བོད་ཀྱི་སྐད་ཡིག་ལས་མངོན་པའི་སྒྲ་མཐུན་སྦྱོར་གྱི་ སྣང་ཚུལ་སྐོར་ལ་དཔྱད་པ།

སུམ་བྷ་དོན་གྲུབ་ཚེ་རིང་། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-25


[གནད་བཏུས] བོད་ཀྱི་ཁ་སྐད་དང་ཡིག་སྐད་དག་གི་ཚོགས་གསུམ་སྟེ་ཡི་གེའམ་སྒྲ་གདངས་དང་། མིང་། ཚིག་བཅས་གང་རུང་ཁྲོད་དུ་རྟགས་མཚུངས་འདྲེན་ཚུལ་དང་། སྒྲ་མཚུངས་འདྲེན་ཚུལ། བརྗོད་བདེ་འདྲེན་ཚུལ་བཅས་སྒྲ་མཐུན་སྦྱོར་གྱི་སྣང་ཚུལ་ནི་ཆེས་རྒྱུགས་ཆེ་ཞིང་ངེས་སྲོལ་ཆེས་ཆེར་ལྡན་པ་རྣམས་སྐད་བརྡ་སྤྱིའི་འཕྲེད་ངོས་ཀྱི་ཁྱད་ཆོས་དང་གཞུང་ངོས་འཕེལ་འགྱུར་གྱི་ཆོས་ཉིད་ཅིག་ཏུ་ངེས་ཚབས་ཆེ་ཕྱིར། སྐད་བརྡའི་གཞུང་ལུགས་ཀྱི་དཔྱད་བྱ་གལ་ཆེན་ཞིག་ཏུ་ངེས་པར་མ་ཟད། བོད་སྐད་ཡིག་རང་སྟེང་དུ་སྤེལ་རུང་བའི་སྡེབ་སྦྱོར་གྱི་གཞུང་རྐང་གལ་ཆེན་ཞིག་ཏུའང་ངེས་ཙ་ན་ཀུན་ནས་གཙིགས་སུ་འཛིན་དགོས་སེམས་སོ། །

[གནད་ཚིག] སྐད་ཡིག ཚོགས་གསུམ། སྒྲ་མཐུན་སྦྱོར།

སྤྱིར་རྟགས་འཇུག་གི་རྩ་བ་ལས། མིང་མཐའ་དེ་དག་ཉིད་ཀྱིས་ནི། ། དེ་ཉིད་རང་གི་སྒྲ་མཐུན་པའི། ། ཆོས་དངོས་ལས་དང་བྱེད་པ་དང་། ། ཞེས་པ་ནས། དེ་དག་སྔ་ཤུགས་འདྲེན་ལས་འབྱུང་། ། ཞེས་པའི་བར་དུ་མིང་མཐའ་དང་རྣམ་དབྱེ་སོགས་ཀྱི་འདྲེན་ཚུལ་དུ་སྒྲ་མཐུན་པར་སྦྱོར་བའི་ངེས་སྲོལ་ཞིག་ཡོད་པར་བསྟན་ཀྱང་། དོན་དུ་སྒྲ་མཐུན་སྦྱོར་གྱི་སྣང་ཚུལ་ནི་མིང་མཐའ་དང་རྣམ་དབྱེ་ཡིན་མིན་གྱི་ཕྲད་འདྲེན་ཚུལ་ཙམ་དུ་མ་ཟད། ཡི་གེའི་སྡེབ་སྦྱོར་དང་། མིང་གི་སྤེལ་སྟངས། ཚིག་གི་སྦྱོར་ལུགས་གང་རུང་དུ་ངེས་པའི་གཞི་གདངས་མཐུན་སྦྱོར་གྱི་ཆོས་ཉིད་ཅིག་ཏུ་རྟོགས་ཙ་ན། འདི་ལྟའི་གཞུང་ལུགས་ཀྱི་རྩ་བ་གཞིར་བཟུང་ནས་བོད་ལ་རང་སྐད་དང་མཐུན་པའི་སྡེབ་སྦྱོར་གྱི་གཞུང་ཞིག་སྤེལ་ན་ལེགས་པར་སེམས། ཡིན་ན་ཡང་གཞུང་ལུགས་ཤིག་གི་སྤེལ་སྟངས་དང་གྲུབ་ཚུལ་ནི་ལས་སླ་བོ་ཞིག་མ་ཡིན་པར་དུས་ཡུན་རིང་ཙམ་གྱི་ལག་ལེན་དང་དཔྱད་བཟོད་བརྒྱུད་དགོས་ཕྱིར། འདིར་ཕྱར་བ་གྲུ་འདེགས་ཀྱི་ཚུལ་དུ་དེ་དག་དང་འབྲེལ་ཡོད་ཀྱི་སྐད་དང་ཡི་གེའི་སྒྲ་མཐུན་སྦྱོར་གྱི་སྣང་ཚུལ་རོབ་ཙམ་བརྗོད་འདོད་པ་ལགས། དེས་ན་སྒྲ་མཐུན་སྦྱོར་གྱི་སྤེལ་སྟངས་ནི་ག་འདྲར་སྣང་ཞེ་ན། སི་ཏུ་པཎ་ཆེན་གྱིས། སྐབས་འདིར་སྒྲ་མཐུན་ཞེས་པའི་དོན་རྟགས་མཚུངས་ཁོ་ན་ལ་ཕལ་ཆེར་གྱིས་བཞེད་ཀྱང་རྣམ་དབྱེ་དང་ཕྲད་སོགས་རྟགས་མཚུངས་ཁོ་ནས་འདྲེན་པར་མ་ངེས་ཤིང་གཙོ་བོར་བརྗོད་བདེ་བའི་སྒྲ་མཐུན་པར་འདྲེན་པ་ཤས་ཆེ་བར་སྣང①ཞེས་བསྟན་པ་བཞིན་བྱེ་བྲག་ཏུ་རྟགས་མཚུངས་འདྲེན་པ་དང་བརྗོད་བདེ་འདྲེན་ཚུལ་བཅས་གཉིས་སྣང་མོད། ཞིབ་ཏུ་བརྟགས་ན་ད་དུང་སྒྲ་མཚུངས་འདྲེན་ཚུལ་ཞིག་ཀྱང་བསྙོན་མེད་དུ་སྣང་ཕྱིར། ཐབས་ལམ་དེ་གསུམ་ག་སྒྲ་མཐུན་སྦྱོར་གྱི་ཐབས་ལམ་གསུམ་དུ་འདོད་པ་ལས། རྟགས་མཚུངས་འདྲེན་པ་ནི་སྦྱར་གཞི་དང་སྦྱར་བྱ་སྔ་ཕྱིའི་ཡི་གེའི་ཕོ་མོ་མ་ནིང་གི་རྟགས་རྣམས་སྔ་ཕྱི་མཐུན་པར་སྦྱར་བ་ཡིན་ལ། སྒྲ་མཚུངས་འདྲེན་ཚུལ་ནི་རྟགས་མཚུངས་མིན་ལ་ལྟོས་པ་མ་ཡིན་པར་སྔ་ཕྱི་དག་གི་སྒྲ་རྫས་ག་གེ་མོ་ཟློས་མཚུངས་སུ་སྦྱར་བའམ་མཐུན་པར་སྡེབ་ཚུལ་ལ་དམིགས་པ་དང་།བརྗོད་བདེ་འདྲེན་ཚུལ་ནི་དེ་གཉིས་ལས་ཀྱང་དམིགས་བསལ་ཅན་ཞིག་སྟེ། 《མུ་ཏིག་ཕྲེང་མཛེས》ལས། གཞན་ཡང་། ལྷས་མ། བཙས་མ། ལྟད་མོ། སྟག་མ་སོགས་ཕོས་མོ་དྲངས་པ་ལྟ་བུ་དམིགས་བསལ་དེ་འདྲ་ཐར་ཐོར་ལ་ངེས་པ་མེད་དེ། ཀཱ་ལ་པར། ལྷག་མ་འཇིག་རྟེན་པའི་ཉེར་སྤྱོད་ལས་འཛིན་པ་གྲུབ་བོ། ། ཞེས་གསུངས་པ་བཞིན་འཇིག་རྟེན་པའི་གྲགས་པ་དང་བསྟུན་དགོས་པར②བསྟན་པ་བཞིན་ལགས། འདི་ལྟའི་སྒྲ་མཐུན་སྦྱོར་གྱི་སྣང་ཚུལ་ནི་བོད་ཀྱི་ཡིག་སྐད་ཙམ་དུ་མ་ཟད་པར་དེའི་རྟེན་གཞི་ཁ་སྐད་ཀྱི་གཞི་གདངས་རང་ལའང་གོམས་པར་ཁྱེར་བདེ་བའི་ཆོས་ཉིད་ཤ་སྟག་ཅིག་ཏུ་གྲུབ་འདུག་པས་ན། འདིར་ཡང་བོད་ཀྱི་སྐད་དང་ཡིག་སྲོལ་གྱི་ཚོགས་གསུམ་ག་གང་རུང་གི་ཆ་ནས་སྒྲ་གདངས་མཐུན་པར་སྦྱོར་ལུགས་མདོ་ཙམ་བརྗོད་པར་བྱ་སྟེ།

