ཨ་རི་ཆིངས་ཡིག་འདི་ལས་དངོས་སུ་ཕྱིར་བུད་འདུག

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 11-25




        ཨ་རིའི་རྒྱལ་དོན་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ས་གནས་དེ་གའི་དུས་ཚོད་སྤྱི་ཟླ་11པའི་ཚེས་22ཉིན། ཨ་རི་༼སྒོ་དབྱེའི་མཁའ་དབྱིངས་ཆིངས་ཡིག༽ལས་དངོས་སུ་ཕྱིར་བུད་ཡོད་པ་རེད།
        ཨ་རིའི་རྒྱལ་དོན་ཁང་གིས་ད་ལོའི་ཟླ་5པར། ཨ་རིས་མུ་མཐུད་༼སྒོ་དབྱེའི་མཁའ་དབྱིངས་ཆིངས་ཡིག༽གི་ཁོངས་གཏོགས་རྒྱལ་ཁབ་བྱས་ན་ཨ་རིའི་ཁེ་ཕན་དང་མི་མཐུན་པའི་ངོས་འཛིན་བྱེད་ཀྱི་ཡོད་པས། ཨུ་རུ་སུའི་ཕྱོགས་ནས་ཆིངས་ཡིག་དེ་བསྐྱར་དུ་ལག་བསྟར་བྱེད་ཐུབ་ན་མ་གཏོགས་ཟླ་བ་དྲུག་གི་རྗེས་སུ་ཨ་རི་ཆིངས་ཡིག་དེ་ལས་དངོས་སུ་ཕྱིར་འཐེན་བྱ་རྒྱུ་ཡིན་ཞེས་བསྟན་ཡོད།
        ༼སྒོ་དབྱེའི་མཁའ་དབྱིངས་ཆིངས་ཡིག༽ལ་1992ལོར་མིང་རྟགས་བཀོད་པ་དང་། 2002ལོ་ནས་བཟུང་ནུས་པ་ཐོན་ཡོད། ཆིངས་ཡིག་ནང་ཞུགས་མཁན་རྒྱལ་ཁབ་ཀྱིས་གཏན་འབེབས་ལྟར་ཕན་ཚུན་གྱི་མངའ་ཁོངས་སུ་དྲག་ཆས་མིན་པའི་བྱེད་ཐབས་ཐོག་ནས་མཁའ་དབྱིངས་སུ་མྱུལ་ཞིབ་བྱེད་ཆོག་གི་ཡོད། ཆིངས་ཡིག་དེ་ནི་འཇམ་འཐབ་མཇུག་སྒྲིལ་རྗེས་ཀྱི་ཡིད་ཆེས་འཛུགས་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པས། ཁ་གསལ་དུ་གཏོང་རྒྱུ་དང་གདོང་ཐུག་གི་ཉེན་ཁ་ཆུང་དུ་གཏོང་རྒྱུར་ཕན་ཐོགས་ཡོད་པ་དང་། ཨ་རི་དང་། ཨུ་རུ་སུ། བྱང་ཆིངས་རྒྱལ་ཁབ་མང་ཆེ་བས་ཆིངས་ཡིག་དེར་མིང་རྟགས་བཀོད་ཡོད།
        ལོ་འདི་དག་རིང་ཨ་རི་“ཚོགས་པ”གང་དག་ལས་ཕྱིར་བུད་ཡོད་དམ།
        2017ལོའི་ཟླ་1པོའི་ཚེས་23ཉིན། ཨ་རིའི་སྲིད་གཞུང་ཞི་བདེ་རྒྱ་མཚོ་སྒྲོལ་བའི་རོགས་ཟླའི་འབྲེལ་བའི་གྲོས་ཆོད་(TPP)ལས་ཕྱིར་བུད་ཡོད།
        ལོ་ཕྱེད་མ་འགོར་བར། ཨ་རིའི་ཕྱོགས་ནས་ཡང་བསྐྱར་༼ཕ་རི་སིའི་ཆོད་ཡིག༽ལས་ཕྱིར་ཐོན་རྒྱུའི་ཁྱབ་བསྒྲགས་བྱས།
        2017ལོའི་ཟླ་10པར། ཨ་རིས་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ནས་ཕྱིར་ཐོན་རྒྱུའི་ཁྱབ་བསྒྲགས་བྱས།
        2018ལོའི་ཟླ་5པར། ཨ་རིས་ཨ་རི་དབྱི་རན་གྱི་ཉིང་རྡུལ་གྲོས་ཆོད་ནས་ཕྱིར་ཐོན་རྒྱུ་མ་ཟད་དབྱི་རན་ལ་ཡང་བསྐྱར་བཀག་སྡོམ་བྱ་རྒྱུའི་ཁྱབ་བསྒྲགས་བྱས།
        2019ལོའི་ཟླ་2པའི་ཚེས་1ཉིན། ཨ་རིས་ཚེས་2ཉིན་ནས་བཟུང༼རྒྱང་ཐག་འབྲིང་ཐུང་གི་འཕུར་མདེལ་ཆིངས་ཡིག༽ལག་བསྟར་བྱེད་མཚམས་འཇོག་རྒྱུའི་ཁྱབ་བསྒྲགས་བྱས། 
        2020ལོའི་ཟླ་5པའི་ཚེས་21ཉིན། ཨ་རིས་ཟླ་བ་དྲུག་གི་རྗེས་སུ༼སྒོ་དབྱེའི་མཁའ་དབྱིངས་ཆིངས་ཡིག༽ལས་དངོས་སུ་ཕྱིར་ཐོན་རྒྱུའི་ཁྱབ་བསྒྲགས་བྱས་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1