འཆི་མེད་རྡོ་རྗེ་ལ་ཐོག་མཐའ་བར་གསུམ་དུ་བྱ་དགའ་མང་པོ་ཐོབ་ཡོད་དེ། 2017ལོའི་ཟླ་4ཚེས་25ཉིན། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་དང་ཀྲུང་ཧྭ་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་གཉིས་ཀྱིས་མཉམ་དུ་གཉེར་བའི་"2016ལོའི་ལོ་འཁོར་གྱི་ཕུལ་བྱུང་འགྲིམ་འགྲུལ་མི་སྣ་བཅུ་"ཡི་ནང་དུ་བདམས་པ་དང་། 2017ལོའི་ཟླ་10པར་ཀྲུང་དབྱང་དཔལ་ཡོན་གཞུང་ལས་ཁང་གིས་“ཀྲུང་གོའི་མི་བཟང་མིང་ཐོ་”རུ་བདམས་པར་མ་ཟད། 2019ལོའི་ཟླ་2པའི་ཚེས་18ཉིན། ཀྲུང་དབྱང་རྒྱང་བསྒྲགས་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱིས་2018ལོའི་“ཀྲུང་གོར་སེམས་འགུལ་ཐེབས་པའི་”མི་སྣ་རུ་བདམས།
གཤིན་རྗེའི་འཕྲང་ལམ་འགྲིམ་མི་ལ།
ཕོ་རྒོད་ཐང་དཀར་གཤོག་པ་ཅན།
ཀུན་གྱིས་དགུན་དུས་ཁྲོ་ལ་བརྒལ་བ་ནི་གཤིན་རྗེའི་འཕྲང་ལམ་སྒྲོལ་བ་དང་གཉིས་སུ་མ་མཆིས་ཞེས་བརྗོད་བཞིན་ཡོད། ཁྲོ་ལའི་གཞུང་ལམ་ནི་གངས་འཁྱག་སྦྲག་ལམ་གྱི་ཁོངས་སུ་གཏོགས་ཤིང་།
སི་ཁྲོན་ཞིང་ཆེན་དཀར་མཛེས་རྫོང་ནས་སྡེ་དགེ་རྫོང་བར་ལམ་ཐག་སྤྱི་ལེ་209ཡོད་པའི་རིམ་པ་དང་པོའི་ལམ་ཆེན་ཡིན་པ་དང་། མཚོ་འཕགས་ཆ་སྙོམས་སྨི་3500ཡན་ཡོད་ཅིང་དུས་བཞི་གངས་འཁྱག་དང་དྲག་ཆར་བསྣོལ་མའི་གཞུང་ལམ་དེ་རུ་གཤིན་རྗེའི་འཕྲང་ལམ་དང་གཉིས་སུ་མེད་པའི་ཁྲོ་ལ་རི་བོ་གནས་ཤིང་། འཚོ་འཕགས་6168ཡོད་པའི་ཁྲོ་ལའི་གཡང་གཟར་དང་གངས་འཁྱག་གི་རྒྱུད་ལམ་ནི་ཉེན་ཁ་ཧ་ཅང་ཆེ་བར་མ་ཟད། མེས་རྒྱལ་ནང་ལོགས་དང་བོད་ལྗོངས་གཉིས་ཀྱི་འགྲིམ་འགྲུལ་གཅིག་ཏུ་མཐུད་པའི་ཚེ་སྲོག་གི་ལམ་བུ་ཞིག་རེད།
2017ལོའི་ཟླ་9པའི་ཡར་སྔོན་དུ་ཁྲོ་ལ་རུ་ཕུག་ལམ་མེད་པ་དང་། གངས་འཁྱག་སྦྲག་ལམ་དུ་འཆི་མེད་རྡོ་རྗེས་སྦྲག་སྐྱེལ་རླངས་འཁོར་བཏང་ནས་ཟླ་རེར་འགྲོ་སྐྱོད་ཐེངས་20ལྷག་ཙམ་བྱེད་བཞིན་ཡོད། འཆི་མེད་རྡོ་རྗེས་གནས་དེ་རུ་གང་ནས་རྦབ་རྒོད་འགྲིལ་བ་དང་། གང་ནས་འདམ་རྡོའི་ཆུ་རུད་ཐོན་པ། གང་དུ་འཁྱག་ཀླུང་སྟུག་པ། གང་དུ་གངས་རྡིབ་གསོག་ཚད་མཐུག་པ། ལམ་ངོས་གང་ཞིག་བརྟན་བརླིང་མིན་པ། དུས་བཞིའི་གནམ་གཤིས་འགྱུར་ལྡོག་གིས་རྐྱེན་པའི་གཞུང་ལམ་གྱི་གནས་ཚུལ་ཡོངས་རྫོགས་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་ལྟར་ཡིད་ལ་གསལ་བཞིན་ཡོད།
གངས་འཁྱག་སྦྲག་ལམ་དེ་ལོ་ངོ་30བརྟན་སྲུང་བྱས་ནས་བསགས་པའི་ཕུན་སུམ་ཚོགས་པའི་ཉམས་མྱོང་གིས་ཁོང་ལ་དཀའ་གནད་རེ་རེ་བཞིན་སྒྲོལ་རོགས་བྱས་པར་མ་ཟད། ཉམས་མྱོང་དེ་དག་སྤྱད་ནས་འཆི་མེད་རྡོ་རྗེས་ཁ་ལོ་པ་གཞན་ལ་ཡང་རོགས་རམ་གང་མང་བྱས་མྱོང། གངས་འཁྱག་སྦྲག་ལམ་བགྲང་བྱ་30བརྟན་སྲུང་བྱེད་རིང་། ཁོང་ལ་ཁེར་རྐྱང་གི་ཚོར་སྣང་བྱུང་ཡོད་མོད། འོན་ཀྱང་འཆི་མེད་རྡོ་རྗེས་ཐོག་མཐའ་བར་གསུམ་དུ་འཁང་ར་དང་ལེ་བདའ་ཡེ་ནས་བྱས་མ་མྱོང་། འཆི་མེད་རྡོ་རྗེ་དང་ཁོང་གི་སྦྲག་སྐྱེལ་རླངས་འཁོར་ལ་འགན་འཁྲིའི་ལས་འཛོལ་གཅིག་ཀྱང་བྱུང་མྱོང་མེད་པར་སྦྲག་ཡིག་སྐྱེལ་འདྲེན་གྱི་ལས་འགན་ཚང་མ་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་ཡོད་པས། ཀུན་གྱི་སེམས་སུ་གངས་འཁྱག་སྦྲག་ལམ་གྱི་སྦྲག་སྐྱེལ་རླངས་འཁོར་ལྗང་ཁུ་དེ་ནི་བདེ་འཇགས་སྲུང་སྐྱོང་གི་ལྷ་དང་སྲུང་མ་ལྟ་བུ་ཞིག་ལ་ངོས་འཛིན་བཞིན་ཡོད།
ཇག་ཚོགས་སྔུན་དུ་དཔའ་མ་ཞུམ།
གཅེས་པའི་སྲོག་གིས་སྦྲག་དངོས་བསྲུངས།
