རྒྱ་བོད་ཡིག་བསྒྱུར་ཁྲོད་དོན་མང་ཐ་སྙད་ཡིག་བསྒྱུར་སྐོར་རགས་ཙམ་གླེང་བ།
བདེ་སྐྱིད། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 07-27
གཅིག །དོན་མང་ཐ་སྙད་ཀྱི་བསྡུས་བརྗོད།
མདོར་བསྡུས་ནས་བཤད་ན། དོན་མང་ཐ་སྙད་ནི་ཐ་སྙད་གཅིག་ལ་གོ་དོན་མི་འདྲ་བ་ཡོད་ཅིང་། ཐ་སྙད་གནས་ས་ཁོར་ཡུག་མི་འདྲ་བའི་སྐབས་སུ་དོན་སྙིང་ཡང་མི་འདྲ་བ་མཚོན་གྱི་ཡོད། འདིའི་རིགས་ཀྱི་ཐ་སྙད་ལ་སྤྱིར་བཏང་དུ་གཞི་རྩའི་དོན་སྙིང་ཞིག་ཡོད་པ། དཔེར་ན། ཐ་སྙད“ཧུར་བརྩོན” དེར་མི་འདྲ་བའི་ཚིག་གྲུབ་ནང་ཡིག་བསྒྱུར་བྱེད་སྟངས་རྣམ་པ་ཡང་མི་འདྲ་བ་ཡོད་དེ། དཔེར་ན། “དགེ་མཚན་ལྡན་པའི་ཤུགས་རྐྱེན་ཐེབས ”ཞེས་པ་དེའི་ནང་ནི་ཡག་པོ་དང་དྲང་ཕྱོགས་ཀྱི་དོན་ལ་ཡིན་ཞིང་། དོན་དག་གཅིག་གམ་ཡང་ན་མི་ཞིག་གིས་མི་གཞན་ལ་བློ་སྒོ་འབྱེད་པ་ལས་བྱུང་བའི་བྱ་སྤྱོད་རབ་དང་རིམ་པ་ལ་གོ་དགོས། “དེའི་ནང་ཞུགས་པའི་ཧུར་སེམས་འཕེལ་བ་བྱ་དགོས”ཞེས་པ་དེ་གར་རང་འགུལ་དང་འབད་བརྩོན་གྱི་དོན་ལ་ཡིན་ཞིང་། བྱ་ཐབས་ངེས་ཅན་ཞིག་ལ་བརྟེན་ནས་མི་རྣམས་རང་འགུལ་ངང་བྱེད་སྒོའི་ནང་ཞུགས་ཐུབ་པ་བྱ་རྒྱུའི་དོན་ལ་གོ་དགོས།
དོན་མང་ཐ་སྙད་བེད་སྤྱོད་བྱེད་པའི་བརྒྱུད་རིམ་ཁྲོད། ངེས་པར་དུ་གནས་བབ་དང་སྐད་ཆའི་ཡུལ་དང་ཟུང་འབྲེལ་བྱས་ཏེ་བེད་སྤྱོད་བྱེད་པར་མཐོང་ཆེན་བྱ་དགོས། རྒྱུན་དུ་སྐད་ཆ་གཅིག་གི་ནང་དོན་མང་ཐ་སྙད་རིམ་པ་གཅིག་གི་གོ་དོན་ཀྱང་མཚོན་པ། དོན་མང་ཐ་སྙད་རྩོམ་རིག་ཁྲོད་བེད་སྤྱོད་བྱེད་དུས་རྩོམ་ཡིག་གི་ནང་དོན་དང་ཟུང་འབྲེལ་བྱས་ཏེ་དོན་འདིའི་ནང་དོན་དང་འདྲེན་དོན་སོགས་བེད་སྤྱོད་བྱས་ཆོག་པ་རེད། སྐད་ཆའི་ཁྱབ་ཁོངས་མི་འདྲ་བའི་འོག་དོན་སྙིང་ཡང་མི་འདྲ་བ་རེད། དོན་མང་ཐ་སྙད་དངོས་ཡོད་འཚོ་བའི་ཁྲོད་བཀོལ་ཞིང་། རྒྱུན་དུ་དངོས་ཡོད་ཀྱི་གནས་ཚུལ་དང་ཟུང་འབྲེལ་བྱས་ནས་སྐད་ཆ་བཤད་མཁན་གྱི་བསམ་ཚུལ་ལ་བསམ་གཞིག་བྱེད་དགོས་པ་དང་རྟག་ཏུ་གོ་དོན་དེ་བས་ཟབ་མོ་བརྗོད་བཞིན་ཡོད་པ་རེད།
