གསར་པའི་བོད་ཀྱི་མི་རིགས་མཐུན་སྒྲིལ་ལས་དོན་གསར་གཏོད་དང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ།

ལིའུ་ཅིང་ཧྲེན། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-22


ཏང་གི་ཚོགས་ཆེན་བཅུ་དགུ་པའི་ནང་གསལ་པོར་བཏོན་པར། “མི་རིགས་མཐུན་སྒྲིལ་ཡར་རྒྱས་ཀྱི་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་འདུ་ཤེས་བརྟན་པོར་འཛུགས་པ། མི་རིགས་ཁག་འགྲོ་འོང་སྤེལ་རེས་གཅིག་བསྡུས་བཅས་ལ་ཤུགས་སྣོན་རྒྱག་པ། མི་རིགས་ཁག་སེའུ་འབྲུ་ལྟར་གོང་བུ་གཅིག་སྒྲིལ་ལ་སྐུལ་འདེད་བཏང་སྟེ་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་དར་རྒྱས་གོང་འཕེལ་གཏོང་དགོས” ཞེས་པའི་ཆོད་གཏམ་འདིས་ང་ཚོར་དེང་དང་ཕྱིན་ཆད་དུས་སྐབས་ཤིག་རིང་གི་མི་རིགས་ལས་ཀའི་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་བྱས་པ་མ་ཟད་། ཚན་རིག་དང་མཐུན་ལ་ཞིབ་ཚགས་ཏན་ཏིག་གིས་བྱ་སྤྱོད་ཀྱི་ཕྱོགས་སྟོན་དང་ལས་ཀའི་དམིགས་ཚད་བཏོན་ཡོད།

ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློས་ཁྲིད་སྟོན་དང་། དུས་རབས་གསར་པའི་བོད་ཀྱི་མི་རིགས་མཐུན་སྒྲིལ་གྱི་ལས་དོན་གསར་གཏོད་དང་འཕེལ་རྒྱས་ཧུར་ཐག་ངང་སྐུལ་འདེད་གཏོང་དགོས། 2017ལོའི་ཟླ10ཚེས28ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལྷུན་རྩེ་རྫོང་ཡུལ་སྨད་ཤང་གི་འབྲོག་པ་སྒྲོལ་དཀར་དང་གཡང་འཛོམས་མིང་སྲིང་གཉིས་ལ་བསྐུར་བའི་འཕྲིན་ལན་ལས་ཁོ་ཚོའི་ཕ་བུ་མི་རབས་གཉིས་ཀྱིས་རྒྱལ་ཁབ་ཀྱི་མཐའ་མཚམས་སྲུང་བའི་བྱ་སྤྱོད་ལ་གདེང་འཇོག་གང་ལེགས་གནང་བ་མ་ཟད། ཡུན་རིང་མེས་རྒྱལ་གྱི་མཐའ་མཚམས་བརྟན་སྲུང་ལ་ལེགས་སྐྱེས་འབུལ་བཞིན་པའི་བློ་མཐུན་རྣམས་ལ་ལྷག་བསམ་ཟོལ་མེད་ཀྱིས་ཐུགས་རྗེ་ཞུ་བ་དང་། རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱིས་མཐའ་མཚམས་སུ་གནས་གཞི་ཚུགས་པ་དང་། རྒྱལ་ཁབ་ཀྱི་ས་ཆ་བརྟན་པོར་སྲུང་བ། ཕ་ཡུལ་འཛུགས་སྐྲུན་ལེགས་པོ་བྱེད་པར་སྐུལ་ལྕག་བཏང་ཡོད། སྤྱི་ཁྱབ་ཧྲུའུ་ཅིས་གནང་བའི་འཕྲིན་ལན་གྱིས་བོད་ཀྱི་ཞིང་འབྲོག་མང་ཚོགས་ཀྱིས་མཐའ་མཚམས་སྲུང་བའི་ཆོད་སེམས་ཇེ་བརྟན་དུ་སོང་ཡོད་པ་དང་།--མཐའ་མཚམས་ཞིང་འབྲོག་མང་ཚོགས་ཀྱིས་རྒྱལ་ཁབ་ཀྱི་གཅིག་མཐུན་ངོས་འཛིན་ཇེ་ཆེར་སོང་བ་མ་ཟད། མཐའ་མཚམས་ཀྱི་མི་རིགས་ས་ཁུལ་གྱི་ཏང་ཡོན་ལས་བྱེད་པ་དང་། མང་ཚོགས་ཀྱིས་རྒྱལ་སྲུང་མཐའ་སྲུང་གི་སེམས་ཤུགས་ཇེ་བརྟན་དུ་སོང་བ་དེས་བོད་ཀྱི་མི་རིགས་མཐུན་སྒྲིལ་གྱི་ལས་དོན་སྔར་བས་ཡག་པོ་བསྒྲུབ་པར་ཁྲིད་སྟོན་ཡང་དག་མཛད་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ནས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་སེམས་པ་བོད་དང་། ཏང་དང་རྒྱལ་ཁབ་ཀྱི་འཐབ་ཇུས་སྤྱི་ཡོངས་ལ་གཞི་ཚུགས་ནས། རྒྱལ་སྤྱི་དང་རྒྱལ་ནང་གཅིག་གྱུར་གྱིས་འཕེལ་ཕྱོགས་ལ་བསྟུན་ནས་བོད་ཀྱི་དོན་དངོས་ལ་དམིགས་པ། བོད་ཀྱི་མི་རིགས་མཐུན་སྒྲིལ་འཕེལ་རྒྱས་ཀྱི་བྱ་གཞག་ལ་སྐུལ་འདེད་ཏན་ཏིག་བཏང་ནས། ཚན་རིག་དང་མཐུན་པའི་སྒོ་ནས་འཕེལ་རྒྱས་གཏོང་བ་དང་། མི་རིགས་མཐུན་སྒྲིལ། ཞི་མཐུན་བརྟན་ལྷིང་གི་རྣམ་པ་གསར་པ་གཏོད་དགོས། ཏང་གི་ཚོགས་ཆེན་བཅུ་དགུ་པས་མི་རིགས་ཀྱི་ལས་དོན་དེ་ཉིད་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སྤྱི་ཡོངས་ཁྲོད་ནས་ཆེས་གལ་ཆེའི་འཐབ་ཇུས་ཀྱི་གནས་བབས་སུ་བཞག་སྟེ། “རླབས་ཆེན་བཞིའི” དམིགས་ཚད་གསར་པ་དང་། “ ཕྱོགས་ལྔ་གཞི་གཅིག” གི་སྤྱིའི་འཆར་འགོད། “ཕྱོགས་ཡོངས་བཞིའི” འཐབ་ཇུས་ཀྱི་འཆར་འགོད་ཁྲོད། དཔལ་འབྱོར་དང་། ཆབ་སྲིད། རིག་གནས། སྤྱི་ཚོགས། སྐྱེ་ཁམས། ཏང་འཛུགས་སྐྱོང་སོགས་ཕྱོགས་སོ་སོའི་མི་རིགས་ལས་དོན་ཐད་བླང་བྱ་གསལ་སྟོན་དང་ཞིབ་ཕྲའི་རེ་བ་བཏོན་པ་དེས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་མི་རིགས་ལས་དོན་གྱི་བསམ་བློའི་སྙིང་བཅུད་དག་གཅིག་བསྡུས་ཀྱིས་མཚོན་ཡོད་པས། ང་ཚོས་དུས་རབས་གསར་པའི་མི་རིགས་ཀྱི་ལས་དོན་ལེགས་པོ་སྒྲུབ་པར་ཁ་ཕྱོགས་གསལ་སྟོན་དང་། གཞི་རྩའི་སྲུང་བྱ་དང་གོ་སྐབས་བཟང་པོ་མཁོ་འདོན་བྱས་ཡོད། བོད་ཀྱི་མི་རིགས་མཐུན་སྒྲིལ་འཕེལ་རྒྱས་དེ་ཉིད་ལོ་རྒྱུས་ཀྱི་དུས་རིམ་གསར་པ་ཞིག་ལ་སླེབས་ཡོད།

ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཐའ་མཚམས་སྐྱོང་བར་བོད་བརྟན་ལྷིང་གི་གལ་ཆེའི་འཐབ་ཇུས་དགོངས་པ་ཟུལ་འབྲེལ་བྱེད་དགོས། “བོད་ལྗོངས་ཁྲིམས་བཞིན་སྐྱོང་བ། དམངས་ཕྱུག་བོད་དར། ཡུན་རིང་བོད་འཛུགས་སྐྲུན། མི་སེམས་གཅིག་ཏུ་སྒྲིལ་བ། རྨང་གཞི་བརྟན་གཏོང”བཅས་ནི་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བཏོན་གནང་བའི་བོད་ཀྱི་ལས་དོན་གྱི་རྩ་དོན་གལ་ཆེན་དང་།--སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་དགོངས་པ་གལ་ཆེན་མ་ལག་ལྡན་པའི་སྒོ་ནས་ཕྱོགས་སྡོམ་དང་། གསར་གཏོད་རང་བཞིན་གྱིས་ང་ཚོའི་ཏང་གིས་བོད་སྐྱོང་ཇུས་ཆེན་རྒྱུན་འཛིན་བྱས་ཡོད། ལོ་རྒྱུས་ཀྱི་དུས་རིམ་གསར་པའི་ཁྲོད་བོད་ཀྱི་ལས་དོན་ཁག་ལེགས་པོ་སྒྲུབ་པར་གཞུང་ལུགས་གལ་ཆེན་དང་། ལག་ལེན་གྱི་གནད་དོན་ཐད་རྒྱས་བཤད་གཏིང་ཟབ་བྱས་པ་མ་ཟད། བོད་ལྗོངས་འདི་ཉིད་བརྟན་ལྷིང་ངང་འཕེལ་རྒྱས་གཏོང་རྒྱུའི་འཆར་གཞི་རླབས་པོ་ཆེ་བཏིང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་དོན། བོད་ཀྱི་ལས་དོན་གྱི་གཞི་ཚུགས་ས་དང་ཤུགས་རྒྱག་ས་དེ་ངེས་པར་དུ་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་བྱེད་རྒྱུ་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུའི་ཐོག་འཇོག་དགོས། སྤྱི་ཚོགས་ཀྱི་དུས་བབ་རྒྱུན་མཐུད་དེ་བརྟན་ལྷིང་དང་། ཡུན་རིང་བརྟན་ལྷིང་། ཁྱོན་ཡོངས་ནས་བརྟན་ལྷིང་ཡོང་རྒྱུ་དེ་ལས་འགན་གཙོ་བོ་ཞིག་ཏུ་བརྩིས་ནས་ཕྱོགས་གང་ཅིའི་ལས་དོན་གཅིག་གྱུར་གྱིས་འཆར་འགོད་བྱེད་པ། ཕྱོགས་བསྡུས་ངང་ནུས་པ་འདོན་པ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་གཙོ་བཟུང་དབང་ཆ་བརྟན་པོར་བཟུང་དགོས། དེང་གི་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་མི་རིགས་མཐུན་སྒྲིལ། སྤྱི་ཚོགས་བརྟན་ལྷིང་། མི་དམངས་ཀྱི་འཚོ་བ་ལེགས་བཅོས། བྱ་གཞག་ཁག་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་ཐུབ་པ་སོགས་གྲུབ་འབྲས་དེ་དག་ཐོབ་པ་ནི་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་ཨུད་དང་། སྲིད་གཞུང་གིས་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཏང་གི་མི་རིགས་ལས་ཀའི་བྱེད་ཕྱོགས་དང་སྲིད་ཇུས་ལག་བསྟར་དོན་འཁྱོལ་དང་། ཐོག་མཐའ་བར་གསུམ་དུ་མི་རིགས་མཐུན་སྒྲིལ་དེ་མི་རིགས་ཁག་གི་མི་དམངས་ཀྱི་སྲོག་རྩར་བརྩིས་པ་དེ་ནི“ཁ་བྲལ་ཐབས་མེད་པ་གསུམ”གྱི་བསམ་བློ་བརྟན་པོ་བཙུགས་པའི་མཚོན་ཚུལ་གལ་ཆེན་ཞིག་ཡིན།

ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འདི་ཉིད་དུས་རབས་གསར་པ་ཞིག་ཏུ་སླེབས་པའི་རྒྱལ་ཁབ་ཀྱི་གནས་སྟངས་གསར་པ་དེ་དང་། བོད་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་གྱི་ལས་དོན་ཐག་གཅོད་གང་ལེགས་བྱ་རྒྱུའི་གོ་སྐབས་གསར་པ་གཉིས་ཟུང་སྦྲེལ་བྱེད་པར་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་ཆེན་བཅུ་དགུའི་སྙན་སྒྲོན་སྐབས། “ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འདི་ཉིད་དུས་རབས་གསར་པ་ཞིག་ཏུ་སླེབས་ཡོད” ཅེས་གསལ་སྟོན། འདི་ནི་རྒྱལ་ཁབ་ཀྱི་འཕེལ་རྒྱས་ལོ་རྒྱུས་དང་། ཀྲུང་ཧྭ་མི་རིགས་ཀྱི་འཕེལ་རྒྱས་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་ཀྱི་འཕེལ་རྒྱས་ལོ་རྒྱུས། མིའི་རིགས་ཀྱི་འཕེལ་རྒྱས་ལོ་རྒྱུས་བཅས་ཀྱི་ཐོག་དོན་སྙིང་ཆེན་པོ་ཡོད་པ་ནན་བཤད་གནང་བ་མ་ཟད། རང་རྒྱལ་གྱི་སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོ་གང་ཡིན་དང་། དེ་ནི་ཁྱོན་ཡོངས་ཀྱི་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་ཡོང་བར་འབྲེལ་བ་ཡོད་པ་ནན་བཤད་དང་། རང་རྒྱལ་གྱི་འཕེལ་རྒྱས་ལོ་རྒྱུས་ཀྱི་ཁ་ཕྱོགས་གསལ་པོ་བསྟན་གནང་བས། ང་ཚོས་མཛད་ཕྱོགས་སྲིད་ཇུས་གཏན་འབེབས་བྱེད་པར་རྩ་བའི་གཞི་འཛིན་ས་ཞིག་ཏུ་གྱུར། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འདི་ཉིད་དུས་རབས་གསར་པ་ཞིག་ཏུ་སླེབས་པས། གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་ཁག་འཕེལ་རྒྱས་ཡོང་བའི་གོ་སྐབས་གསར་པ་ཞིག་ཐོབ་ཡོད། བོད་ལྗོངས་སུ་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འདི་ཉིད་འཕེལ་རྒྱས་དང་རྒྱུན་འཁྱོངས་ཡོང་དགོས་ན། ཀྲུང་གོའི་ཁྱད་ཆོས་དང་བོད་ལྗོངས་ཀྱི་ཐུན་མིན་ཁྱད་ཆོས་ལྡན་པའི་ལམ་བུར་བསྐྱོད་རྒྱུ་རྒྱུན་འཁྱོངས་བྱེད་དགོས། བོད་ལྗོངས་ཀྱི་སྤྱི་ཚོགས་འདི་ཉིད་དུས་རབས་གསར་པའི་དུས་བབ་གསར་པ་ཞིག་གི་ཐོག་ཏུ་བསྐྱོད་པ་ནི། བོད་ལྗོངས་འཕེལ་རྒྱས་ཡོང་བའི་ཆོས་ཉིད་ལ་ངོས་འཛིན་ཐུབ་པ་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་གཏོད་བྱེད་པ། འཕེལ་རྒྱས་ཀྱི་དཀའ་གནད་སེལ་བ་བཅས་ཀྱི་ཐབས་ཤེས་ཤིག་ཡིན་ལ། བརྒྱུད་དགོས་ངེས་ཀྱི་ལམ་བུ་ཞིག་ཀྱང་ཡིན། འཕེལ་རྒྱས་ཀྱི་ལམ་བུ་འདིས་གནད་དུ་འཁེལ་བའི་སྒོ་ནས་འཕེལ་རྒྱས་ཀྱི་རེ་བ་གསར་པ་དམ་བཟུང་དང་། འཕེལ་རྒྱས་ཀྱི་དུས་རིམ་ཁྲོད་ཀྱི་འགྱུར་ལྡོག་དང་མི་དམངས་ཀྱིས་འཕེལ་རྒྱས་ཡོང་བར་བཅངས་པའི་རེ་བ་བཅས་དམ་འཛིན་ཐུབ་ཡོད་པས། དེ་ནི་བོད་ལྗོངས་འདི་ཉིད་རྒྱལ་ཡོངས་དང་གོམ་པ་མཉམ་བགྲོད་ཐོག་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་རྒྱུའི་དམིགས་ཡུལ་མངོན་དུ་འགྱུར་བ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་བསྐྲུན་པར་ངེས་པར་དུ་བརྒྱུད་དགོས་པའི་ལམ་བུ་དེ་ཡིན།

རང་རྒྱལ་གྱི་སྤྱི་ཚོགས་ཀྱི་གཙོ་བོའི་འགལ་ཟླ་དེ་མི་དམངས་ཀྱི་དགོས་མཁོ་ཉིན་རེ་ལས་མ་འདས་པར་མང་དུ་འགྲོ་བ་དང་འཕེལ་རྒྱས་དོ་མ་སྙོམས་པའམ་འཕེལ་རྒྱས་མ་བྱུང་བའི་དབར་གྱི་འགལ་ཟླར་གྱུར་ཟིན་པ་དེ་དང་། བོད་ལྗོངས་སྤྱི་ཚོགས་ཀྱི་དམིགས་བསལ་གྱི་འགལ་ཟླ་ཐག་གཅོད་ལེགས་པོ་བྱ་རྒྱུ་གཉིས་ཟུང་སྦྲེལ་བྱ་རྒྱུར་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་དགོས། རང་རྒྱལ་ཀྱི་འཕེལ་རྒྱས་ཀྱི་དུས་རིམ་མི་འདྲ་བའི་སྐབས་ཀྱི་སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོ་གང་ཡིན་ལ་ངོས་འཛིན་གསལ་པོ་ཐུབ་པ་བྱེད་དགོས་པ་ནི། ཚན་རིག་དང་མཐུན་པའི་སྒོ་ནས་འཕེལ་རྒྱས་ཀྱི་དུས་བབ་གསལ་འབྱེད་ཐུབ་པ་དང་། མཛད་ཕྱོགས་སྲིད་ཇུས་གལ་ཆེན་རྣམས་གཏན་དུ་འབེབས་པའི་སྔོན་འགྲོའི་ཆ་རྐྱེན་ཡིན་ཞིང་། དེ་ནི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཁག་ཁྱོན་ཡོངས་ནས་འཕེལ་རྒྱས་ཡོང་བ་དང་ཡང་འབྲེལ་བ་ཡོད། “ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འདི་ཉིད་དུས་རབས་གསར་པར་སླེབས་པ་དང་། རང་རྒྱལ་གྱི་སྤྱི་ཚོགས་ཀྱི་གཙོ་བོའི་འགལ་ཟླ་དེ་མི་དམངས་ཀྱི་དགོས་མཁོ་ཉིན་རེ་ལས་མ་འདས་པར་མང་དུ་འགྲོ་བ་དང་འཕེལ་རྒྱས་མ་སྙོམས་པའམ་འཕེལ་རྒྱས་མ་བྱུང་བའི་དབར་གྱི་འགལ་ཟླར་གྱུར་ཟིན་པ་ཡིན་ཞེས་པ་འདི་ནི། ཏང་གི་ཚོགས་ཆེན་བཅུ་དགུས་རང་རྒྱལ་གྱི་སྤྱི་ཚོགས་ཀྱི་གཙོ་བོའི་འགལ་ཟླ་ལ་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་བྱུང་བའི་ཐད་ལ་བཞག་པའི་ཆབ་སྲིད་ཀྱི་ཆོད་སྡོམ་གལ་ཆེན་ཞིག་ཡིན་ལ། དེས་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དུས་རིམ་རང་བཞིན་གྱི་ཁྱད་ཆོས་མངོན་པར་གསལ་བར་བྱས་ཡོད། ང་ཚོས་གནད་འཁེལ་པོའི་སྒོ་ནས་དུས་རབས་གསར་པའི་འཕེལ་རྒྱས་ཀྱི་རེ་བ་གསར་པར་ངོས་འཛིན་ཐུབ་རྒྱུར་གཞི་འཛིན་ས་གལ་ཆེན་དང་ལག་ལེན་གྱི་ཚད་ཐིག་ཡོད་པར་གྱུར་བ་ཡིན། དུས་རབས་ཀྱི་གོམ་བགྲོད་དང་མཐུན་པའི་སྒོ་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལ་རྟོག་དཔྱོད་གཏོང་བ་དང་། འགྱུར་ལྡོག་ཆེན་པོ་དེར་ངོས་འཛིན་ཡང་དག་ཡོང་དགོས་ན། ངེས་པར་དུ་བོད་ལྗོངས་ཀྱི་སྤྱི་ཚོགས་ཀྱི་དམིགས་བསལ་གྱི་འགལ་ཟླ་དེ་ཐག་གཅོད་ལེགས་པོ་བྱེད་དགོས། བོད་ལྗོངས་སུ་མེས་རྒྱལ་གོང་བུ་གཅིག་འགྱུར་ལ་སྲུང་སྐྱོབ་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ལས་དོན་ཐམས་ཅད་ཀྱི་དམིགས་ས་དང་ཤུགས་རྒྱག་ས་ཞིག་ཏུ་བརྩིས་ནས། མེས་རྒྱལ་ཁ་ཕྲལ་གཏོང་བ་དང་། མི་རིགས་མཐུན་སྒྲིལ་ལ་གཏོར་བཤིགས་གཏོང་བའི་བྱ་སྤྱོད་ཐམས་ཅད་ལ་ཁྲིམས་དང་མཐུན་པའི་སྒོ་ནས་རྡུང་རྡེག་གཏོང་དགོས། ནམ་ཡིན་ཡང་མི་རིགས་མཐུན་སྒྲིལ་ནི་བོད་ལྗོངས་ཀྱི་མི་རིགས་ཁག་གི་སྲོག་རྩ་ལྟ་བུར་བརྩིས་ནས། མི་རིགས་ཁག་གི་མི་དམངས་ཀྱིས་ལས་ཀ་དང་འཚོ་བའི་ནང་ཕན་ཚུན་བརྩི་འཇོག་དང་། ཕན་ཚུན་མཉམ་ལས། ཕན་ཚུན་རོགས་རམ་བྱས་ཏེ། རང་གི་མིག་ལ་གཅེས་པ་བཞིན་མི་རིགས་མཐུན་སྒྲིལ་ལ་གཅེས་དགོས་རྒྱུར་འཁྲིད་སྟོན་བྱས་ནས། ཀྲུང་ཧྭ་མི་རིགས་ཀྱི་མཉམ་སྡེབ་ཀྱི་བསམ་བློ་དང་། ཁ་བྲལ་མི་རུང་བ་གསུམ”གྱི་བསམ་བློ། འོ་ཆུ་གཅིག་འདྲེས་དང་། གཅིག་ལ་གཅིག་བརྟེན། སྐྱིད་སྡུག་མཉམ་མྱོང་བཅས་ཀྱི་འདུ་ཤེས་བརྟན་པོ་བཙུགས་ནས། རླབས་ཆེན་གྱི་མེས་རྒྱལ་དང་ཀྲུང་ཧྭ་མི་རིགས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཅས་ལ་འཛིན་པའི་མོས་མཐུན་གྱི་བསམ་བློ་བརྟན་དུ་གཏོང་དགོས་པ་དང་། འཕེལ་རྒྱས་དང་། འདྲ་མཉམ། མཐུན་སྒྲིལ། རོགས་རམ། མཐུན་སྦྱོར་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་ཀྱི་འབྲེལ་བ་རྒྱུན་མཐུད་དེ་སྲ་བརྟན་དུ་བཏང་ནས། བོད་ལྗོངས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་མགྱོགས་པ་དང་། སྤྱི་ཚོགས་བརྟན་ལྷིང་ཡིན་པའི་གནས་སྟངས་འདི་རྒྱུན་འཁྱོངས་བྱེད་དགོས།

སྤེན་དོན་གྱིས་བསྒྱུར།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1