ཁོང་ནི་གཟུགས་པོ་རིང་ཞིང་ཤ་མདངས་ཅུང་ནག་ལ། གནག་ཅིང་སྣུམ་པའི་སྐྲ་ལོ་རིང་མོ་ཞིག་ལྟག་པར་བཅིངས་ཏེ། གདོང་ནས་བློ་བརྟན་འགྱུར་མེད་དང་འབད་བརྩོན་ལྷོད་མེད་ཀྱི་ངམ་མདངས་ཤིག་འཚེར་བས་མཐོང་བ་ཙམ་གྱིས་ཁམས་པའི་ཕོ་རྒོད་ཀྱི་ཉམས་སྣང་ཞིག་ཡིད་ལ་དབང་མེད་དུ་འཆར་ངེས།
གངས་འཁྱག་སྦྲག་ལམ་དུ་ལམ་ངོས་རྙོག་འཛིང་ཆེ་ལ་གནམ་གཤིས་འགྱུར་ལྡོག་མང་བར་མ་ཟད། སྔར་དུས་ཕར་འགྲོ་ཚུར་འོང་གི་རླངས་འཁོར་ལ་ཇག་པས་འཇབ་རྒོལ་ཐེབས་པ་ནི་རྒྱུན་ལྡན་གྱི་གནས་ཚུལ་ལས་མ་འདས། 2012ལོའི་ཟླ་དགུ་པར། འཆི་མེད་རྡོ་རྗེས་སྦྲག་སྐྱེལ་རླངས་འཁོར་བཏང་ནས་རྒྱལ་ལམ་318འགྲམ་གྱི་གཡག་རྔ་གྲོང་ཁྱེར་ཐེན་ཆོན་རྫོང་ཁོངས་ཀྱི་ལམ་གཟར་དུ་དལ་མོར་སྐྱོད་སྐབས་གློ་བུར་དུ་ལམ་ཟུར་ནས་ཇག་པ་ཁྱུ་གཅིག་ཐོན་ཏེ་ལག་ཏུ་རལ་གྲི་དང་ལྕགས་དབྱུག །གློག་དབྱུག་སོགས་ཁྱེར་ནས་སྦྲག་སྐྱེལ་རླངས་འཁོར་མཐའ་ནས་ཡོངས་སུ་བསྐོར། འཆི་མེད་རྡོ་རྗེས་བློ་སྤོབས་མ་ཉམས་པར་སྦྲག་སྐྱེལ་རླངས་འཁོར་གྱི་མདུན་དུ་ཀྲོང་ངེར་ལངས་ནས་སྦྲག་སྲིད་ཀྱི་བདེ་འཇགས་དེ་གཅེས་པའི་སྲོག་གིས་སྐྱོབ་པས་ཁོང་གི་ལུས་སུ་གྲི་དང་དབྱུག་པ་དྲག་ཆར་འབབ་པ་ལྟར་གྱུར།
སྨན་ཁང་དུ་མྱུར་སྐྱོབ་བྱེད་སྐབས་ཁོང་གི་ལུས་ལ་གྲི་17ཕོག་པ་དང་རྩིབ་མ་བཞི་བཅག །ཐོད་རུས་མཐེབ་མོ་ཙམ་བཀོག་ཅིང་། རྐང་པ་གཡོན་པ་དང་ལག་པ་གཡོན་པའི་ཁྲག་རྩ་བཅད་པ་སོགས་རྨས་སྐྱོན་ཚབས་ཆེན་བྱས་པས། ནད་ལྕི་ལྟ་སྐྱོང་ཁང་དུ་གཟའ་འཁོར་གཅིག་བསྡད་དེ་དཀའ་སྡུག་ཚད་མེད་མྱངས་རྗེས་གཞི་ནས་སྲོག་ཉེན་ལས་ཐར། འོན་ཀྱང་།
