སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལྗོངས་མི་རིགས་སློབ་ཆེན་བཙུགས་ནས་ལོ་60འཁོར་བར་སྤྲིངས་པའི་རྟེན་འབྲེལ་འཕྲིན་ཡིག་ལ་རང་ལྗོངས་ཀྱི་མཐོ་སློབ་ཁྲོད་ཚུར་སྣང་ལན་ཆ་དྲག་པོ་བྱུང་བ།
རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-25
ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཚེས་15ཉིན་འཕྲིན་ཡིག་སྤྲིངས་ཏེ་བོད་ལྗོངས་མི་རིགས་སློབ་ཆེན་བཙུགས་ནས་ལོ་60འཁོར་བར་རྟེན་འབྲེལ་ཞུས་ཤིང་། རྟེན་འབྲེལ་འཕྲིན་ཡིག་སྤྲིངས་རྗེས་རང་ལྗོངས་ཀྱི་མཐོ་སློབ་ཀྱི་དགེ་སློབ་ཁྲོད་ཚུར་སྣང་ལན་ཆ་དྲག་པོ་བྱུང་བ་རེད།
རང་སྐྱོང་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭའི་ལྗོངས་བབ་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཞེ་ཧུའེ་ཧྲེ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལྗོངས་མི་རིགས་སློབ་ཆེན་བཙུགས་ནས་ལོ་60འཁོར་བར་སྤྲིངས་པའི་རྟེན་འབྲེལ་འཕྲིན་ཡིག་ནི་བརྩེ་བ་ཟབ་ལ་དོན་སྙིང་གཏིང་ཟབ་ལྡན་པ་དང་མི་སེམས་ལ་སྐུལ་མ་ཐེབས་པ་ཞིག་ཡོད་པ་དེ་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་བྱམས་བརྩེའི་ཐུགས་ཁུར་གནང་ལུགས་གང་ལེགས་མཚོན་ཡོད་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་སློབ་གསོའི་བྱ་གཞག་ལ་ཐུགས་རེ་ཟབ་མོ་བཅོལ་བ་དང་བོད་ཀྱི་རྒྱ་ཆེའི་སློབ་གསོའི་ལས་དོན་པར་ཐུགས་ཁུར་གཟབ་བཞེས་གནང་ལུགས་ཀྱང་གང་ལེགས་མཚོན་ཡོད་ཅེས་བཤད། བོད་ལྗོངས་མི་རིགས་སློབ་ཆེན་གྱི་1999ལོའི་རྒྱ་ཡིག་ཚན་ཁག་གི་སློབ་མ་ཞིག་ཡིན་པའི་ཞེ་ཧུའེ་ཧྲེ་ཡིས་རྟེན་འབྲེལ་འཕྲིན་ཡིག་ཉན་རྗེས་སེམས་འགུལ་ཚད་མེད་ཐེབས་པ་དང་སྤྲོ་བ་རབ་ཏུ་འཕེལ་བྱུང་། “དུས་རབས་གསར་པར་ངས་རང་ཉིད་ཀྱི་ཕྲག་སྟེང་དུ་བབས་པའི་ལས་འགན་དང་འགན་འཁྲི་ཚོར་གྱི་འདུག་པས་ངེས་པར་དུ་མི་རིགས་སློབ་ཆེན་གྱི་གཟི་བརྗིད་དང་ཕུགས་བསམ་བརྟན་སྲུང་གིས་བོད་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ནང་ཞུགས་ཏེ་ཚད་ལོན་དང་ཕུལ་དུ་བྱུང་བའི་མི་རིགས་སློབ་ཆེན་བ་ཞིག་བྱས་ནས་བོད་ཀྱི་སློབ་གསོའི་བྱ་གཞག་ལ་རང་ཉིད་ཀྱི་ནུས་ཤུགས་ཡོད་ཚད་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན”ཞེས་ཞེ་ཧུའེ་ཧྲེ་ཡིས་སེམས་འགུལ་ཐེབས་བཞིན་དུ་བཤད།
