གཙོ་ངོས།
གསར་འགྱུར།
རིག་གནས།
རྩོམ་རིག
སྒྱུ་རྩལ།
ཤེས་བྱ།
མི་སྣ།
དུས་དེབ།
བརྙན་འཕྲིན།
འཚོལ་བཤེར།
汉文网站
གཙོ་ངོས།
>>
བོད་ལྗོངས་གསར་པ།
རང་རྒྱལ་གྱི་རང་བྱུང་གནོད་འཚེ་འགོག་བཅོས་ཀྱི་ནུས་པ་ཆེ་རུ་ཤུགས་ཆེན་གཏོང་བ་དང་ཁྲོན་བོད་ལྕགས་ལམ་འཆར་འགོད་འཛུགས་སྐྲུན་ཕྱོགས་ཡོངས་ནས་འགོ་འཛུགས་དགོས་པའི་ནན་བཤད་གནང་བ།
རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-25
ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི། ཀྲུང་དབྱང་ནོར་དཔལ་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཟླ་10ཚེས་10ཉིན་གྱི་ཕྱི་དྲོ། ཀྲུང་དབྱང་ནོར་དཔལ་ཨུ་ལྷན་གྱི་ཚོགས་འདུ་ཐེངས་གསུམ་པ་གཙོ་སྐྱོང་གནང་ནས་རང་རྒྱལ་གྱི་རང་བྱུང་གནོད་འཚེ་འགོག་བཅོས་ཀྱི་ནུས་པ་ཆེ་རུ་གཏོང་རྒྱུ་དང་ཁྲོན་བོད་ལྕགས་ལམ་འཆར་འགོད་འཛུགས་སྐྲུན་བྱ་རྒྱུའི་གནད་དོན་ལ་ཞིབ་འཇུག་གནང་ཞིང་། ཞི་ཅིན་ཕིང་གིས་ཚོགས་འདུའི་ཐོག་གསུང་བཤད་གལ་ཆེན་གནང་ནས་རང་བྱུང་གནོད་འཚེ་འགོག་བཅོས་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུ་དེ་རྒྱལ་ཇུས་དམངས་འཚོ་དང་འབྲེལ་བ་ཡོད་པས། ཕན་ནུས་ཆེ་ཞིང་ཚན་རིག་དང་མཐུན་པའི་རང་བྱུང་གནོད་འཚེ་འགོག་བཅོས་ཀྱི་མ་ལག་ཅིག་བསྐྲུན་ནས་སྤྱི་ཚོགས་ཧྲིལ་པོའི་རང་བྱུང་གནོད་འཚེ་འགོག་བཅོས་ཀྱི་ནུས་པ་ཆེ་རུ་བཏང་སྟེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་དང་རྒྱལ་ཁབ་ཀྱི་བདེ་འཇགས་ལ་འགན་ལེན་ནུས་ལྡན་བྱེད་དགོས་པ་དང་། ཁྲོན་བོད་ལྕགས་ལམ་འཆར་འགོད་འཛུགས་སྐྲུན་བྱ་རྒྱུ་དེ་རྒྱལ་ཁབ་ཡུན་རིང་བདེ་འཁོད་དང་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་རྒྱུའི་ངོས་ནས་བརྗོད་ན་གལ་འགངས་ཆེ་ལ་རྒྱང་རིང་གཏིང་ཟབ་ཀྱི་དོན་སྙིང་ལྡན་པས་ངེས་པར་དུ་དོན་ཆེན་འདི་ཡག་པོ་སྒྲུབ་དགོས་པའི་ནན་བཤད་གནང་བ་རེད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི། ཀྲུང་དབྱང་ནོར་དཔལ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་བཅས་ཡིན་པའི་ལི་ཁེ་ཆང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། ཀྲུང་དབྱང་ནོར་དཔལ་ཨུ་ལྷན་གྱི་ཨུ་ཡོན་བཅས་ཡིན་པའི་ཝང་ཧུའུ་ཉིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཀྲུང་དབྱང་ནོར་དཔལ་ཨུ་ལྷན་གྱི་ཨུ་ཡོན་བཅས་ཡིན་པའི་ཧན་ཀྲེང་བཅས་ཚོགས་འདུར་ཕེབས་ཡོད་པ་རེད།
