ཞི་ཅིན་ཕིང་གིས་པ་ལིས་ཞི་བདེ་གླེང་སྟེགས་སྐབས་གསུམ་པར་བརྙན་རིས་བརྒྱུད་དེ་ཤིས་ཚིག་ཕུལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 11-16


        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཅུ་གཅིག་པའི་ཚེས་བཅུ་གཉིས་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པ་ལིས་ཞི་བདེ་གླེང་སྟེགས་སྐབས་གསུམ་པར་ཁ་ཡིག་ལ་མཉམ་དུ་རིམས་ནད་ལ་འགོག་རྒོལ་བྱེད་པ་དང་མཉམ་དུ་སླར་གསོར་སྐུལ་འདེད་གཏོང་བ། མཉམ་དུ་ཞི་བདེ་ལ་ཇུས་འགོད་བྱེད་པ་ཞེས་པའི་བརྙན་རིས་ཤིས་ཚིག་ཕུལ།
        ཞི་ཅིན་ཕིང་གིས་ཤིས་ཚིག་འབུལ་སྐབས་བསྟན་དོན། དེང་སྐབས་འཛམ་གླིང་གི་རྣམ་པར་མགྱོགས་མྱུར་སྒོས་འགྱུར་ལྡོག་འབྱུང་བཞིན་ཡོད་པ་དང་སྲོལ་རྒྱུན་བདེ་འཇགས་དང་སྲོལ་རྒྱུན་མིན་པའི་བདེ་འཇགས་ལ་འཇིགས་སྣང་སྣ་ཚོགས་སྐུལ་བཞིན་ཡོད་ལ།  རྒྱལ་སྤྱིའི་གནས་བབ་ཀྱི་བརྟན་འཇགས་མིན་པའི་རང་བཞིན་དང་གཏན་འཁེལ་མིན་པའི་རང་བཞིན་མངོན་གསལ་སྒོས་ཇེ་མཐོར་འགྲོ་བཞིན་ཡོད།  འཛམ་གླིང་རང་བཞིན་གྱི་འཇིགས་སྐུལ་དང་འགྲན་རྩོད་ལ་འཛམ་གླིང་ཡོངས་ཀྱིས་ཁ་གཏད་འཇལ་དགོས་ཟེར།
        ཞི་ཅིན་ཕིང་གིས་གྲོས་འགོ་གསུམ་བཏོན། གཅིག མཐུན་སྒྲིལ་རོགས་རེས་བྱས་ཏེ་མཉམ་དུ་རིམས་ནད་ལ་འགོག་རྒོལ་བྱེད་དགོས། གཉིས། སྒོ་འབྱེད་མཉམ་ལས་བྱས་ཏེ་མཉམ་དུ་སླར་གསོར་སྐུལ་འདེད་གཏོང་དགོས། གསུམ། དྲང་བདེན་རྒྱུན་འཁྱོངས་བྱས་ཏེ་ཞི་བདེ་སྲུང་སྐྱོབ་བྱེད་དགོས་པ་བཅས་རེད།
        ཞི་ཅིན་ཕིང་གིས་བསྟན་དོན། ཞི་བདེ་དང་འཕེལ་རྒྱས་ནི་དུས་རབས་ཀྱི་བརྗོད་དོན་གཙོ་བོ་ཡིན་པ་དང་འགོག་ཐབས་མེད་པའི་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཀྱང་ཡིན། མིའི་རིགས་ཀྱི་མདུན་དུ་ལྷགས་པའི་འགྲན་རྩོད་ལ་དམིགས་ཏེ། འཛམ་གླིང་གི་རྒྱལ་ཁབ་སོ་སོས་མཐུན་སྒྲིལ་ལ་ཤུགས་སྣོན་པ་ལས་འགལ་ཟླ་སློང་མི་རུང་བ་དང་མཉམ་ལས་ལ་སྐུལ་འདེད་གཏོང་བ་ལས་གནོད་པ་སྐྱེལ་མི་རུང་ཞིང་ཚང་མས་ལག་རྡང་སྦྲེལ་ཏེ་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་མཉམ་སྐྲུན་བྱེད་པ་དང་འཛམ་གླིང་གི་རྒྱལ་ཁབ་སོ་སོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་དགོས་ཟེར།  །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1