གཉིས། རྒྱ་བོད་ཡིག་བསྒྱུར་ལས་དོན་ཁྲོད་
དོན་མང་ཐ་སྙད་ཀྱི་བསྒྱུར་སྟངས།
1.ཚིག་གྲུབ་ནང་ཐ་སྙད་ཀྱིས་ནང་དོན་ལ་མཚོན་པའི་ཐ་སྙད་རིགས་གཞིར་བཟུང་ནས་ཐ་སྙད་ཀྱི་དོན་ལ་གཏན་ཁེལ་བྱ་དགོས་པ་རེད། ཐ་སྙད་ཀྱི་ནང་དོན་ལ་མཚོན་པ་དང་ཐ་སྙད་ཀྱི་དབྱེ་བར་གཞིགས་ནས་ཐ་སྙད་ཀྱི་གོ་དོན་ལ་གཏན་ཁེལ་བྱ་དགོས། ཐོག་མར་ཚིག་གྲུབ་ནང་ཐ་སྙད་གང་ལ་གཏོགས་པ་བརྡར་ཤ་གཅོད་དགོས་པ་དང་དེ་ནས་འོས་འཚམ་གྱི་ཡིག་བསྒྱུར་ཐ་སྙད་འདེམ་དགོས་པ་རེད། དཔེར་ན། “འཐུས་མི”ཞེས་པ་ཐ་སྙད་དེ་ཚིག་མཛོད་ནང་དུ་ནང་དོན་གསུམ་ཡོད་པ་སྟེ། མི་ཞིག་གམ་ཐུན་མོང་གི་ཚབ་བྱས་ནས་བསམ་འཆར་འདོན་པའམ་ཡང་ན་ལས་འགན་འཁུར་བ་དང་། བྱ་བ་རིགས་གཅིག་གི་ཐུན་མོང་གི་ཁྱད་ཆོས་མངོན་པའི་མི་དང་བྱ་བ་ལས་དོན། སྤུས་ཚད་ག་གེ་མོ་ཞིག་དང་ཡང་ན་སྤྱི་མཚན་གྱི་དོན་སྤྱི་ཞིག་དཔེ་མཚན་མངོན་པ། དཔེར་ན། (1)ཞའོ་མིང་སློབ་མའི་འཐུས་མི་བྱས་ཏེ་མཐར་ཕྱིན་གཏམ་བཤད་ཚོགས་འདུར་ཞུགས། དེའི་ནང་གི“འཐུས་མི”ནི་མིག་ཚིག་ཅིག་ཡིན་ལ། རིགས་གཅིག་པའི་ལས་དོན་གྱི་ཐུན་མོང་གི་ཁྱད་ཆོས་མངོན་པའི་མི་དང་དངོས་པོ་ཡིན། (2)ཞའོ་མིང་གིས་སློབ་མའི་ཚབ་བྱས་ནས་མཐར་ཕྱིན་དགོང་ཚོགས་ལ་ཞུགས། དེའི་ནང་གི་ “འཐུས་མི”ནི་ལས་འགན་སྒྲུབ་པ་དང་ཁེ་དབང་སྤྱོད་པའི་དོན་ཡིན་པ། (3)རི་མོ་ཕྱོགས་བསྒྲིགས་འདི་ནི་ཁོང་གི་ཚབ་མཚོན་བརྩམས་ཆོས་ཡིན། (4).ཁོང་གི་བརྩམས་ཆོས་ཀྱིས་དུས་རབས་དེའི་དར་སྲོལ་མཚོན་ཡོད། ཚིག་གྲུབ་བཞིའི་ཁྲོད་དུ། (3)དང་(4)པའི་ནང་གི“འཐུས་མི”ནི་གསལ་བཤད་དང་འགྲེམ་སྟོན་གྱི་ནང་དོན་ཡིན་ཏེ། སྤུས་ཚད་དང་ཡང་ན་སྤྱི་མཚན་དོན་སྤྱིའི་དཔེ་མཚོན་མཚན་པ་རེད། ཡང་དཔེར་ན།“ཧུར་བརྩོན”ཞེས་པ་ཐ་སྙད་དེ་ཚིག་མཛོད་ནང་དུ་གོ་དོན་བཞི་ཡོད་པ་སྟེ། “སྒྱིད་ལུག”དང་བལྟོས་བཅས་དང་ཁས་ལེན། དྲང་ཕྱོགས། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བཅས་ཀྱི་ནང་དོན་ཡིན་པས་མང་དུ་བྱ་དངོས་ལ་སྤྱོད་བཞིན་ཡོད་པ་དང་། “སྒྱིད་ལུག”དང