ཚོགས་འདུའི་ཐོག་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་། འཕྲལ་སྡོམ་དོ་དམ་པུའུ། རང་བྱུང་ཐོན་ཁུངས་པུའུ། ཆུ་བེད་པུའུ། ཚན་རྩལ་པུའུ། ཀྲུང་གོ་ལྕགས་ལམ་སྤྱི་ཁྱབ་ཀུང་སི་བཅས་ཀྱི་སྙན་སེང་གསན་པ་རེད།
ཚོགས་འདུའི་ཐོག་རང་རྒྱལ་ནི་འཛམ་གླིང་ཐོག་རང་བྱུང་གནོད་འཚེའི་ཤུགས་རྐྱེན་ཕོག་ཚབས་ཆེ་ཤོས་ཀྱི་རྒྱལ་ཁབ་ཀྱི་གྲས་ཤིག་རེད། ཀྲུང་གོ་གསར་པ་དབུ་བརྙེས་ཚུན། ཏང་དང་སྲིད་གཞུང་གིས་རང་བྱུང་གནོད་འཚེ་འགོག་བཅོས་ལ་ཚད་མཐོའི་མཐོང་ཆེན་གནང་ནས་སྟོབས་ཤུགས་གཅིག་སྒྲིལ་གྱིས་དོན་ཆེན་སྒྲུབ་པའི་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཆབ་སྲིད་ཀྱི་ལེགས་ཆ་འདོན་སྤེལ་བྱས་པས་གེགས་འགོག་དང་། གནོད་འཚེ་ཉུང་གཏོང་། གེགས་སེལ་བཅས་ལ་ཕན་འབྲས་ཐོན་པ་འཛམ་གླིང་ཡོངས་ཀྱིས་ཁས་ལེན་བྱེད་ཀྱི་ཡོད། དེ་དང་ཕྱོགས་མཚུངས་རང་རྒྱལ་གྱི་རང་བྱུང་གནོད་འཚེ་འགོག་བཅོས་ཀྱི་ནུས་པ་སྤྱིའི་ཆ་ནས་ཉམས་ཞན་ཡིན་པ་དང་། རང་བྱུང་གནོད་འཚེ་འགོག་བཅོས་ཀྱི་ནུས་པ་ཆེ་རུ་གཏོང་རྒྱུ་ནི“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་འགྲུབ་པའི་ལྡོག་མེད་ཀྱི་བླང་བྱ་ཞིག་དང་། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་དང་རྒྱལ་ཁབ་ཀྱི་བདེ་འཇགས་དང་འབྲེལ་བའི་དོན་ཆེན་ཞིག་རེད་ལ། རང་རེའི་ཏང་གི་སྲིད་སྐྱོང་ནུས་པར་ཚོད་བགམ་ཆེན་པོ་བྱས་པ་ཞིག་ཀྱང་ཡིན་པས་ངེས་པར་དུ་དམ་འཛིན་ནན་པོ་དང་ཏན་ཏིག་བྱེད་དགོས་ཞེས་བསྟན་པ་རེད།
ཚོགས་འདུའི་ཐོག་རང་བྱུང་གནོད་འཚེ་འགོག་བཅོས་ཀྱི་ནུས་པ་ཆེ་རུ་གཏོང་བར། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། “འདུ་ཤེས་བཞི”ཟབ་ཏུ་བཏང་ནས“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་པར་སྤྱི་འདོམས་སྐུལ་འདེད་