མེ་ཏོག་ཞིག་གི་བཞེངས་སྐྲུན།
རིན་ཆེན། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-02
གསེར་གྱི་བུམ་པ་ལས་བདུད་རྩིའི་ཐིགས་པ་ཟེགས་ཤིང་།
དངུལ་གྱི་ལྟེང་ཀ་ལས་དྭངས་གཙང་ཆུ་མོ་རྡོལ་དུས།
ཁྱོད་རང་མཛེས་སྡུག་ལྷ་མོར་འགྲན་ཞིང་།
བདེ་དྲོད་ཉི་མར་འཁུ་བའི་གེ་སར་གྱི་རྡུལ་ཕུང་ཞིག་གམ་ས་འོག་གི་ནས་འབྲུ་ཞིག་ཏུ་གྱུར།
མེ་ཏོག་ལགས།
ནམ་མཁའ་གཡའ་དག་ཅིང་སྤྲིན་པར་གཡང་ཆགས་ཏེ།
ཁྱེད་ཀྱིས་ཞི་དུལ་གྱི་ཉི་འོད་དང་བག་ཡངས་ཀྱི་རླུང་བུ་ཚོར་དུས།
ས་གཞི་ནས་རྩྭ་ལྗང་གི་དགོད་སྒྲོ་སྐྱེ་འོངས་ལ།
རྩི་ཤིང་གི་ལང་ཚོ་སྨིན་འོང་།
དེ་དུས་ཁྱེད་ཉིད་རྣམ་དག་ངང་འཛིན་མའི་པང་ཁུག་ཏུ་བཞད་ཆོག་ལ།
འཇིག་རྟེན་འདིའི་ཞིང་ཁམས་གསར་བ་ཞིག་ཏུའང་དྲངས་ཆོག
ཁྱེད་ཉིད་ཉི་ཟླ་དང་འགྲོགས་ནས་སྤང་ཐང་དུ་འཁྲུངས་ཤིང་།
མཐར་ཉི་ཟླ་དང་འགྲོགས་ནས་ཐག་རིང་ཐག་རིང་དུ་ཕྱིན་ཆོག །