ཆུ་སྟོད་ཟླ་བས་གསེར་ལྡན་ལྗོངས་ལ་མཛེས་སྡུག་འདྲེན། །
དབྱར་ཟླ་གསུམ་ལ་མེ་ཏོག་དཀར་དམར་འདི་ན་མཛེས། །
སྐྱེ་འགྲོ་ཡོངས་ལ་སྐྱིད་པའི་འཚོ་བ་འདི་ནས་བསྐྲུན། །
བསིལ་ལྡན་དུས་ཀྱིས་ཆར་ལྡན་བུ་མོ་བཅོམ་པར་བྱེད། །
མི་རྟག་དུས་ཀྱི་འཁོར་ལོ་འཁོར་བ་དངོས་པོའི་གཤིས། །
ཉི་མའི་འཆར་ནུབ་རྒྱུན་ཆད་མེད་པ་འཇིག་རྟེན་ཆོས། །
གོ་ལས་ཁ་བའི་གོས་དཀར་གྱོན་པའི་མཛེས་ཉམས་དེ། །
བུ་ཡུག་འཚུབ་མའི་ལྷགས་རླུང་འོག་ན་སྤྲོ་བས་མངོན། །