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་ཇུས་ལ་མཐུན་སྦྱོར་སྐུལ་འདེད་བཏང་ནས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་དང་། སྔོན་འགོག་གཙོར་བཟུང་དང་གནོད་འཚེ་འགོག་སེལ་རོགས་སྐྱོབ་ཕན་ཚུན་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། རྒྱུན་རྣམ་གྱི་གེགས་སེལ་དང་རྒྱུན་རྣམ་མིན་པའི་གེགས་སེལ་ཕན་ཚུན་གཅིག་གྱུར་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། ཕྱོགས་བསྡུས་ངང་གནོད་འཚེ་ཉུང་གཏོང་དང་སྤྱི་འདོམས་ངང་རང་བྱུང་གནོད་འཚེ་སྣ་ཚོགས་འགོག་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས། ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱས་ནས་ཕྱོགས་ཁག་གིས་ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་དང་མཐུན་སྦྱོར་གཞོགས་འདེགས་ངང་རང་བྱུང་གནོད་འཚེ་འགོག་བཅོས་ཀྱི་རྣམ་པ་ཞིག་ཆགས་པར་བྱེད་པ་དང་། མི་རྩ་བར་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་སྲུང་སྐྱོང་ཏན་ཏིག་བྱེད་པ། སྣོད་བཅུད་སྔོན་ལ་འཇོག་རྒྱུ་མཐའ་འཁྱོངས་བྱས་ནས་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཡོང་བའི་འབྲེལ་བ་འཛུགས་པ། སྔོན་འགོག་གཙོར་བཟུང་མཐའ་འཁྱོངས་བྱས་ནས་རང་བྱུང་གནོད་འཚེའི་ཉེན་ཁ་དང་གྱོང་གུན་ཚད་གཞི་དམའ་ཤོས་སུ་གཏོང་གང་ཐུབ་བྱེད་པ། སྒྱུར་བཅོས་གསར་གཏོད་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་རང་བྱུང་གནོད་འཚེ་འགོག་བཅོས་ཀྱི་མ་ལག་དང་འགོག་བཅོས་ཀྱི་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་མ་གཏོང་བ། རྒྱལ་སྤྱིའི་མཉམ་ལས་མཐའ་འཁྱོངས་བྱས་ནས་རང་བྱུང་གནོད་འཚེ་འགོག་བཅོས་བྱ་རྒྱུར་ཕྱར་བ་གྲུ་འདེགས་ངང་སྐུལ་མ་གཏོང་བ་བཅས་བྱེད་དགོས་པའི་ནན་བཤད་བྱས་པ་རེད།
