བྱིས་དུས་ཀྱི་ཁྱོད།
སྨྲ་གླིང་། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-02
ལོ་དེར་ཁྱོད་ནི་བྱིས་པ་སྣབས་ལུག་ཅིག །
གཞན་གྱིས་ཁྱོད་ཉིད་མཐོང་ན་དགོད་ཁ་འཆོར། །
ནམ་རྒྱུན་རི་ལ་སོང་ནས་ཚེར་ཤིང་བཏུས། །
ཚེར་གཞུ་བཀུག་རྗེས་བྱེའུ་གསོད་དུ་འགྲོ །
རང་གི་སེམས་སུ་རང་ཉིད་འདན་མར་སྣང་། །
ཨ་ཆེན་ཧོར་གྱི་བློན་ཆེན་ཤན་པ་ཡི། །
ཀླད་རྒྱ་ཉག་ཕྲན་མདའ་ཡིས་གཏོར་བ་དང་། །
རྟ་ཁྱུ་གླིང་ལ་འདེད་མཁན་རང་ཡིན་འདོད། །
ད་དུང་ནམ་རྒྱུན་ཤིང་གི་གྲི་ཐུང་ཞིག །
ལ་གཡུག་ལུང་གཡུག་བྱས་ཏེ་རྩི་ཤིང་གཅོད། །
དཔལ་ཐུལ་ངམ་ནག་མཚོན་ལ་དྲངས་མཁན་དེ། །
དགྲ་ལྷ་མ་ཡིན་རང་ཉིད་ཡིན་པར་འདོད། །
མདོར་ན་ཁྱོད་ཀྱི་བྱིས་བློ་དྭངས་གཙང་དེ། །
སྟོང་བསམ་འཆར་ཡན་ངང་ནས་སྐྱེལ་གྱིན་གདའ། །
ད་བར་ཡལ་མེད་ལང་ཚོའི་རྒྱབ་ལྗོངས་ངོར། །
ཕྱིར་དྲན་བྱས་ཚེ་དགོད་ཁ་ཡང་ཡང་འཆོར། །