གཤག་བཅོས་བྱས་ནས་ཟླ་གསུམ་སོང་རྗེས་ཁོང་གི་ལག་པ་གཡོན་པ་རྐྱང་སྐུམ་ཐུབ་བཞིན་མེད་ལ། ཁྲེན་ཏུའུ་སྨན་ཁང་མང་པོ་ཞིག་གིས་རྩ་རྒྱུས་ཆད་ནས་སླར་གསོ་ཡོང་ཐབས་བྲལ་བའི་བརྟག་དཔྱད་གཅིག་མཚུངས་བྱས། འཆི་མེད་རྡོ་རྗེའི་ལུས་སེམས་གཉིས་ཀར་ཕོག་ཐུག་ཆེན་པོ་ཕོག་ཀྱང་ལས་དབང་ལ་མགོ་མ་བསྒུར་བར་ནད་ཡོལ་ཞུ་མི་དགོས་པའི་ཆེད་དུ་ཁོང་གིས་གང་སར་སྨན་པར་བསྟེན་རྗེས། བསམ་ཡུལ་ལས་འདས་པ་ཞིག་ནི་ཁོང་གི་ལག་པ་གཡོན་པའི་སྒུལ་སྐྱོད་ནུས་པ་རིམ་བཞིན་སླར་གསོ་ཐུབ་པ་བྱུང་།
རྨ་ཁ་གསོས་རྗེས་ལས་རོགས་དང་ནང་མིའི་ཁ་ཏ་བསླབ་བྱར་མ་ཉན་པར་འཆི་མེད་རྡོ་རྗེས་སྦྲག་སྐྱེལ་རླངས་འཁོར་ལྗང་ཁུ་དེ་སླར་ཡང་གཏང་རྒྱུའི་སེམས་ཐག་བཅད་པས། རླངས་འཁོར་རུ་ཁག་ཏུ་ལོག་པའི་ཉིན་དེར་ལས་རོགས་ཚོ་སེམས་འགུལ་ཐེབས་ནས་ཁོང་ལ་ཁ་བཏགས་ཀྱིས་བསུ་མ་བྱས་ཤིང་། ཁོང་གིས་ཡིད་ཚིམ་པའི་ངང་སྦྲག་སྐྱེལ་རླངས་འཁོར་ལ་ཁ་བཏགས་ཕུལ།
ཕལ་པའི་མི་ལ་བརྟན་པའི་བློ།
དཀྱུས་མའི་ལས་ཀྱིས་མི་སེམས་བཀུག
འཆི་མེད་རྡོ་རྗེ་ནི་སྡེ་དགེ་རྫོང་ལྕང་ར་ཡུལ་ཤོག་གི་ཁོངས་སུ་གཏོགས་པའི་ཁྱིམ་ཚང་དཀྱུས་མ་ཞིག་གི་ཁྱིམ་དུ་སྐྱེས། གྲོང་སྡེ་གཞན་དག་དང་བསྡུར་ན་འགྲིམ་འགྲུལ་དང་རིག་གནས་སོགས་ཅུང་སྔོན་ཐོན་ཡིན་པས་ཆུང་དུས་ནས་སློབ་ཆུང་དང་དམའ་འབྲིང་སོགས་འགྲིམ་པའི་གོ་སྐབས་འཕྲད། 1979ལོར་སྡེ་དགེ་རྫོང་སློབ་འབྲིང་ནས་མཐར་ཕྱིན་ཞིང་རང་ཉིད་ཀྱི་ཕུགས་འདུན་ལྟར་སྦྲག་སྲིད་ཀྱི་བྱ་བར་ཞུགས། ཁོང་ཆུང་དུས་སུ་ཕ་ཡུལ་དུ་རླངས་འཁོར་ཧ་ཅང་ཉུང་བ་དང་རྫོང་ཐོག་ཏུ་འགྲོ་དགོས་ནའང་རླངས་འཁོར་ཇ་ཡུན་ཁ་ཤས་ལ་སྒུག་དགོས་པ་དང་། སྤྱིར་དཀར་མཛེས་ཁུལ་གྱི་བྱང་བརྒྱུད་དུ་གནས་པའི་རྫོང་ཁག་ཁ་ཤས་ལ་མཚོན་ན་ས་བབ་རྙོག་འཛིང་ཆེ་ཞིང་འགྲིམ་འགྲུལ་སྟབས་མི་བདེ་བས། ཞིང་འབྲོག་མང་ཚོགས་ཀྱི་དགོས་མཁོ་བསྐོང་བར་དཀའ་ཁག་ངེས་ཅན་འཕྲད་བཞིན་ཡོད་ལ། དེ་རུ་སྐྱེལ་འདྲེན་ནི་སྲོག་རྩ་ལྟ་བུ་གྱུར་ཡོད་སྟབས། ཁོང་གིས་དཀའ་ངལ་དེ་དག་སེལ་ཆེད་སྐྱེ་འདྲེན་ལས་ཀ་རུ་ཞུགས་ནས་ཞིང་འབྲོག་མང་ཚོགས་ལ་ཞབས་ཞུ་བསྒྲུབ་པའི་འདུན་པ་སྔར་ནས་སྐྱེས།
