ཁ་ཆེམས།
དུར་བྱང་། (མགོ་ལོག) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-27
ངས་འཚོ་བའི་ཡང་སྙིང་དང་དོན་སྙིང་ལོན་གྱིན་མི་འདུག
རྒྱུ་མཚན་ཞིག་བཙལ་ཀྱང་སྐྱོ་སྣང་ཇེ་སྡུག་ཏུ་འགྲོ་བས།
ཆེས་མཐའ་མཇུག་གི་ཐབས་ལམ་ཞིག་མེད་པ་འདྲ།
ངས་ཁྱོད་ཁོ་ན་ལ་གློ་སྙིང་བྲང་གསུམ་འབུལ་ན་འདོད།
སྡུག་རུས་ཀྱི་ངང་ནས་འབྱོར་ཕྱུག་ལྟ་བུའི་སྙན་ངག་མང་པོ་འབྲི་དགོས།
ང་ནི་ཉལ་སར་ལྷུང་བ་ཐག་མི་རིང་བས།
ངས་དཀའ་བ་སྤྱད་ནས།
སྙན་ངག་གི་ཚེ་སྲོག་མཛེས་སྡུག་གི་ངང་ནས།
ཁྱོད་ཀྱི་ཁོར་ཡུག་ཏུ་སྙོམ་ལག་རྒྱས་སུ་འཇུག་རྒྱུ།
སྐྱོ་གདུང་གི་ནད་དེ་ཡུད་ཙམ་གྱི་རྗེས་སུ།
ངའི་རྩ་ལམ་ལ་སིམ་འགྲོ་བའི་སྐབས་ཤིག་ལ།
དེ་དུས་ང་ལ་འཆི་ལམ་ཁོ་ན་མ་གཏོགས་མེད།
ང་ལ་རྒྱུས་མངའ་ཡོད་པའི་ཁྱོད་ཀྱིས།
ངའི་སྙན་ངག་དག
ང་དང་མཉམ་དུ་དུར་དུ་སྦ་རོགས།