ཨ་མར་ཕུལ་བའི་སྙན་ཚིག

གུ་དཔལ་ཤིས། (ཁྲི་འདུ།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-27


བྱམས་པའི་ཉི་ཐིག་ཁྱིམ་དྲོད་ཚ་བས་བརླན།།

བརྩེ་བའི་དུ་བ་ཁ་ཚུབ་དགུང་ནས་འཐུལ།།

དད་པའི་ཚི་ཞག་བམ་ཁ་རབ་ཏུ་སྟུག།

རུས་བསྟུན་དུས་གྲང་ངལ་བ་གཙེས་ཕོད་པའི།།

དཀྱེལ་ཡངས་བློ་མིག་མཐོངས་ཀྱི་ནམ་མཁའ་མཛེས།།

ཁྱིམ་གྱི་སོ་ཚིས་ངལ་བའི་འཛུམ་ལ་འཁུ།།

ཁ་ཚུབ་རྒྱུད་དེ་ཡོང་བའི་ཉི་འོད་ནང་།།

ཟེགས་རྡུལ་བག་ཡངས་རྩེན་པའི་ངང་ཚུལ་བྲེལ།།

ཁྱོད་ཀྱིས་སྐྱབས་འགྲོ་བཏོན་ནས་མ་ཚར་དེ།།

བུ་ཡི་ཆེད་དུ་སྐྱབས་འཇུག་ཚར་དུ་མེད།།

བརྩེ་བའི་མ་ལགས་སྐྱོ་བས་མྱོང་ངམ་ལགས།།

སྐྲ་ལོ་ཁ་བ་ཉིན་ནས་ཉིན་བབས་ཀྱང་།།

ལུས་ལྷུ་སྙེ་མ་ཟླ་ནས་ཟླར་གུག་ཀྱང་།།

དུང་གི་ཚེམས་འཕྲེང་གཅིག་རེ་གཉིས་འཐོར་ཡང་།།

ཟས་ཀྱི་ཕུད་ཀ་གོང་མར་མཆོད་མ་བྲ།།

གོས་ཀྱི་ནོམ་ཡང་དམན་ལ་གཏོང་མ་བྲ།།

ཐ་ན་རང་གིས་ཙམ་ཡང་མ་སྤྱད་དེ།།

བུ་ཡི་སླད་དུ་ཕ་རོལ་ཕྱིན་རྫོགས་མ།།


རྩོམ་ཡིག་སྔོན་མ།
སྒྱུ་མའི་མངའ་ཐང།
རྩོམ་ཡིག་རྗེས་མ།
སྨྲེང་བའི་མཚན་མོ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1