གལ་ཏེ་ཁྱེད་རང་འགྱུར་སོང་ཡོད་ན།
མ་ཐུ་ར་སྐྱེས། (དཀར་མཛེས།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-28
ཁྱོད་རང་དངོས་གནས་འགྱུར་སོང་ཡོད་ན།
བདག་གིས་ཁྱེད་ལ་ཞུ་བ་བྱེད་མི་འོས།
ངས་ཁྱོད་ཀྱི་དགུན་དུས་ཀྱི་གྲང་འཁྱག་ལ།
ཉི་འོད་ཀྱི་དྲོད་སྣང་སྦྱིན་མི་ཐུབ།
ངས་ཁྱོད་ཀྱི་དབྱར་གཞུང་གི་ཚ་གདུང་ལ།
བསིལ་རླུང་གི་འཇམ་མཉེན་སྟེར་མི་ནུས།
ང་ནི་ནམ་ཡང་ཉེས་གྲིབ་དང་མེད་མུག་གིས་ཕྱུག་མཁན་དེ་ཡིན།
ང་ནི་ཁྱོད་ལ་སྟོན་ཐབས་བྲལ་བའི་ནང་སེམས་ཀྱི་བརྩེ་དུང་ཁོ་ན་ལས་ཅི་ཡང་མེད་མཁན་དེ་ཡིན།
དེ་བས།
གལ་ཏེ་ཁྱེད་ཀྱིས་ང་རང་གཏན་དུ་བརྗེད་སོང་ཡོད་ཀྱང་།
ངས་ཁྱེད་ལ་འཁང་ར་བྱེད་མི་སྲིད།
ངས་ཁྱེད་རང་ང་དང་གྱེས་དགོས་པའང་།
གནས་ལུགས་དང་ལྡན་པ་ཞིག་ཡིན་པ་ཧ་གོ་ཡོད།