སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་གསལ་འགྲེལ།
ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་དྲ་བ་ལས། སྤྱི་ཟླ་8ཚེས་30ཉིན་གནས་ཚུལ་འབྱོར་གསལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཉེ་ཆར་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པར་ཕེབས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་། ཁོང་གིས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་མཐུན་སྒྲིལ་འབྱོར་ཕྱུག་དང་ཤེས་དཔལ། འཆམ་མཐུན། མཛེས་སྡུག་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་དགོས་ཞེས་ནན་གསུངས་གནང་།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་རྒྱས་བཤད་གཏིང་ཟབ་གནང་བ་དང་མིག་སྔར་དང་སླད་ཕྱིན་གྱི་དུས་སྐབས་ཤིག་གི་རིང་བོད་ཀྱི་ལས་དོན་གྱི་དམིགས་ཚད་ལས་འགན་དང་བྱེད་ཕྱོགས་དང་སྲིད་ཇུས། འཐབ་ཇུས་བྱེད་ཐབས་བཅས་ཁ་གསལ་བཟོས་ཡོད། དུས་རབས་གསར་པའི་བོད་ཀྱི་ལས་དོན་ཡག་པོར་བསྒྲུབ་རྒྱུར་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད་ཅེས་ཆེད་མཁས་པ་ཚོས་བཤད།
ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ཡོད། 1980ལོ་ནས་བཟུང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་ལ་འཚོགས་པ་དང་། རྩེ་རིམ་ཇུས་འགོད་ཐད་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏང་རྒྱུའི་ཐད་བླང་བྱ་ཁ་གསལ་བཏོན་ཡོད་ལ་བོད་ཀྱི་དོན་དངོས་ནས་འགོ་བཙུགས་ཏེ་དམིགས་སའི་རང་བཞིན་ལྡན་པའི་རོགས་སྐྱོར་བྱེད་ཐབས་རབ་དང་རིམ་པ་གཏན་འབེབས་དང་ལག་བསྟར་བྱས།
ཐེངས་འདིའི་བཞུགས་མོལ་ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་2015ལོའི་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་ཚུན་གྱི་ལས་ཀའི་གྲུབ་འབྲས་དང་ཉམས་མྱོང་ལ་ཕྱོགས་ཡོངས་ནས་ཕྱོགས་སྡོམ་གནང་ཞིང་། ཁོང་གིས་བོད་ཀྱི་བྱ་གཞག་ཁག་ལ་ཕྱོགས་ཡོངས་ནས་ཡར་རྒྱས་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད་ཅེས་བསྟན།
བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་དཔལ་འབྱོར་འཐབ་ཇུས་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་གཞོན་པ་ཧོ་ཀང་གིས་གྲངས་ཀ་རབ་དང་རིམ་པ་དཔེར་དྲངས་ནས། ཉེ་བའི་ལོ་ལྔའི་རིང་ཀྲུང་དབྱང་དང་རྒྱལ་ཡོངས་ཀྱི་རོགས་སྐྱོར་འོག་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མགྱོགས་པ་དང་། “ཀྲུང་དབྱང་གིས་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་ཚོགས་ཚུན་ནས། 2019ལོར་སླེབས་སྐབས་དམངས་འཚོ་དང་འབྲེལ་བ་དམ་ཟབ་ཡོད་པའི་འཕྲོད་བསྟེན་བདེ་ཐང་དང་སློབ་གསོ། སྤྱི་ཚོགས་འགན་སྲུང་དང་ལས་ཞུགས། སྡོད་ཁང་འགན་སྲུང་སོགས་དམངས་འཚོའི་འབྲེལ་ཡོད་ཀྱི་ལས་གཞི་7ལ་ཁྱོན་སྒོར་དུང་ཕྱུར་1409.33བཏང་སྟེ་17.3%འཕར་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་མི་མི་རེའི་ཆ་སྙོམས་ཡོང་འབབ་2015ལོའི་སྒོར་12254ནས་2019ལོའི་སྒོར་19501འཕར་སྣོན་བྱུང་བ་དང་ལོ་རེར་ཆ་སྙོམས་12%འཕར།