ཕོ་ལོ་55ལ་སླེབས་པའི་ཁམས་པའི་ཕོ་རྒོད་འཆི་མེད་རྡོ་རྗེ་ནི་ཀྲུང་གོ་སྦྲག་སྲིད་ཚོགས་པ་སྤྱི་གཉེར་ཁང་སི་ཁྲོན་ཞིང་ཆེན་དཀར་མཛེས་རྫོང་ཡན་ལག་སྤྱི་གཉེར་ཁང་གི་ཐག་རིང་སྦྲག་སྐྱེལ་གྱི་རླངས་འཁོར་གྱི་ཁ་ལོ་པ་དང་སྲུང་སྐྱེལ་ཚོགས་ཆུང་གི་ཚོགས་གཙོ་རེད་ལ། གངས་འཁྱག་གི་སྦྲག་ལམ་དེར་ཁོང་གིས་སྦྲག་སྐྱེལ་ལས་ལ་གཞོལ་ནས་ལོ་ངོ་30སོང་ཞིང་། བགྲང་བྱ་30ཡི་རིང་། ཁོང་གིས་སྦྲག་ལམ་དེར་འགྲོ་འོང་ཐེངས་6000ལྷག་ཙམ་བྱས་ཤིང་ལམ་ཐག་སྤྱི་ལེ་ཁྲི་140ལྷག་ཙམ་ཟིན་ཡོད། ཁོང་གིས་ཉམས་པ་མེད་པའི་དད་སེམས་ལ་བརྟེན་ནས་གངས་ལྗོངས་ཀྱི་གྲོང་སྡེ་མང་པོར་བསྐྱོད་དེ་མི་རྣམས་ལ་ཐག་རིང་གི་གནས་ཚུལ་ཁྱེར་ཡོང་ནས་ཁོང་ཚོའི་རེ་སྒུག་གི་སེམས་པ་ལ་དྲོད་སྣང་སྦྱིན་པས། ཁོང་ནི་མཐོ་སྒང་གངས་འཁྱག་སྦྲག་ལམ་བགྲོད་པའི་དཔའ་བོ་ཞིག་ཏུ་གྱུར།
ད་ལྟ་འཆི་མེད་རྡོ་རྗེ་ཡོད་སའི་སྦྲག་སྲིད་ཚོ་ཆུང་དེ་རུ་ལོ་ཆེ་ཤོས་ང་ལྔ་དང་ཆུང་ཤོས་ནི་ཉེར་དྲུག་ཡིན་པ་དང་། ཁོ་ཚོ་འཆི་མེད་རྡོ་རྗེ་དང་འདྲ་བར་ལོ་གཅིག་གི་དུས་བཞི་རུ་གངས་འཁྱག་སྦྲག་ལམ་དུ་ཡར་རྒྱུག་མར་རྒྱུག་བྱེད་བཞིན་ཡོད། 2018ལོར་འཆི་མེད་རྡོ་རྗེས་ཚོགས་ཆུང་གི་སྣེ་ཁྲིད་དེ་ལམ་ཐག་སྤྱི་ལེ་62.49ཡི་སར་བསྐྱོད་དེ་བོད་ལ་སྦྲག་བསྐུར་ཁྲི་41སྐྱེལ་འདྲེན་བྱས་པ་དང་། ཞིང་ཆེན་ནང་ཁུལ་དུ་སྦྲག་བསྐུར་ཁྲི་37སྐྱེལ་འདྲེན་བྱས་ནས་ལོ་30བསྟུད་མར་གསང་གནད་འཕྲིན་གཏོང་གི་སྤུས་ཚད་མཐོན་པོའི་སྒོ་ནས་ལེགས་སྒྲུབ་བྱས་ཡོད་ཅིང་། ཁོང་གིས་རྒྱུན་དུ་སྦྲག་སྲིད་རླངས་འཁོར་གཏོང་བ་ནི་རང་གི་དགའ་ཕྱོགས་སམ་ཕྲག་ཏུ་ཁུར་འོས་པའི་ལས་འགན་ཞིག་ལ་ངོས་འཛིན་བཞིན་ཡོད། །
