སྤྱི་ཟླ་9པའི་ཚེས་17ཉིན་གྱི་སྔ་དྲོར། ཉི་འོད་དབང་ཕྱོགས་ཀྱི་རི་རྩེ་ལ་འཕྲོ་བའི་དུས་དང་བསྟུན། དྭངས་གཙང་དཀར་མཛེས། དུས་རབས་གསར་པའི་ཕུགས་འདུན་སྐྲུན་ཞེས་པ་བརྗོད་དོན་བྱས་པའི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་ངོ་70འཁོར་བར་དགའ་སྟོན་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དེ་དར་མདོ་གྲོང་ཁྱེར་གཡག་རྭ་ལྟག་སྒོའི་ལུས་རྩལ་ཐང་ཆེན་དུ་གཟབ་རྒྱས་ངང་སྤེལ།
ཀྲུང་དབྱང་འབྲེལ་ཡོད་སྡེ་ཁག་གི་རྟེན་འབྲེལ་ཚོགས་པའི་མགོ་གཙོ། རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཡི་ཁོངས་མི། ཀྲུའུ་རེན་གཞོན་པ་གོ་ཝེ་ཕིང་གིས་གསུང་བཤད་གནང་བཞིན་པ།
中央有关部门祝贺团团长、国家民委副主任郭卫平讲话。 图 / 欧阳杰
རྟེན་འབྲེལ་ཚོགས་ཆེན་ཚོགས་པར་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན། རྒྱལ་སྲིད་སྤྱི་ཁྱབ་ཁང་བཅས་ཀྱིས་རྟེན་འབྲེལ་ཞུ་ཡིག་སྤྲིངས། ཀྲུང་དབྱང་འབྲེལ་ཡོད་སྡེ་ཁག་གི་རྟེན་འབྲེལ་ཚོགས་པའི་མགོ་གཙོ། རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཡི་ཁོངས་མི། ཀྲུའུ་རེན་གཞོན་པ་གོ་ཝེ་ཕིང་དང་། ཀྲུང་དབྱང་འབྲེལ་ཡོད་སྡེ་ཁག་གི་རྟེན་འབྲེལ་ཚོགས་པའི་མགོ་གཙོ་གཞོན་པ། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་ལི་དབྱང་ཏི། ཀྲུང་དབྱང་འབྲེལ་ཡོད་སྡེ་ཁག་གི་རྟེན་འབྲེལ་ཚོགས་པའི་མགོ་གཙོ་གཞོན་པ། ཀྲུང་དབྱང་གླུ་གར་ཚོགས་པའི་ཏང་ཨུའི་ཧྲུའུ་ཅི་ཧོང་ཡའོ་ཕིང་། ཀྲུང་དབྱང་འབྲེལ་ཡོད་སྡེ་ཁག་གི་རྟེན་འབྲེལ་ཚོགས་པའི་དྲུང་ཡིག་ཆེན་པོ་བ། རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གཞུང་ལས་ཐིང་གི་ཀྲུའུ་རེན་གཞོན་པ་ཝང་ཧྲུའུ་ལི་བཅས་ཚོགས་འདུར་ཕེབས།
ཀྲུང་གུང་སི་ཁྲོན་ཞིང་ཆེན་ཨུ་ལྷན་གྱི་ཧྲུའུ་ཅི། ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཕེང་ཆིང་ཧྭ་ཡིས་གསུང་བཤད་གནང་བཞིན་པ།
中共四川省委书记、省人大常委会主任彭清华讲话。
