དྭངས་གཙང་། སྔོན་མའི་སེམས་ཆུང་དེ་གནང་རོགས་།
སྦི་གསང་། (དཀར་མཛེས།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-26
ངས་ཁྱོད་ལ་བརྩེ་བ་བཅངས་པ་ནི།
ཁྱོད་ཀྱིས་མཐོང་མ་མྱོང་བའི་སྟོན་མོ་ཞིག་དང་འདྲ།
དེ་དུས་དགའ་སྐྱོ་གང་རུང་གི་འཁྲབ་ཁྲིད་པ་ཞིག་ཀྱང་ཡོད་སྲིད།
ལྷིང་འཇགས་ཀྱི་ངང་དུ།
ཁྱོད་རང་གར་ཆུང་ལ་གཡེང་ནས་ཅི་ཡང་བོར་སོང་།
གཙང་བོ་རུ་རྣ་བ་གཏད་ནས་རང་བྱུང་གི་མཚོ་མོ།
ངའི་སེམས་ཁམས་སུ་ལྷུང་ལྷུང་དུ་འབབ་པའི་ཡིད་བརྙན་ཞིག
ངས་རང་བྱུང་གི་ཆེད་དུ་དྭངས་གཙང་འབྲི་བཞིན་ཡོད།
ཤེལ་དམ་གྱི་ནང་དུ་ཁྱེད་ཀྱི་ངོ་གདོང་བཅུས་ནས།
ལྷིང་འཇགས་ཀྱི་དར་སྐུད་དུ་བཏང་།
ལྐོག་གྱུར་གྱི་རླབས་ཆེན་ལགས།
ཉིན་མཚན་དུ་ཁྱེད་ཀྱི་བྱོན་ལམ་བཀག་ན་ཡང་།
ངས་རང་ཉིད་ཀྱི་ཆེད་དུ་མིན་ལ།
ཁྱེད་རང་སྔར་བཞིན་འཚོལ་བའི་ཆེད་དུ་ཡིན།