གསུང་བཤད་ནང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ངེས་པར་དུ་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་བཅས་མཐའ་འཁྱོངས་བྱེད་དགོས་པ་དང་། རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ། མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས་པའི་འཐབ་ཇུས་བསམ་བློ་མཐའ་འཁྱོངས་བྱ་དགོས”པ་སོགས་“ངེས་པར་དུ་བྱ་དགོས་པ་བཅུ་”ལ་བརྟེན་ནས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་རྒྱས་བཤད་བྱ་དགོས། དུས་མཚུངས་སུ་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ནི་བོད་ཀྱི་ལས་དོན་ཡག་པོར་སྒྲུབ་པའི་རྩ་བའི་གཞི་འཛིན་ས་ཡིན་པས་ངེས་པར་དུ་ཡུན་རིང་མཐའ་འཁྱོངས་དང་ཕྱོགས་ཡོངས་ནས་དོན་འཁྱོལ་བྱ་དགོས་ཞེས་ནན་གྱིས་བསྟན།
ཀྲུང་དབྱང་སྤྱི་ཚོགས་རིང་ལུགས་སློབ་གླིང་གི་དགེ་རྒན་ཆེན་མོ་ཧྲེན་ཀུའེ་ཕིང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ད་ཐེངས་ཀྱི་གསུང་བཤད་ནི་ཏང་གི་བོད་སྐྱོང་མཛད་ཇུས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་རྒྱུ་དེ་ཡིན། ཁོང་མོས“2015ལོར་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་འཚོགས་པ་ནས། ‘ཁྲིམས་ལྟར་བོད་སྐྱོང’སོགས་འཐབ་ཇུས་དང་བསམ་ཕྱོགས་གལ་ཆེན་འགའ་ཞིག་གཏན་འཁེལ་བྱས་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་མགྱོགས་མྱུར་འཕེལ་རྒྱས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་། བོད་དང་ནང་ལོགས་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བའི་ཐད་ཐག་གཅོད་རང་བཞིན་གྱི་ནུས་པ་ཐོན་ཡོད། ཐེངས་འདིའི་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་ནི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་ཐོག་བཏོན་པའི་འཐབ་ཇུས་མཐའ་འཁྱོངས་གནང་བ་ཞིག་ཡིན། རྨང་གཞི་དེའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཡིས་འཕེལ་རྒྱས་ཀྱི་སྤུས་ཚད་མཐོ་རུ་གཏང་རྒྱུའི་སྐོར་གླེང་བ་རེད་ཅེས་བཤད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། ཏང་གི་ལོ་རྒྱུས་དང་ཀྲུང་གོ་གསར་པའི་ལོ་རྒྱུས། བཅོས་བསྒྱུར་སྒོ་འབྱེད་ཀྱི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་ཀྱི་འཕེལ་རྒྱས་ལོ་རྒྱུས་བཅས་ཀྱི་སློབ་གསོ་གཏིང་ཟབ་སྤེལ་བ་དང་། བོད་ས་གནས་དང་མེས་རྒྱལ་དབར་གྱི་འབྲེལ་བའི་ལོ་རྒྱུས་སློབ་གསོ་གཏིང་ཟབ་སྤེལ་དགོས། ཀྲུང་ཧྭ་མི་རིགས་ནི་ལས་དབང་གཅིག་མཐུན་འདུས་གྲུབ་ཡིན་པས་མི་རིགས་ཁག་འགྲོ་འོང་དང་སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏང་རྒྱུར་ངོས་འཛིན་གཏིང་ཟབ་བྱུང་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་གསར་ཤོས་དེ་དག་ནི་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་འདུས་གྲུབ་སྲ་བརྟན་དུ་གཏོང་བའི་བྱེ་བྲག་གི་བྱེད་ཐབས་ཤིག་རེད། “གཅིག །ལོ་རྒྱུས་ཀྱི་མཐོང་སྣེ་ནས་ལོ་རྒྱུས་ཐོག་བོད་ཀྱིས་གནའ་སྔ་མོ་ནས་བཟུང་ནང་ལོགས་དང་དེ་བཞིན་བོད་ཀྱི་ས་གནས་ཁག་གི་མི་རིགས་ཁག་དབར་འགྲོ་འོང་དང་སྤེལ་རེས། མཉམ་འདྲེས་བཅས་བྱེད་པའི་ལོ་རྒྱུས་ཀྱི་དོན་དངོས་གཏིང་ཟབ་ཏུ་བཏང་ཡོད། གཉིས། ཏང་གི་ལོ་རྒྱུས་དང་ཀྲུང་གོ་གསར་པའི་ལོ་རྒྱུས། བཅོས་བསྒྱུར་སྒོ་དབྱེད་ཀྱི་ལོ་རྒྱུས་བཅས་བརྒྱུད། མི་རིགས་ཁག་གི་སྤུན་ཟླ་ཚོར་ལོ་བརྒྱའི་ནང་ཀྲུང་ཧྭ་མི་རིགས་ཡར་ལངས་པ་དང་ཕྱུག་པོར་ཆགས་པ། སྟོབས་ལྡན་དུ་གྱུར་པ་བཅས་ཀྱི་ལོ་རྒྱུས་བརྒྱུད་རིམ་ནང་། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ལ་གཞོལ་བའི་ལོ་རྒྱུས་ཀྱི་ལེགས་སྐྱེས་ཧ་ཅང་ཆེན་པོ་གནང་བར་མྱོང་ཚོར་གཏིང་ཟབ་ཐུབ་ཡོད། དེ་བས་དེང་རབས་ཀྱི་རྒྱལ་སྤྱིའི་ཁོར་ཡུག་རྙོག་འཛིང་ཤིན་ཏུ་ཆེ་བའི་འོག །མི་རིགས་ཁག་གི་སྤུན་ཟླ་རྣམས་ཀྲུང་གོ་གུང་ཁྲན་ཏང་གི་མཐའ་སྐོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་པར་དུས་རབས་ཀྱི་དགོས་མཁོ་དམིགས་བསལ་ཅན་ཡོད་ཅེས་ཧྲེན་ཀུའེ་ཕིང་གིས་བཤད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱས་ཏེ་འཕེལ་རྒྱས་དོ་སྙོམས་མེད་པ་དང་འཐུས་སྒོ་མི་ཚང་པའི་གནད་དོན་ལ་དམིགས་དགོས། ཁོང་གིས་ལྷག་པར་དུ་ཁྲོན་བོད་ལྕགས་ལམ་དཔེར་དྲངས་ནས་ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་སོགས་ཀྱི་རྣམ་གྲངས་ལ་དམིགས་ནས། རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་གལ་ཆེན་ཁག་ཅིག་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ་དང་། མཐུན་སྒྲིལ་ལམ་བུ་དང་བདེ་སྐྱིད་ལམ་བུ་སྔར་ལས་མང་བ་འཛུགས་སྐྲུན་བྱ་དགོས་ཞེས་གསུངས།
གོམ་གང་མདུན་སྤོས་ཀྱིས་བོད་དང་མེས་རྒྱལ་ནང་ལོགས་དབར་གྱི་འགྲིམ་འགྲུལ་འབྲེལ་མཐུད་ལ་སྔར་ལས་སྐུལ་འདེད་བཏང་ཚེ་གཅིག་གྱུར་གྱི་ཁྲོམ་ར་ཆེན་པོར་སྐུལ་འདེད་གཏོང་ཐུབ་པ་མ་ཟད། མི་རིགས་ཁག་གི་སྤུན་ཟླའི་བར་སྤེལ་རེས་དང་འགྲོ་འོང་བྱེད་ཤུགས་སྔར་ལས་ཆེ་རུ་གཏོང་ཐུབ། མེས་རྒྱལ་ནང་ལོགས་དང་འབྲེལ་བ་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