ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཚེས8ཉིན་ཉིང་ཞ་རུ་རྟོག་ཞིབ་གནང་བར་ཕེབས་པ་རེད། ཉིན་དེའི་ཕྱི་དྲོར། ཁོང་སྔ་རྗེས་སུ་ཝུའུ་ཀྲུང་གྲོང་ཁྱེར་ཧུང་སི་པའོ་གྲོང་རྡལ་ཧུང་ཏེ་གྲོང་ཚོ་དང་། ཝུའུ་ཀྲུང་གྲོང་ཁྱེར་རྨ་ཆུ་གྲོང་ཁུལ་འགྲམ་རྒྱུད། ཅིན་ཤིན་གྲོང་རྡལ་ཅིན་ཧྭ་ལྡུམ་རའི་སྡེ་ཁུལ་བཅས་སུ་ཕེབས་ནས་ས་གནས་དེ་གའི་དབུལ་ཐར་འགག་སྒྲོལ་བྱ་བར་སྐུལ་འདེད་བཏང་བའི་གནས་ཚུལ་དང་། རྨ་ཆུ་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་ལ་ཤུགས་སྣོན། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་བཏང་བ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གནང་བ་རེད།