ཁྲོ་ཆུའི་ལས་བྱེད་མང་ཚོགས་ཀྱིས་ཚོགས་ཆེན་གཉིས་ཀྱི་གསར་འགྱུར་ལ་ཉན་པ།

བསོད་ནམས་སྐྱིད། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 03-07


      ཟླ3པའི་ཚེས3ཉིན་དང་ཟླ3པའི་ཚེས5ཉིན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པ་དང་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་འཐུས་ཀྱི་གྲོས་ཚོགས་ཐེངས་གཉིས་པ་པེ་ཅིང་དུ་གཟབ་རྒྱས་ངང་འཚོགས་ཤིང་། ཁྲོ་ཆུ་རྫོང་གི་རིམ་པ་ཁག་དང་ལས་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱིས་བརྙན་འཕྲིན་དང་རླུང་འཕྲིན། ངོས་མཉམ་འཕྲིན་སྦྱོར། དྲ་རྒྱའི་འཕྲིན་ལམ། སྐད་འཕྲིན་འཕྲིན་སྟེགས་སོགས་ཀྱི་ལམ་ནས་ནན་ཏན་གྱིས་ཚོགས་ཆེན་གཉིས་མགོ་ཚུགས་པའི་གནས་ཚུལ་ལ་ཉན་ཞིང་བལྟས་ལ། ཚོགས་འདུའི་གནས་ཚུལ་ཤེས་རྟོགས་དང་སྲིད་གཞུང་གི་ལས་དོན་སྙན་སེང་ལ་གླེང་མོལ། གྲོས་ཚོགས་ཀྱི་ཟབ་སྙིང་བརྒྱུད་སྒྲོག་བྱས།
       ཚོགས་ཆེན་གྱི་གནས་ཚུལ་དངོས་ལ་བལྟས་རྗེས། ཏང་ཡོན་ལས་བྱེད་མང་ཚོགས་ཀྱིས་གྲོས་བསྡུར་དང་བསམ་འཆར་བརྗེ་རེས་བྱས་ལ། ཚང་མས་མགྲིན་གཅིག་ཏུ་འདོད་དོན། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་འཐུས་ཀྱི་གྲོས་ཚོགས་ཐེངས་གཉིས་པ་ནི་ལས་དོན་ཁག་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ལོན་པ་དང་། འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བའི་གནད་འགག་དུས་སྐབས་སུ་ཚོགས་པའི་ཚོགས་འདུ་ཧ་ཅང་གལ་ཆེན་པོ་ཞིག་ཡིན་ལ། སྔ་མཐུད་ཕྱི་སྤེལ་དང་སྔ་འཛིན་ཕྱི་གཏོད། སེམས་ཤུགས་གཅིག་སྒྲིལ། དུས་བསྟུན་མདུན་སྐྱོད་བྱེད་པའི་ཚོགས་ཆེན་ཞིག་རེད། ཚང་མས་བཤད་དོན། ཚོགས་ཆེན་གཉིས་ཀྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པ་དེ་ལས་དོན་ཁག་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་སུ་གཏང་ནས། རང་འཁྲིའི་ལས་ཀར་གཞི་ཚུགས་ཏེ་ཚོགས་ཆེན་གྱི་དགོངས་དོན་མཛུབ་སྟོན་དུ་བཟུང་ཏེ། ཏན་ཏན་ཏིག་ཏིག་གིས་ལས་དོན་ཁག་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་རྒྱུའོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1