སྟོན་དུས་ཀྱི་དབུས་ལམ་བོད་སྡེ་ནི་བོད་སྡེ་དང་། མཁར་རྫོང་། ཚོན་ལྡན་ནགས་ཚལ་བཅས་ཀྱི་མཛེས་སྡུག་གིས་ཕྱུག་པའི་རི་མོ་ཞིག་གྲུབ་ཡོད། དབུས་ལམ་བོད་སྡེ་ནི་ཆ་སྙོམས་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་2300ཡོད། ཐུན་མོང་མ་ཡིན་པའི་ས་ཁམས་ཆ་རྐྱེན་གྱིས་དེ་གའི་ཞིང་ཁ་དང་། རི་བོ། ནགས་ཚལ། སྤང་ལྗོངས་སོགས་སྣ་མང་ཅན་གྱི་རང་བྱུང་ཐོན་ཁུངས་གསོ་སྐྱོང་བྱས་དང་བྱེད་བཞིན་ཡོད་ལ། སྣ་མང་ཅན་གྱི་ལོ་ཏོག་དང་ཞིང་ལས་ཐོན་རྫས་ཀྱི་རིགས་ཀྱང་སྐྱེས་པ་དང་། མཐོང་བ་དཀོན་པའི་མཐོ་སྒང་ཞིང་ལས་དཔལ་ཡོན་གྱི་རིགས་དབྱིབས་བྱུང་བ།དབུས་ལམ་གྱི“ཞིང་ཁུལ་ནི་མཛེས་ལྗོངས་ཁུལ་དང་། མཛེས་ལྗོངས་ཁུལ་ནི་ཞིང་ཁུལ་ཡིན་པའི”ཁྱད་ལྡན་ཡུལ་སྐོར་ཐོན་ཁུངས་ཀྱང་སྐྱེད་སྲིང་བྱས་ཡོད། དབུས་ལམ་ཁུལ་གྱི་གནའ་བོའི་རྒྱལ་རོང་བོད་སྡེ་ནི་རི་མགོར་ཆགས་པའི་རྐྱེན་གྱིས་གནས་མང་པོ་མུ་འབྲེལ་ནས་རི་ཁུག་ཏུ་ཁྱབ་པ་དང་། སྲོལ་རྒྱུན་གྱི་ཤིང་རྡོ་ལས་གྲུབ་པའི་བཟོ་བཀོད་དང་ཉེ་འཁོར་གྱི་རང་བྱུང་ཁོར་ཡུག་གཉིས་ཕན་ཚུན་འདྲེས་པ། ཚོན་མདངས་གཤིབ་བསྡུར་གསལ་བ། གནམ་དང་མི་ཟུང་དུ་འབྲེལ་བའི་ཡུལ་ལྗོངས་ལྡན་པ།སྙན་ངག་ཇི་བཞིན་མཚོན་པའི་ཐུན་མོང་མ་ཡིན་པ་བཅས་ཀྱི་རྣམ་པ་བསྐྲུན་ཡོད།
(http://tibet.people.com.cn/GB/15829262.html)