ཞིང་ཆེན་རྟེན་འབྲེལ་ཚོགས་པའི་མགོ་གཙོ་དང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཕེང་ཆིང་ཧྭ། ཞིང་ཆེན་རྟེན་འབྲེལ་ཚོགས་པའི་མགོ་གཙོ་གཞོན་པ་དང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཏེང་ཞའོ་ཀང་། ཞིང་ཆེན་རྟེན་འབྲེལ་ཚོགས་པའི་མགོ་གཙོ་གཞོན་པ་དང་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཐེན་ཞང་ལི། ཞིང་ཆེན་རྟེན་འབྲེལ་ཚོགས་པའི་མགོ་གཙོ་གཞོན་པ་དང་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཏེང་ཡུང་། ཞིང་ཆེན་རྟེན་འབྲེལ་ཚོགས་པའི་མགོ་གཙོ་གཞོན་པ་དང་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། ཞིང་ཆེན་དམག་ཁུལ་གྱི་དམག་སྤྱི་ཆུའུ་ཞིན་ཡུང་། ཞིང་ཆེན་རྟེན་འབྲེལ་ཚོགས་པའི་མགོ་གཙོ་གཞོན་པ་དང་དྲུང་ཡིག་ཆེན་པོ་བ། ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། དྲུང་ཡིག་ཆེན་པོ་བ་ཝང་དབྱི་ཧུང་། ཞིང་ཆེན་རྟེན་འབྲེལ་ཚོགས་པའི་མགོ་གཙོ་གཞོན་པ་དང་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཡེ་ཀྲོང་། ཞིང་ཆེན་རྟེན་འབྲེལ་ཚོགས་པའི་མགོ་གཙོ་གཞོན་པ་དང་ཞིང་དཔོན་གཞོན་པ། སྤྱི་བདེ་ཐིང་གི་མགོ་གཙོ་ཡེ་ཧན་པིང་། ཞིང་ཆེན་རྟེན་འབྲེལ་ཚོགས་པའི་མགོ་གཙོ་གཞོན་པ་དང་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལི་ཁྲང་ཕིང་བཅས་ཚོགས་འདུར་ཞུགས་ཤིང་ཀྲུའུ་ཞིའི་སྟེགས་བུའི་མདུན་གྲལ་དུ་བཞུགས་ཡོད།
རྟེན་འབྲེལ་ཚོགས་ཆེན་དེ་ཚོགས་རར་ཞུགས་པའི་མཛད་སྒོ་དང་རྟེན་འབྲེལ་ཚོགས་ཆེན་དངོས། རིག་རྩལ་འཁྲབ་སྟོན་ཆེ་གྲས་བཅས་ཁག་གསུམ་ལས་གྲུབ་ཡོད།
སྔ་དྲོའི་ཆུ་ཚོད་10པར་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཞའོ་ཡིའུ་ཚའེ་ཡིས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ་དང་། རྒྱལ་གླུ་ལེན་བཞིན་རྒྱལ་དར་སྒྲེང་བའི་མཛད་སྒོ་དང་སྦྲགས་རྟེན་འབྲེལ་ཚོགས་ཆེན་གྱི་འགོ་དངོས་སུ་ཚུགས།
ཚོགས་ཐོག་ཏུ་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུ་བའི་སྐོར་གྱི་རྟེན་འབྲེལ་ཞུ་ཡིག་ཁྱབ་བསྒྲགས་བྱེད་པ་དང་། ཀྲུང་དབྱང་འབྲེལ་ཡོད་སྡེ་ཁག་གི་རྟེན་འབྲེལ་ཚོགས་པའི་དྲུང་ཡིག་ཆེན་པོ་བ། རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གཞུང་ལས་ཐིང་གི་ཀྲུའུ་རེན་གཞོན་པ་ཝང་ཧྲུའུ་ལི་ཡིས་《རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ལ་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་གྱི་མིང་འདོགས་པའི་སྐོར་གྱི་གཏན་འབེབས།》ཁྱབ་བསྒྲགས་གནང་ཀྲུང་དབྱང་འབྲེལ་ཡོད་སྡེ་ཁག་གི་རྟེན་འབྲེལ་ཚོགས་པའི་མགོ་གཙོ། རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཡི་གྲུབ་མི། ཀྲུའུ་རེན་གཞོན་པ་གོ་ཝེ་ཕིང་གིས་དཀར་མཛེས་ཁུལ་ལ་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་གྱི་སྒོ་བྱང་གནང་བ་དང་། ཀྲུང་གུང་དཀར་མཛེས་ཁུལ་ཨུ་དང་ཁུལ་མི་དམངས་སྲིད་གཞུང་གི་འགན་འཁུར་བ་གཙོ་བོས་སྒོ་བྱང་བླངས།
རྟེན་འབྲེལ་ཚོགས་ཆེན་ཐོག་ཏུ་ཀྲུང་དབྱང་འབྲེལ་ཡོད་སྡེ་ཁག་གི་རྟེན་འབྲེལ་ཚོགས་པའི་མགོ་གཙོ། རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཡི་ཁོངས་མི། ཀྲུའུ་རེན་གཞོན་པ་གོ་ཝེ་ཕིང་གིས་གསུང་བཤད་གནང་བ་དང་། ཞིང་ཆེན་རྟེན་འབྲེལ་ཚོགས་པའི་མགོ་གཙོ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཕེང་ཆིང་ཧྭ་ཡིས་གསུང་བཤད་གནང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། དཀར་མཛེས་ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་གིས་ཤིས་ཚིག་ཕུལ།
ཀྲུང་དབྱང་དང་ཞིང་ཆེན་རྟེན་འབྲེལ་ཚོགས་པའི་གྲུབ་མི་དང་ལས་སྒྲུབ་མི་སྣ། སྐུ་མགྲོན་ལྷན་རྒྱས། སྲིད་གྲོས་དཀར་མཛེས་ཁུལ་ཨུ་ཡོན་ལྷན་ཁང་བཙུགས་ནས་ལོ་70འཁོར་བའི་བཞུགས་མོལ་ཚོགས་འདུར་ཞུགས་པའི་འཐུས་མི། ཚོང་འགུགས་དང་མ་རྩ་ནང་འདྲེན་འོས་སྦྱོར་ཚོགས་འདུར་ཞུགས་པའི་འཐུས་མི་དང་ལས་སྒྲུབ་མི་སྣ། དཀར་མཛེས་ཁུལ་རིམ་པའི་མགོ་ཁྲིད། རྫོང་དང་གྲོང་ཁྱེར་ཁག་གི་འཐུས་མི། ཁུལ་རིམ་པའི་སྡེ་ཚན་སོ་སོའི་འཐུས་མི། མང་ཚོགས་འཐུས་མི་སོགས་ཞུགས།
ད་ཐེངས་ཀྱི་རིག་རྩལ་མཉམ་འཛོམས་འཁྲབ་སྟོན་ཆེན་མོ་འདི་ལ་སྔོན་འགྲོའི་འཁྲབ་ཚན་ཤར་ནས་ཉི་མ་འཆར་ཞེས་པ་དང་། ལེ་ཚན་དང་པོ་འཕོ་འགྱུར་གྱི་བར་དཔང་། ལེ་ཚན་གཉིས་པ་གངས་ལྗོངས་ཀྱི་ཕུགས་འདུན་བསྐྲུན། ལེ་ཚན་གསུམ་པ་གཤོག་པ་བརྐྱངས་ནས་འཕུར་བ་དང་། བརྗོད་དོན་གླུ་དབྱངས་དུས་རབས་གསར་པའི་དཀར་མཛེས་གསར་པ་དང་། མེས་རྒྱལ་ལ་བསྟོད་གླུ་ལེན་བཅས་ལེའུ་ལྔ་ལས་གྲུབ་འདུག །འདིས་མཉམ་སྡེབ་གླུ་གར་ཆེ་གྲས་ཀྱི་རྣམ་པའི་ཐོག་ནས་དཀར་མཛེས་ཁུལ་གྱི་ཡུན་རིང་གི་ལོ་རྒྱུས་ལྡན་པའི་རིག་གནས་དང་ཁུལ་བཙུགས་ཚུན་གྱི་ལས་རིགས་ཁག་གི་འོད་སྟོང་འཕྲོ་བའི་གྲུབ་འབྲས་མངོན་པར་བྱས། དེ་ཡང་དཔལ་ཡུལ་དང་སྡེ་རོང་། སེར་ཤུལ། རོང་བྲག །ཉག་ཆུ། རྟའུ། འབའ་ཐང་བཅས་རྫོང་ཁག་དང་ཁུལ་ལས་རིགས་ལག་རྩལ་སློབ་གྲྭ། ཞིང་ཆེན་བོད་ཡིག་སློབ་གྲྭ། དར་རྩེ་མདོའི་སློབ་གྲྭ་ཁག་གི་འཁྲབ་སྟོན་པ་བཅས་འཁྲབ་སྟོན་པ་ཆེས་མང་བ་ནི་ལས་ཀའི་བླང་བྱ་དམ་ཞིང་ལས་འགན་ཧ་ཅང་ལྕི་བ་རེད་ཅེས་ལབ་བཞིན་འདུག །རྟའུ་རྫོང་ལ་མཚོན་ན། ད་ལོའི་ལོ་མགོར་ཏོག་གསར་གློ་ཚད་ཀྱི་རིམས་ནད་བྱུང་བས་ཁུལ་ཨུ་དང་ཁུལ་སྲིད་གཞུང་། སྤུན་ཟླའི་རྫོང་(གྲོང་ཁྱེར)ཁག་བཅས་ཀྱིས་རོགས་སྐྱོར་ཚད་མེད་གནང་བ་དང་། རྫོང་རང་གི་མི་དམངས་རྣམས་ཀྱིས་མི་བརྒྱ་སེམས་གཅིག་དང་། ཕྱར་བ་གྲུ་འདེགས་བྱས་པར་བརྟེན་མཇུག་མཐར་རིམས་ནད་སྔོན་འགོག་ཚོད་འཛིན་ལ་དུས་རིམ་རང་བཞིན་གྱི་རྒྱལ་ཁ་ཐོབ་ཡོད།
ད་ཐེངས་ཀྱི་རྫོང་རང་གིས་གྲ་སྒྲིག་བྱས་པའི་ཁུལ་སྟོན་ལ་རྟེན་འབྲེལ་ཞུ་བའི་རིག་རྩལ་འཁྲབ་སྟོན་གྱི་མཇུག་ཏུ་འཁྲབ་སྟོན་པ་ཡོངས་ཀྱིས་ཕྱོགས་བཞིའི་སྐུ་མགྲོན་དང་ལྟད་མོ་བ་རྣམས་ལ་ལག་པའི་ཐལ་མོ་བྲང་ཁར་སྦྱར་ནས་གུས་འདུད་ཀྱི་སྟངས་སྟབས་ཀྱིས་ཏང་དང་སྲིད་གཞུང་དང་། དེ་བཞིན་སྤུན་ཟླའི་རྫོང་(གྲོང་ཁྱེར)ཁག་གི་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས། རོང་བྲག་རྫོང་གི་འཁྲབ་སྟོན་པ་400ཙམ་གྱིས་ཁུལ་ཨུས་འཐབ་ཇུས་ཆེན་པོ་དྲུག་དང་། གསུམ་འཛུགས་མཉམ་འགུལ་ལག་བསྟར་བྱས་པ་ལས་ཐོབ་པའི་གྲུབ་འབྲས་དང་། རྒྱ་ཆེ་བའི་མི་དམངས་མང་ཚོགས་ཀྱི་སྐྱིད་སྣང་དང་ཐོབ་སྣང་སོགས་ཀྱི་ནང་དོན་ངོ་མཚར་ཆེ་བའི་གླུ་གར་འཁྲབ་རྩལ་སོགས་ཀྱི་རྣམ་པས་མངོན་པར་མཚོན། ཁུལ་སྟོན་སྐབས་ད་དུང་དཀར་མཛེས་ཁུལ་གྱི་གླུ་པ་གྲགས་ཅན་ཡ་དུང་དང་གླུ་མ་གྲགས་ཅན་ཚེ་དབང་ལྷ་མོ་སོགས་ཀྱིས་ཡུལ་དངོས་ནས་སྙན་མོ་གླུ་ཡི་མཆོད་པས་ཁུལ་སྟོན་དུས་ཆེན་ལ་ཕེབས་བའི་སྐུ་མགྲོན་ཡོངས་ལ་དུས་ཆེན་གྱི་རྟེན་འབྲེལ་ཕུལ།
སི་ཁྲོན་བརྙན་འཕྲིན་ཁང་དང་། ཁམས་པའི་བརྙན་འཕྲིན་ཁང་། དཀར་མཛེས་བརྙན་འཕྲིན་ཁང་། ཁམས་པའི་འཕྲིན་སྦྱོར། གནས་མཆོག་དཀར་མཛེས་སོགས་བརྙན་འཕྲིན་དང་དྲ་བ། འཕྲིན་སྦྱོར་ཁག་གིས་ཐེངས་འདིའི་རྟེན་འབྲེལ་ཚོགས་ཆེན་གྱི་གནས་ཚུལ་ཐད་གཏོང་བྱས། །