ཚོགས་འདུའི་ཐོག་འགག་རྩའི་ཁྱབ་ཁོངས་དང་ཉམས་ཞན་ལྷུ་ཚིགས་ལ་དམིགས་ཏེ་གཙོ་གནད་ལས་གྲྭ་འགའ་བསྐྲུན་རྒྱུར་སྐུལ་མ་གཏོང་དགོས། གནོད་འཚེའི་ཉེན་ཁར་བརྟག་དཔྱད་དང་མི་མངོན་པའི་རྐྱེན་ངན་གཙོ་བོ་གྲལ་བཤེར་གྱི་འདུ་འགོད་ལག་ལེན་བསྟར་ཏེ་ཉེན་ཁ་དང་མི་མངོན་པའི་རྐྱེན་ངན་གྱི་གདིང་གཞི་ཁོང་དུ་ཆུད་པར་བྱེད་པ་དང་། གཙོ་གནད་སྣོད་བཅུད་བྱེད་ནུས་ཁུལ་གྱི་སྣོད་བཅུད་སླར་གསོའི་འདུ་འགོད་ལག་ལེན་བསྟར་ནས་ནགས་ཚལ་དང་། རྩྭ་ཐང་། ཆུ་དང་མཚེའུ། འདམ་ར། ཐང་རྒོད། རྒྱ་མཚོ་བཅས་ཀྱི་སྣོད་བཅུད་མ་ལག་གི་བྱེད་ནུས་སླར་གསོ་ཡོང་བར་བྱེད་པ། མཚོ་འགྲམ་ཁུལ་སྲུང་སྐྱོང་དང་སླར་གསོའི་འདུ་འགོད་ལག་ལེན་བསྟར་ནས་སྣོད་བཅུད་ཀྱི་མཚོ་རགས་བསྐྲུན་ཏེ་རྒྱ་མཚོའི་རླུང་འཚུབ་དང་རླུང་ཆེན་སོགས་རྒྱ་མཚོའི་གནོད་འཚེ་འགོག་པའི་ནུས་པ་ཆེ་རུ་གཏོང་བ། ས་ཡོམ་གྱི་གནོད་འཚེ་ཐོན་སླ་བའི་ས་ཁུལ་གྱི་སྡོད་ཁང་དང་སྒྲིག་བཀོད་བརྟན་དུ་གཏོང་བའི་འདུ་འགོད་ལག་བསྟར་བྱས་ནས་ཡོམ་འགོག་གེགས་འགོག་གི་ནུས་པ་ཆེ་རུ་གཏོང་བ། འབྲུབ་འགོག་ཐན་འགོག་གི་ཆུ་བེད་ལེགས་གཏོང་འདུ་འགོད་ལག་བསྟར་བྱས་ནས་འབྲུབ་འགོག་ཐན་འགོག་གི་འདུ་འགོད་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། ས་གཤིས་ཀྱི་གནོད་འཚེ་ཕྱོགས་བསྡུས་བཅོས་སྒྲིག་དང་ཉེན་གཡོལ་གནས་སྤོས་ཡུལ་མིའི་འདུ་འགོད་ལག་བསྟར་བྱས་ནས“ལོ་ལྔ་ཚན་བཅུ་གསུམ་པའི”ས་གཤིས་གནོད་འཚེའི་ཉེན་གཡོལ་གནས་སྤོའི་ལས་འགན་དོན་འཁྱོལ་ཡག་པོ་བྱེད་པ། འཕྲལ་སྡོམ་རོགས་སྐྱོབ་ལྟེ་གནས་འཛུགས་སྐྲུན་གྱི་ལས་གྲྭ་ལག་བསྟར་བྱས་ནས་ས་ཁོངས་རང་བཞིན་གྱི་འཕྲལ་སྡོམ་རོགས་སྐྱོབ་ལྟེ་གནས་འགའ་བསྐྲུན་པ། རང་བྱུང་གནོད་འཚེའི་ལྟ་ཞིབ་ཚད་ལེན་གྱི་ཉེན་ཟོན་ཉེན་བརྡ་གཏོང་བའི་ཆ་འཕྲིན་ཅན་གྱི་འདུ་འགོད་ལག་བསྟར་བྱས་ནས་རིགས་མང་བའི་གནོད་འཚེ་དང་གནོད་འཚེ་མང་པོ་གཅིག་ཏུ་ཐོན་པའི་ཕྱོགས་བསྡུས་ལྟ་ཞིབ་ཚད་ལེན་དང་། ཉེན་ཁ་སྔ་ཙམ་གསལ་རྟོགས། ཉེན་ཟོན་ཉེན་བརྡ་གཏོང་བའི་ནུས་པ་ཆེ་རུ་གཏོང་བ། རང་བྱུང་གནོད་འཚེ་འགོག་བཅོས་ལག་རྩལ་གྱི་སྒྲིག་ཆས་དེང་རབས་ཅན་དུ་འགྱུར་བའི་འདུ་འགོད་ལག་བསྟར་བྱས་ཏེ་འགག་རྩའི་ལག་རྩལ་འགག་སྒྲོལ་བྱེད་ཤུགས་ཆེ་རུ་བཏང་ནས་རང་རྒྱལ་གྱི་རོགས་སྐྱོབ་དཔུང་ཁག་ཆེད་ལས་ཅན་གྱི་ལག་རྩལ་སྒྲིག་བཀོད་ཀྱི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱེད་དགོས་པ་བསྟན་ཡོད་པ་རེད།
