སེམས་ཀྱི་དགུ་ཚིགས།

བྲག་རྡོ། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 07-27


ནམ་མཁའ་འདི་ཁྱོད་ཡིན་པར་ཆ་བཞག་ན།

ནམ་མཁའི་དགུ་ཚིགས་འདི་ཁྱོད་ཡིན་པར་ཆ་བཞག་ན།

མགོ་བོ་ཡར་ལ་དགྱེ་ནས་ཡང་ཡང་བལྟས་ཆོག །

དུས་ཚོད་ཀྱི་སྣེ་རུ་ལང་ཚོ་དང་ན་ཚོད་ཡོད་པས།

ང་རྒྱལ་གྱིས་སེམས་ངལ་རྒྱང་དུ་དོར་ཆོག་པས།

ཁྱོད་ངའི་སེམས་ཀྱི་དགུ་ཚིགས་ཡིན།

ལས་ཀྱིས་མ་ཟིན་པའི་ནམ་མཁའ་ཡིན།

སྔོ་ལ་ཡུག་ཡུག་གི་ནམ་མཁའ་དེ་ཡིན།

ལོ་ཟླ་བཞུད་ཤུལ་གྱི་སེམས་པ་འདི་ལ།

ཁྱོད་ཀྱིས་ཕྱིར་མིག་ཐེངས་གཅིག་གི་སྐྱེལ་མ་གནང་རོགས།

སེམས་སུ་ཟིན་པའི་ཁྱོད་ཀྱི་ངོ་གདོང་ཁོ་ན།

སྐྱེ་བ་ཐེངས་གཅིག་གི་དྲན་ཤིང་ཡིན་ནོ།

སྤྲིན་པ་ཡུག་གཅིག་གི་འདུ་བྲལ་བར་ན།

སེམས་ཀྱི་དགུ་ཚིགས་ལ་དྲན་ཤིང་བརྒྱུས་ཡོད། 


རྩོམ་ཡིག་སྔོན་མ།
བཞི་མདོའི་ཟ་ཁང་།
རྩོམ་ཡིག་རྗེས་མ།
ངག་རིག་བདུད་རྩི་སྨན་ཆར།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1