1月25日,中央宣传部向全社会发布其美多吉的先进事迹,授予他“时代楷模”称号。
其美多吉,中国邮政集团公司四川省甘孜县分公司长途邮车驾驶员,他与这条地貌复杂、气候多变、平均海拔3500米的雪线邮路已结缘30年。30年来,其美多吉6000余次往返于雪线邮路,行程140多万公里,用邮车架起了民族团结的桥梁,并与他的同事一道,铸就雪线邮路“不畏艰险、为民奉献、忠诚担当、团结友善”的丰碑! 他,被藏汉群众亲切地称为“传递幸福的使者”。
川藏线是世界上海拔高、路况险的公路,尤其海拔5050米的雀儿山路段,更有“川藏第一高”“川藏第一险”之称。“车过雀儿山,如闯鬼门关”——这段路一年三分之二以上时间被冰雪覆盖,路面最窄处不足4米,飞石、雪崩、悬崖、泥石流、道路结冰……一路险象环生。其美多吉正是在这样艰险的环境下,默默跟耘奉献了30年。
55岁的其美多吉是典型康巴汉子:个子高大,一头长发,右脸上还有一道明显伤疤。这道伤疤透露了些许他曾经遭遇的危险和苦痛。2012年9月的一天,其美多吉驾车返回甘孜,行至一陡坡处,突然冒出12个人,手舞砍刀、铁棒将邮车团团围住。搏斗中,其美多吉身中17刀,肋骨被打断4根,头盖骨被掀掉一块。在重症监护室里,其美多吉躺了7天,住院的半年里,他经历了6次大小手术。
出院后,其美多吉的左手因肌腱断裂一直无法合拢,他不得不暂别岗位。但其美多吉却不愿认命。“忘不掉藏汉群众拆包裹时高兴的样子,我要重上邮路。”为此,其美多吉四处求医,通过恢复过程极度痛苦的偏方使左手康复。一年后其美多吉回归车队的那一天,同事为他献上哈达,他却转身把哈达系上了邮车。其美多吉说,只有托运着邮件,才能感觉曾经的自己又回来了。
走过30年雪线邮路,其美多吉也见证着时代的变迁。“以前,邮车运进来的东西多、运出去的东西少。”他说,现在,运进来的东西多,运出去的东西也多了:雅江的松茸、康定的藏药、理塘的虫草、石渠的牦牛肉……都通过邮车运出去,“乡亲们说,这些东西很值钱,交给你们邮政很放心。”说到这里,他尤其开心。
近一段时间,其美多吉的先进事迹宣传报道后,在社会上引起热烈反响。广大干部群众认为,其美多吉是基层一线职工的杰出代表,是维护民族团结的先进模范,是美好生活的创造者、守护者。
他扎根雪域高原、坚守雪线邮路的先进事迹,有力弘扬了爱国奉献精神,展现了新时代奋斗者努力奔跑、追梦圆梦的良好风貌,使“老西藏”精神、“两路精神”在新时代焕发出新的风采。
一线职工代表和民族地区党员干部代表纷纷表示,要深入学习贯彻习近平新时代中国特色社会主义思想,以“时代楷模”其美多吉为榜样,忠诚使命、履行职责,立足岗位、奉献人民,维护团结、推动发展,以更加昂扬的精神状态和奋斗姿态,奋进新时代、开拓新征程。