ཚོགས་འདུའི་ཐོག་ཁྲོན་བོད་ལྕགས་ལམ་འཆར་འགོད་འཛུགས་སྐྲུན་བྱ་རྒྱུ་ནི་མི་རིགས་མཐུན་སྒྲིལ་ལ་སྐུལ་མ་གཏོང་བ་དང་། རྒྱལ་ཁབ་གཅིག་གྱུར་སྲུང་སྐྱོང་བྱེད་པ། མཐའ་མཚམས་སྲ་བརྟན་བརྟན་ལྷིང་ཡོང་བ་བྱེད་པའི་དགོས་མཁོ་དང་། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་མ་གཏོང་བའི་དགོས་མཁོ། ཏང་ཀྲུང་དབྱང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་བཅས་ཡིན་པས་ཚན་རིག་དང་མཐུན་པའི་ངང་འཆར་འགོད་དང་། ལག་རྩལ་གྱི་འདེགས་སྐྱོར། སྣོད་བཅུད་སྲུང་སྐྱོང་། བདེ་འཇགས་བློས་འགེལ་བཅས་ཡོང་བའི་སྤྱིའི་བསམ་ཕྱོགས་ཁོང་དུ་ཆུད་པའི་ཁར། གཅིག་གྱུར་གྱི་འགོ་ཁྲིད་ལ་ཤུགས་སྣོན་དང་། རྣམ་གྲངས་ཀྱི་དུས་འགོའི་ལས་དོན་ལ་ཤུགས་སྣོན། འཛུགས་སྐྲུན་གཉེར་སྐྱོང་གི་མ་དངུལ་འགན་ལེན་ལ་ཤུགས་སྣོན་བཅས་བརྒྱབ་ནས“ལམ་གཉིས”ཀྱི་སྙིང་སྟོབས་དང་མཚོ་བོད་ལྕགས་ལམ་གྱི་སྙིང་སྟོབས་དར་སྤེལ་བཏང་སྟེ་འགོ་འཛུགས་ས་མཐོ་བ་དང་། ཚད་གཞི་མཐོ་བ། སྤུས་ཚད་ལེགས་པའི་སྒོ་ནས་ལས་གྲྭའི་འཆར་འགོད་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས་པའི་ནན་བཤད་བྱས་པ་རེད།
བདེ་སྐྱིད་སྒྲོལ་དཀར་གྱིས་བསྒྱུར།
རྩོམ་ཡིག་སྔོན་མ།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལྗོངས་མི་རིགས་སློབ་ཆེན་བཙུགས་ནས་ལོ་60འཁོར་བར་སྤྲིངས་པའི་རྟེན་འབྲེལ་འཕྲིན་ཡིག་ལ་རང་ལྗོངས་ཀྱི་མཐོ་སློབ་ཁྲོད་ཚུར་སྣང་ལན་ཆ་དྲག་པོ་བྱུང་བ།
རྩོམ་ཡིག་རྗེས་མ།
སྒྱུར་བཅོས་སྒོ་དབྱེས་བོད་ལྗོངས་ལ་གནང་བའི་ལོ་རྒྱུས་ཀྱི་འཕོ་འགྱུར་ཆེན་པོ།
ཕུན་ཚོགས་མཛའ་འབྲེལ།
ཀྲུང་གོའི་བོད་ཀྱི་དྲ་བ།
ཀྲུང་གོའི་བོད་ལྗོངས་དྲ་བ།
ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
ཁམས་པའི་བརྙན་འཕྲིན།
ཁམས་པའི་དྲ་བ།
གུང་ཁྲན་ཏང་གི་གསར་འགྱུར་དྲ་བ།
སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།
མཚོ་སྔོན་པོ་དྲ་བ།
མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་།
བོད་ཡིག་ཡིག་བསྒྱུར་ལྷུ་ལག
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།
蜀ICP备14009601号-1