་ན། ངེས་པར་དུ་བོད་ནས་ཐོན་པའི་འགྲོ་ལམ་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་དགོས། ཁྲོན་བོད་ལྕགས་ལམ་ནི་བོད་ནས་ཐོན་པའི་འགྲོ་ལམ་གྱི་མཚོན་རྟགས་རང་བཞིན་གྱི་འགྲོ་ལམ་གལ་ཆེན་ཞིག་རེད། ཕྱོགས་གཅིག་ནས། དེས་བོད་ལྗོངས་ཡོངས་ཀྱི་མི་སེར་གྱི་ཡོང་འབབ་འཕར་སྣོན་དང་ཕྱུག་འགྱུར་ཡོང་རྒྱུར་སྐུལ་ཁྲིད་ཐུབ་པ་དང་། ཕྱོགས་གཞན་ཞིག་ནས། འགྲིམ་འགྲུལ་ཇེ་ལེགས་སུ་ཕྱིན་པ་དེས་མི་སྣ་ཕན་ཚུན་གྱི་སྤེལ་རེས་ལ་སྐུལ་མ་ཐེབས་ནས་མི་རིགས་ཀྱི་འགྲོ་འོང་དང་སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་བྱེད་ཐུབ་ཅེས་བཤད།
གསུང་བཤད་ཀྱི་མཇུག་ཏུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཏང་ནན་སྐྱོང་དང་ཏང་ནན་སྐྱོང་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་བ། རིམ་པ་ཁག་གི་འགོ་ཁྲིད་སྡེ་ཁག་དང་ལས་བྱེད་པའི་ཤེས་ལྡན་མི་སྣའི་དཔུང་ཁག །གཞི་རིམ་རྩ་འཛུགས་བཅས་འཛུགས་སྐྱོང་བྱེད་པར་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་དགོས། ཏང་རྩ་འཛུགས་རིམ་པ་ཁག་དང་རྒྱ་ཆེའི་ཏང་ཡོན། ལས་བྱེད་པ་བཅས་མི་རིགས་ཁག་གི་མང་ཚོགས་ཀྱི་སྣེ་ཁྲིད་དེ་དཀའ་ངལ་དང་འགྲན་སློང་ལས་རྣམ་པར་རྒྱལ་བ། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་ཆབ་སྲིད་ཀྱི་སྟོབས་ཤུགས་སྟོབས་ལྡན་དུ་བསྒྱུར་བར་འགན་ལེན་ཏན་ཏིག་བྱ་དགོས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་ཏང་ཡོན་ལས་བྱེད་པར་བཏོན་པའི་བླང་བྱར་དམིགས་བསལ་གྱི་དོན་སྙིང་ཟབ་མོ་ལྡན་ཡོད། གཅིག །གནམ་གཤིས་ཁོར་ཡུག་ཧ་ཅང་ཞན་པ་དང་དབྱང་དབུགས་དཀོན་པ། ས་བབ་མཐོ་བ། ཐག་རིང་ལུང་ཁུག་ཏུ་གནས་པ་དང་འཚོ་བའི་ཆ་རྐྱེན་ལ་དཀའ་ཚེགས་ཆེ་བས་འགོ་ཁྲིད་ལས་བྱེད་པར་དཀའ་སྡུག་མྱོང་བའི་སྙིང་སྟོབས་དང་སྤྱོད་གཙང་རང་འདོམས་ཀྱི་སྙིང་སྟོབས་ཡོད་དགོས། ཕྱོགས་གཞན་ཞིག་ནས། བོད་འདི་ཉིད་རྒྱལ་སྤྱིའི་ཐོག་ཁ་ཕྲལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སོགས་རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་ཁོར་ཡུག་སྣ་ཚོགས་ནང་གནས་ཡོད་པས། བོད་ལྗོངས་ས་ཁུལ་གྱི་ལས་བྱེད་པ་དང་སྤྱི་ཡོངས་ཀྱི་དཔུང་ཁག་ལ་བོད་སྐྱོང་ཐབས་ཇུས་དོན་འཁྱོལ་ཐུབ་མིན་ལ་འབྲེལ་བ་ཡོད་པ་མ་ཟད། རང་རེའི་རྒྱལ་ཁབ་ཧྲིལ་པོའི་རྒྱལ་ཁབ་ཀྱི་བདེ་འཇགས་ལའང་ཤུགས་རྐྱེན་ཐེབས་བཞིན་ཡོད། གཞན་ཡང་མི་རིགས་ཁག་གི་ལས་བྱེད་པས་མཐུན་སྒྲིལ་འབད་འཐབ་བྱས་ནས། ཁྱེད་ཀྱི་ཁྲོད་དུ་ང་ཡོད་པ་དང་ངའི་ཁྲོད་དུ་ཁྱེད་ཡོད་པའི་མི་རིགས་ཀྱི་བརྩེ་བ་ཟབ་མོ་བཙུགས་ཡོད་པ་དང་། རྒྱལ་སྤྱིའི་འཐབ་རྩོད་དང་ཡང་ན་བོད་ལྗོངས་ཀྱི་འཕེལ་རྒྱས་གང་ཡིན་རུང་ཚང་མ་གལ་འགངས་ཤིན་ཏུ་ཆེ་བ་ཞིག་རེད།