དྲིན་མོ་ཆེ་ལ་འདུད།

ཁྲུ་ཕྲུག རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-02


ཨ་མ་ལགས།

དེ་རིང་བུ་མོ་ངས་ཁྱེད་རང་དྲན་བཞིན་ཡོད།

དྲན་པའི་མིག་ཆུ་ཆུ་འཛིན་དཀར་པོའི་ཀློང་ལ་འཐིམས།

དེ་རིང་ཁྱེད་ཀྱི་ཕྱོགས་སུ་རྒྱུ་བའི་ཆུ་འཛིན་གྱི་ཕུང་པོ་རེ་རེ།

ཁྱེད་ཀྱི་ཕྱོགས་ནས་འབབ་པའི་ཆར་འཇམ་གྱི་ཟེགས་མ་རེ་རེ།

བུ་མོ་ངས་ཁྱེད་རང་དྲན་པའི་དྭངས་གསལ་གྱི་མིག་ཆུའི་རྡོག་པ་རེ་རེ་ཡིན།

ཨ་མ་ལགས།

དེ་རིང་ནི་མ་ཡུམ་གྱི་དུས་ཆེན་ཡིན་ལ།

བུ་མོ་ངས་ཁྱེད་རང་ལྷག་ཏུ་དྲན།

དེ་རིང་བུ་མོ་ང་ཨ་མ་ཁྱེད་དང་མཉམ་དུ་ཡོད་ན་ཅི་མ་རུང་།

བུ་མོ་ངས་རྒྱང་རིང་ནས་ཁྱེད་ཀྱི་ཕྱོགས་ལ་མིག་ཟུང་གྱེར་བཞིན།

མ་ཁྱེད་རང་ཚེ་ཐག་ཆུ་ལས་རིང་ཞིང་།

མྱུར་དུ་ནད་ལས་གྲོལ་བའི་སྨོན་ལམ་ཡང་ཡང་འདེབས་བཞིན་ཡོད། 



རྩོམ་ཡིག་རྗེས་མ།
ང་དང་ལྷ་བྱ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1