བོད་ལྗོངས་སློབ་ཆེན་ཚན་རིག་ཞིབ་འཇུག་ཁྲུའུ་ཡི་ཁྲུའུ་ཀྲང་འབུམ་རམས་པའི་སློབ་དཔོན་ཐུབ་བསྟན་མཁས་གྲུབ་ཀྱིས“མི་གང་འདྲ་ཞིག་གསོ་སྐྱོང་བྱ་རྒྱུ་དེ་སློབ་གསོའི་ལས་འགན་ཨང་དང་པོ་རེད”སྤྱི་ཁྱབ་ཧྲུའུ་ཅིས་ད་ཐེངས་ཀྱི་རྟེན་འབྲེལ་འཕྲིན་ཡིག་ནང་གཞི་རྩའི་གནད་དོན་དེ་སླར་ཡང་གསལ་སྟོན་གནང་ཡོད་ཅིང་། དཔེ་ཁྲིད་མི་སྐྱོང་གི་བརྒྱུད་རིམ་ནང་ང་ཚོས“དངོས་གཞིའི་སློབ་གསོ་ལྟེ་བར་འཛིན་པ་དང་ཚུར་ལོག་བཞི”ལག་བསྟར་མཐའ་གཅིག་ཏུ་བྱས་ཏེ་ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་རིག ངལ་རྩོལ་བཅས་ཕྱོགས་ཡོངས་འཕེལ་རྒྱས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་འཛུགས་སྐྲུན་པ་དང་ཤུལ་འཛིན་པ་དེ་བས་མང་བ་གསོ་སྐྱོང་ཧུར་ཐག་བྱེད་པ་དང་། དགེ་རྒན་ཞིག་ཡིན་པའི་ངོས་ནས་ཏང་དང་བློ་སེམས་གཅིག་མཐུན་གྱིས་བསམ་བློ་དང་བྱ་སྤྱོད་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱེད་པ། ཤེས་བྱ་བརྒྱུད་སྤྲོད་དང་། མི་སེམས་འགུག་པ། བདེན་དོན་བརྩོན་གཉེར། དུས་རབས་གསར་པར་མི་གསར་སྐྱོང་རྒྱུ་བཅས་ཐོག་མཐའ་བར་གསུམ་དུ་རང་ཉིད་ཀྱི་ལས་འགན་དུ་བརྩི་བ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་གནང་བའི“བཞི་ལྡན་དགེ་རྒན་བཟང་པོ”དང“ལམ་སྣེ་འཁྲིད་མཁན་བཞི” “གཅིག་གྱུར་བཞི”བཅས་ཀྱི་བླང་བྱ་གཞིར་བཟུང་། བོད་ཀྱི་མཐོ་རིམ་སློབ་གསོ་སྒྱུར་བཅོས་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་སློབ་གསོའི་ལས་དོན་པའི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་ཡག་པོ་བྱ་རྒྱུ་ཡིན་ཞེས་བཤད།
བོད་ལྗོངས་བོད་ལུགས་གསོ་རིག་སློབ་གླིང་རྩ་འཛུགས་པུའུ་རྩ་འཛུགས་ཁོའོ་ཡི་ལས་བྱེད་པ་ཞེ་ཏའོ་ལིན་གྱིས་རྟེན་འབྲེལ་འཕྲིན་ཡིག་གི་དགོངས་དོན་སློབ་སྦྱོང་བྱེད་པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དམིགས་བསལ་ཐུགས་ཁུར་དང་བརྩེ་བ་ཟབ་མོ་དེ་སྤྱི་ཚོགས་རིང་ལུགས་ཀྱི་སློབ་གཉེར་གྱི་ཁ་ཕྱོགས་སྟངས་འཛིན་ནན་པོ་དང་ཀུན་སྤྱོད་ལ་བརྟེན་ནས་མི་སྣ་སྐྱོང་བའི་རྩ་བའི་ལས་འགན་དོན་འཁྱོལ་བྱེད་པའི་བྱ་སྤྱོད་དངོས་ལ་རང་རྟོགས་ངང་འགྱུར་བ་དང་། ཏང་གི་སློབ་གསོའི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་གྱིས་སྤྱི་ཚོགས་ཀྱི་ཞབས་ཞུར་བརྟེན་པ་དང་བོད་ལུགས་གསོ་བ་རིག་པའི་རིག་གནས་རྒྱུན་འཛིན་བྱ་རྒྱུ་གཞི་རྟེན་དུ་བྱས་ཏེ་རྒྱལ་ནང་གི་རྩེ་གྲ་དང་རྒྱལ་སྤྱིར་སྐད་གྲགས་ཡོད་པའི་བོད་ལུགས་གསོ་བ་རིག་པའི་སློབ་ཆེན་ཞིག་བསྐྲུན་ཆེད་ནུས་ཤུགས་སྐྱེས་སུ་འབུལ་དགོས་པའི་ངོས་འཛིན་བྱས་པ་རེད།