ཉག་ཆུ་རྫོང་དུ་རྟ་རྒྱུག་འགྲན་བསྡུར་སྤེལ་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 07-21


    ཟླ་7ཚེས་19ཉིན། སི་ཁྲོན་དཀར་མཛེས་ཁུལ་ཉག་ཆུ་རྫོང་བདེ་ཚྭ་ཤང་ཡངས་དགེ་གོང་རྩྭ་ཐང་དུ།  ཁམས་པའི་ཕོ་རྒོད་ཀྱིས་མེ་ཏོག་གི་རྒྱ་མཚོར་རྟ་ཕོར་བཅིབས་ནས་རྒྱུག་རྩལ་འགྲན་བཞིན་ཡོད།

   ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་རྟ་རྩལ་འཁྲབ་སྟོན་ཆེ་གྲས་འདི་ནི་དཀར་མཛེས་ཁུལ་ཉག་ཆུ་རྫོང་བདེ་ཚྭ་ཤང་གི་རིག་གནས་ཡུལ་སྐོར་བྱེད་སྒོ་དང་ཞིང་འབྲོག་པའི་ལུས་རྩལ་འགྲན་ཚོགས་ཀྱི་ཡན་ལག་བྱེད་སྒོའི་གྲས་ཤིག་ཡིན་པ་དང་། དེའི་དམིགས་ཡུལ་ནི་མི་དམངས་མང་ཚོགས་ཀྱི་རིག་གནས་དང་ལུས་རྩལ་གྱི་འཚོ་བ་སྔར་བས་ཕུན་སུམ་ཇེ་ཚོགས་སུ་གཏོང་རྒྱུ་དང་། ཉག་ཆུའི་མཛེས་སྡུག་ལྡན་པའི་རྩྭ་ཐང་གི་མཛེས་ལྗོངས་དང་དེ་བཞིན་ལོ་རྒྱུས་ཡུན་རིང་ལྡན་པའི་རྟ་རྩལ་རིག་གནས་འགྲེམས་སྟོན་བྱས་པ་བརྒྱུད། རྫོང་དེའི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་དང་། དབུལ་བྲལ་འགག་སྒྲོལ། དེ་བཞིན་གྲོང་གསེབ་དར་རྒྱས་བཅས་སྤུས་ཚད་མཐོ་བའི་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད།


   ཉག་ཆུ་རྫོང་གི་ཐུན་མོང་མ་ཡིན་པའི་ས་ཁམས་ཀྱི་གནས་ཡུལ་དང་། མཐོ་སྒང་གི་གནམ་གཤིས་རིགས་སྣ་ཚོགས་དང་སྣ་མང་རིག་གནས་མཉམ་འདྲེས་ཀྱིས་ཕུན་སུམ་ཚོགས་ལ་ཐུན་མོང་མ་ཡིན་པའི་རྟ་རྒྱུག་གི་སྲོལ་རྒྱུན་ཞིག་ཆགས་ཡོད། ལོ་རེའི་ཟླ་བདུན་པར་ཉག་ཆུ་རྫོང་ཁོངས་ཀྱི་འབྲོག་ཁུལ་དུ་རྟ་རྩལ་འཁྲབ་སྟོན་དང་རྟ་རྒྱུག་འགྲན་བསྡུར་སྤེལ་གྱི་ཡོད། བྱེད་སྒོའི་ཉིན་དེར། འབྲོག་པ་རྣམས་ཀྱིས་ལུས་ལ་དུས་ཆེན་གྱི་གཟབ་མཆོར་ལེགས་པར་སྤྲས་ཤིང་། རང་ཁྱིམ་གྱི་རྟ་ལ་རྟ་སྒ་ཡག་ཤོས་བསྟད་པ་དང་། མཛེས་རྒྱན་ལེགས་ཤོས་ཀྱིས་བརྒྱན་ཏེ་མུ་མཐའ་མེད་པའི་རྩྭ་ཐང་དུ་རྟ་རྒྱུག་བྱས་ཡོད།








དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1