་བལྟོས་བཅས་ནས་ཧུར་བརྩོན་ཡར་ཐོན་དང་སྤྲོ་སེམས་འཁོལ་བའི་བཅས་ཀྱི་དོན་ཡིན་པ་རེད། (1)བྱ་བ་འདིའི་ཁྲོད་ང་ཚོས་དགེ་མཚན་ལྡན་པའི་ཕྱོགས་ཤིག་མཐོང་དགོས། དེའི་ནང་དྲང་ཕྱོགས་དང་གདེང་འཇོག་གི་དོན་ལ་གོ་བ་དེ་རྒྱན་ཚིག་ཡིན་པ།(2)ལས་བཟོ་ཚོའི་ལས་ཀའི་ཧུར་སེམས་སྐུལ་སློང་བྱེད་དགོས། དེའི་ནང་འབད་བརྩོན་དང་ཡར་ཐོན་གྱི་གོ་དོན་ཡིན་པ།(3)ང་ཚོས་མཐོང་བྱུང་། ཞའོ་མིང་གིས་དོན་དག་འདིའི་ཁྲོད་ནས་མངོན་པའི་རྣམ་འགྱུར་ནི་དགེ་མཚན་ལྡན་པའི་ཡིན་པ་རེད། དེའི་ནང་དྲང་ཕྱོགས་དང་ཁས་ལེན་པ། བྱ་དངོས་འཕེལ་རྒྱས་ལ་ཕན་པ་བཅས་ཡིན་ལ། སྐད་ཆའི་ཡུལ་དང་ཟུང་འབྲལ་བྱས་ནས་ལྷག་བསམ་རྣམ་དག་གི་གོ་དོན་ལྡན་པ། (4)རྒྱ་ཆེའི་མང་ཚོགས་ཀྱིས་ཐོན་སྐྱེད་ཆེན་པོའི་ལས་འགུལ་ནང་ཧུར་ཐག་ཞུགས་པ། དེའི་ནང་བྱ་ཚིག་ཡིན་པར་མ་ཟད། རང་མོས་དང་རང་རྟོགས་ཀྱི་གོ་དོན་ཟབ་མོ་ལྡན་ཡོད་པ་རེད། དཔེར་བརྗོད་བཞིའི་ནང་དུ“ཧུར་བརྩོན”དེ་དོན་མང་ཐ་སྙད་བྱས་ནས་ཚིག་མང་པོ་ནང་བེད་སྤྱོད་བྱས་ཡོད་པ་རེད། དེ་ལས་མཐོང་ནས། རྒྱ་བོད་ཡིག་བསྒྱུར་སྐོར་གོང་འོག་གི་སྐད་ཆའི་ཡུལ་ལ་གཞིགས་ནས་ཐ་སྙད་ལ་དབྱི་ཞིབ་དང་རིགས་དབྱེ་བྱ་དགོས་པ་དང་། སྤྱི་ཡོངས་དང་ཆ་ཤས་དབར་གྱི་འབྲེལ་བ་མཐུན་སྦྱོར་བྱེད་པར་བརྒྱུད། ཐ་སྙད་ཀྱི་གྲུབ་ཆ་དང་བརྡ་སྤྲོད་ཀྱི་གྲུབ་ཆའི་ཐད་ནས་སྐད་ཁོངས་དང་འཚམ་པའི་ཐ་སྙད་ལ་གོ་བ་ལེན་དགོས།
2.སྐད་ཆའི་བྱ་སྤྱོད་ལས་བྱུང་བའི་སྐད་ཆའི་ཁོར་ཡུག་ལ་གཞིགས་ཏེ་ཐ་སྙད་ཀྱི་དོན་ལ་གཏན་འཁེལ་བྱ་དགོས། དོན་མང་ཐ་སྙད་དམིགས་བསལ་གྱི་ཁོར་ཡུག་ནང་དམིགས་བསལ་གྱི་གོ་དོན་ཡོད་པས། དོན་དངོས་ཀྱི་ཡིག་བསྒྱུར་ཁྲོད་གོང་འོག་གི་བརྡ་སྤྲོད་དང་ཟུང་འབྲེལ་བྱེད་དགོས་པར་མ་ཟད། སྐད་ཆའི་བྱ་སྤྱོད་དང་ཟུང་འབྲེལ་བྱས་ཏེ་ཐ་སྙད་ཀྱི་གོ་དོན་བརྡར་ཤ་གཅོད་དགོས་པ་དང་དེ་ལ་བརྟེན་ནས་འོས་ཤིང་འཚམ་པའི་ཡིག་བསྒྱུར་ཐ་སྙད་འདེམས་དགོས་པ་རེད། དཔེར་ན། ཐ་སྙད“གཏིང་ཟབ”(1)གྲངས་ཉུང་མི་རིགས་ས་ཁུལ་དུ“ཕྱིན་ནས”བརྟག་དཔྱད་ཞིབ་འཇུག་བྱ་དགོས། དེའི་ཁྲོད་བྱ་ཚིག་ཡིན་པས“ཕྱིན་ནས”ཞེས་སྒྱུར་དགོས།(2)ལེ་ཧྥེང་ལ་སློབ་སྦྱོང་བྱེད་པའི་བྱེད་སྒོ་དེ་སྔར་ལས་རྒྱ་ཆེ་ཞིང་གཏིང་ཟབ་པའི་སྒོ་ནས་སྤེལ་དགོས། དེའི་ཁྲོད་རྒྱན་ཚིག་ཡིན་པས“གཏིང་ཟབ”ཅེས་སྒྱུར་དགོས། ཡང་དཔེར་ན། ཐ་སྙད“མཁའ་དབུགས” (1)འོས་མེད་འགྲིག་ཐབས་ཀྱི་འུར་སྒྲ་དེ་ལངས་ཙམ་འཇགས་ཙམ་བྱེད་ཀྱི་ཡོད་པ་རེད། དེའི་ཁྲོད“འུར་སྒྲ”ལ་གོ་དགོས།(2)རྒྱ་ཆེ་བའི་བཟོ་པ་དང་ཞིང་པ། དམག་མི་བཅས་ཀྱི་མང་ཚོགས་ཁྲོད་དུ་སྤྲོ་སེམས་འཁོལ་བའི་ངང་ནས་དཔལ་འབྱོར་འཛུགས་སྐྲུན་བྱེད་པའི་གནས་ཚུལ་ཞིག་ཆགས་པ་བྱ་དགོས། དེའི་ཁྲོད“གནས་ཚུལ”དུ་གོ་དགོས། (3)ད་ལྟའི་གནས་ཚུལ་ལ་ཞིབ་འཇུག་ནན་ཏན་བྱ་རྒྱུའི་གོམས་སྲོལ་དེ་ཞན་པོ་ཞིག་རེད་ལ། ལོ་རྒྱུས་ལ་ཞིབ་འཇུག་ནན་ཏན་བྱ་རྒྱུའི་གོམས་སྲོལ་དེ་ཡང་ཞན་པོ་ཞིག་རེད། དེའི་ཁྲོད་“གོམས་སྲོལ”ལ་གོ་དགོས། དེར་བརྟེན། དོན་མང་ཐ་སྙད་ལ་ཡུལ་མི་འདྲ་བའི་ཁྲོད་སྡེབ་སྦྱོར་བྱ་ཡུལ་གྱི་ཚོད་འཛིན་ཐེབས་ན་གོ་དོན་མི་འདྲ་བ་འབྱུང་སྲིད་པ་དང་། དོན་དངོས་ཀྱི་ཡིག་བསྒྱུར་གོ་རིམ་ཁྲོད་དོན་འདི་ལ་ལྷག་པར་དུ་དོ་སྣང་བྱེད་དགོས་ཤིང་། སྐད་ཡིག་གི་བྱ་སྤྱོད་ལ་དབྱེ་ཞིབ་བྱས་ནས་ཐ་སྙད་ཀྱི་གོ་དོན་ཁ་གསལ་བྱ་དགོས་པ་རེད།
གོང་གསལ་གྱི་དབྱེ་ཞིབ་བརྒྱུད་རྒྱ་བོད་ཡིག་བསྒྱུར་གྱི་གོ་རིམ་ཁྲོད། དོན་མང་ཐ་སྙད་ཀྱི་ཡིག་བསྒྱུར་ནི་ཆེས་གལ་ཆེ་བའི་སྡེ་ཁག་ཅིག་ཡིན་ལ། དེའི་ཕྱིར་ཡིག་བསྒྱུར་བྱེད་མཁན་རྣམས་ཀྱིས་དོན་མང་ཐ་སྙད་ལ་ཡང་དག་པ་དང་ཆ་ཚང་གི་ངོས་ཟིན་ཞིག་ཡོད་དགོས་པར་མ་ཟད། སྐད་ཆའི་ཡུལ་དང་ཟུང་འབྲེལ་བྱས་ནས་བརྡར་ཤ་ཡང་དག་པ་བཅད་དེ་ནང་དོན་སྤྱད་ནས་ཡིག་བསྒྱུར་ཁྲོད་ནོར་འཁྲུལ་མི་འབྱུང་བ་རེད། དོན་མང་ཐ་སྙད་སྡེབ་སྒྲིག་བྱེད་པའི་བརྒྱུད་རིམ་ཁྲོད་དུ་ངེས་པར་དུ་གོང་འོག་གི་རྩོམ་དང་ཟུང་འབྲེལ་བྱེད་པར་དོ་སྣང་བྱས་ཏེ། ཚིག་སྦྱོར་བདེ་ཞིང་ཚིག་དོན་གཅིག་མཚུངས་པར་མཐའ་འཁྱོངས་བྱ་དགོས་པ་རེད། །