སྒྱུ་མའི་མངའ་ཐང།

མ་བྱན། ( དཀར་མཛེས། ) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-27


ཡིད་ཀྱི་མིག་གིས་བདས་པའི་ནམ་གུང་གི་རྨི་ལམ།།

རེས་གསལ་རེས་མོག་ཡིན་པའི་དྲན་འཛིན་གྱི་ཕྱེད་ཀ།

ལོ་ཟླའི་གཙང་བོར་འདྲེས་པའི་བྱིས་བློ་ཡི་སྒྲུང་ཞིག།

ཉིན་ཞག་ལོ་ཟླ་བརྩེགས་པའི་ན་ཚོད་ལས་བརྗེད་སོང་།། 

དུས་ཀྱི་རླུང་བུ་གཡུགས་པའི་ལང་ཚོ་ཡི་ཁ་བ།།

ཟུག་རེག་སྐྱེ་རྒ་ན་འཆིའི་གཡང་ཁ་ནས་ཞུ་དུས།།

དགུན་གྱི་སེམས་ཁར་བཏེགས་པའི་མེ་ཏོག་གི་གང་བུ།།

སྙིང་གི་འདབ་མར་བཞད་པའི་ལས་སྐལ་དུ་རྙིད་སོང་།།

མི་སེམས་གོས་ཆེན་ཁྲ་ཁྲ་ཁབ་སྐུད་ཀྱི་འཚེམ་དྲུབ།།

སྒྱུ་མའི་གྲོང་ཁྱེར་འདུ་འཛིར་ཅི་མེད་དུ་ཟགས་ཅིང་།། 

དགོང་ཁའི་མཚམས་སྤྲིན་དམར་པོའི་འོད་ཟེར་གྱི་དྲོད་ཐིག།

ཉི་མའི་གསལ་སྒྲིབ་ཅིག་གིས་སྐད་ཅིག་ཏུ་ཡལ་འགྲོ།། 

སྲོད་དུས་མུན་པ་རྒུམ་པའི་མི་ཚེ་ཡི་རྨུ་ཐག།

ལས་ཀྱི་ཞགས་པར་འཁོར་བའི་ཁངས་ཆར་གྱི་ནམ་ཟླ།།

དད་པའི་ཞེ་འདང་མངར་བའི་རྟོགས་སད་ཀྱི་མཇུག་བྱང་།།

འཁོར་བའི་གྲོང་ཚོ་ལྟ་བུའི་འཇའ་འོད་ཀྱི་སྐྱོ་གར།། 


རྩོམ་ཡིག་སྔོན་མ།
ཤ་ཚིལ་ལྟ་བུའི་སྙན་ངག
རྩོམ་ཡིག་རྗེས་མ།
ཨ་མར་ཕུལ་བའི་སྙན་ཚིག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1