དུས་ཚིགས་དང་པོར་སྒྲིག་བཤེར་ལས་ཁུངས་ཀྱིས་མི་ཁྲི་9.3ལ་ཆད་པ་བཅད་ཡོད།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 04-27


    ཟླ་4ཚེས་25ཉིན། ཀྲུང་བྱང་སྒྲིག་ཨུད་ཀྱི་དྲ་ཚིགས་ལས་སྤེལ་བའི་གནས་འཕྲིན་ལ་གཞིགས་ན། 2020ལོའི་དུས་ཚིགས་དང་པོར། རྒྱལ་ཡོངས་སྒྲིག་ཁྲིམས་ཞིབ་བཤེར་ལས་ཁུངས་ཀྱིས་ཡིག་སྐུར་ངོ་གཏུག་གི་ཐེར་འདོན་ཁྲི་62བསྡུ་ལེན་བྱས་ཡོད། གནད་དོན་གྱི་ཁུངས་སྣེ་ཁྲི་32.7ཐག་བཅད་ཅིང་།  མི་ཁྲི་7.4ལ་གླེང་མོལ་དང་འཕྲིན་ཐོག་འདྲི་རྩད་བྱས་པ་དང་། གྱོད་དོན་ཁྲི་10.4ཐོ་འགོད་བྱས་ནས་མི་ཁྲི་9.3ལ་ཆད་པ་བཅད་དེ། (མི་ཁྲི་8ལ་ཏང་གི་སྒྲིག་ཁྲིམས་ཐད་ཀྱི་ཆད་པ་བཅད)ཞིང་ཆེན་དང་པུའུ་རིམ་པའི་ལས་བྱེད་པ་10དང་། ཐིང་དང་ཅུས་རིམ་པའི་ལས་བྱེད་པ་691 རྫོང་དང་ཁྲུའུ་རིམ་པའི་ལས་བྱེད་སྟོང་4 ཤང་དང་ཁོའུ་རིམ་པའི་ལས་བྱེད་པ་ཁྲི་1.4 ལས་བྱེད་པ་དཀྱུས་མ་ཁྲི་1.5 གྲོང་གསེབ་དང་ཁེ་ལས་སོགས་ཀྱི་མི་སྣ་གཞན་དག་ཁྲི་6 བཅས་ལ་ཆད་པ་བཅད་ཡོད།  

    2020ལོའི་དུས་ཚིགས་དང་པོར། རྒྱལ་ཡོངས་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་“རྣམ་པ་རིགས་བཞི་”ལ་བརྟེན་ནས་ཁྱོན་བསྡོམས་མི་ཐེངས་ཁྲི་33.2ལ་སྐྱོན་བརྗོད་སློབ་གསོ་རོགས་རམ་ཐག་གཅོད་བཅས་བྱས་པ་རེད། དེའི་ཁྲོད་དུ། མི་ཐེངས་ཁྲི་23.6ལ་རྣམ་པ་རིགས་དང་པོའི་སྐྱོན་བརྗོད་སློབ་གསོ་རོགས་རམ་བྱས་པས་སྤྱིའི་མི་ཐེངས་ལས་70.9%ཟིན་ཞིང་། མི་ཐེངས་ཁྲི་7.4ལ་རྣམ་པ་རིགས་གཉིས་པ་སྤྱད་པ་དང་། སྤྱིའི་མི་ཐེངས་ལས་22.4%ཟིན། མི་ཐེངས་ཁྲི་1.1ལ་རྣམ་པ་རིགས་གསུམ་པ་སྤྱད་པ་དང་། སྤྱིའི་མི་ཐེངས་ལས་3.2%ཟིན། མི་ཐེངས་ཁྲི་1.2ལ་རྣམ་པ་རིགས་བཞི་བ་སྤྱད་པ་དང་། 3.5%ཟིན་ཡོད། 



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1