ལེགས་སྐྱེས། ——CDལ་ཕུལ་བ།
ཐོ་ཡོར། (དཀར་མཛེས།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-27
ངས་ཁྱེད་ལ་ཆེས་སྡུག་པའི་གཟུགས་དེ་སྟོན་ཐབས་མི་འདུག་པས།
གཉིད་དུ་ཡུར་བའི་ང་རང་རྨི་ལམ་ལས།
འཇིགས་སྔངས་ངང་སད་པའི་དུས་ཚོད་ལ་ཚོན་བསྐུས་ནས།
ཁྱེད་ལ་ལེགས་སྐྱེས་སུ་འབུལ་འདོད།
དེས་ཁྱོད་ཀྱི་མིག་ལམ་དུ།
ངའི་ཁང་བའི་ནང་གི་འཁྱགས་རོམ་ཤར་དུ་འཇུག་སྲིད།
ང་རང་འུ་ཐུག་ཐབས་ཟད་པའི་ཚུགས་ཀ་འདི།
ཚོར་བ་ནོན་པའི་ལྐུགས་པ་ཞིག་དང་།
ཤིན་ཏུ་མི་འདྲ་འམ།