གཅིག ཡི་གེ་སྦྱོར་ལུགས་ཀྱི་སྒྲ་མཐུན་པར་སྤེལ་ཚུལ།

སྤྱིར་ཡི་གེ་ཞེས་པ་ནི་མིང་ཚིག་གཉིས་ཀྱི་རྩོམ་གཞིར་གྱུར་པའི་སྐད་ཀྱི་གདངས་སམ་ང་རོ་དང་། དེ་མཚོན་པར་བྱེད་པའི་རི་མོ་སྟེ་ཡིག་གཟུགས་དང་། ཡིག་གཟུགས་དེ་ལ་བརྟེན་ནས་བྲིས་པའི་རྒྱུན་སྤྱོད་ཀྱི་རྩོམ་ལུས་སོགས་ལ་གོ་ན་ཡང་། འདིར་སྤྱི་འབྱམས་སུ་གྱུར་པ་སྔ་མ་ལྟར་གོ་བར་བྱས་ན། ཡི་གེའི་གཞི་གདངས་མཐུན་པར་སྦྱོར་ཚུལ་ནི་གཙོ་བོ་མིང་གཞི་གང་ལ་འཕུལ་རྟེན་མགོ་འདོགས་སྦྱོར་བའི་བར་ཁུལ་དུ་གཞི་གདངས་སྔ་ཕྱི་དག་གིས་ཕན་ཚུན་ལ་ཤན་ཞུགས་ནས་སྔར་གཞི་གདངས་མི་འདྲ་བ་རྣམས་འདྲ་བའམ་ཕྱོགས་མཚུངས་སུ་གྱུར་པ་རྣམས་ཡིན་ལ། མཐུན་པར་སྦྱོར་ཚུལ་ལ་བྱེ་བྲག་ཏུ་རྟགས་མཚུངས་འདྲེན་ཚུལ་དང་། སྒྲ་མཚུངས་འདྲེན་ཚུལ། བརྗོད་བདེ་བཅས་སྣང་བ་རིམ་པར་དཔེར་བརྗོད་ན།

༡. ཡི་གེའི་རྟགས་མཚུངས་འདྲེན་ཚུལ་ནི་སྦྱར་གཞིའི་མིང་གཞི་གང་གི་རྟགས་དང་འདྲ་བའམ་ཉེ་མཚུངས་སུ་འཕུལ་རྟེན་སོགས་རྟགས་མཐུན་པར་སྦྱར་ནས་དྲག་པ་དྲག་པོ་དང་ཕྲད་པའམ། ཞན་པ་ཞན་པ་དང་ཕྲད་པ། བར་མ་བར་མ་དང་ཕྲད་པའི་ཡི་གེའི་སྦྱོར་ལུགས་སུ་ངེས་པ་རྣམས་ཏེ། དཔེར་ན་སྔོན་འཇུག་གི་སྦྱོར་ལུགས་ལ་མཚོན་ན།

ལྟ་བུ་སྔོན་འཇུག་ཤིན་ཏུ་མོ་མ་ཡིག་མིང་གཞི་ཤིན་ཏུ་མོ་ལ་སྦྱར་བ་རྟགས་མཚུངས་འདྲེན་ཚུལ་ཡིན་ལ། དེ་མཚུངས་སུ་ཨ་མདོའི་འབྲོག་སྐད་ནའང་།ག [g~*] ག[x~]: 

གཅིག[gʨig*]→xʨəkགཏམ[gtam*]→xtək

ག[ɣ~]:གཉིས[gȵis*]→ɣȵi གསུམ[gsum*]→ɣsəmལྟ་བུ་དང་།

ཡང་ན། ད[d~*] ད[χ~]:དཀོན[dkon*]→χkonདཀྲོལ[dkrol*]→χtʂol

ད[ʁ~]:དགོན[dgon*]→ʁgonདགྲོལ[dgrol*]→ʁdʐol

ལྟ་བུ་ལས་རིམ་པར་སྔོན་འཇུག་མ་ནིང་ག[g~]ད[d~]གཉིས་སོ་སོར་མིང་གཞི་ཕོ་ཡིག་དང་ཕྲད་ན་དྲག་པར་འགྱུར་བ་དང་མིང་གཞི་མོ་དང་ཕྲད་ན་སྒྲ་ཞན་པར་འགྱུར་ནས་སོ་སོར་ཀློག་ཚུལ་མི་འདྲ་བ[x~/ɣ~]/[χ~/ʁ~]ཞེས་གཉིས་རེ་འབྱུང་བ་སོགས“མིང་གཞི་ལྟར་སྔོན་འཇུག་གི་ཡི་གེ་རང་རང་ཀློག་པའི་སྒྲ་གྲིམས་ལྷོད་སོགས་ལས་ནི་མ་ཡིན་ཏེ་འཆད་འགྱུར་ལྟར་དེ་དག་འཇུག་ཡུལ་གྱི་མིང་གཞིའི་ཡི་གེ་དང་སྦྱར་ནས་ཀློག་པའི་ཚེ་སྒྲ་གདངས་ཤུགས་ཆེ་ཆུང་དུ་འགྱུར་བའི་ཆ་ནས་བཞག”③པས་ན་རྟགས་མཚུངས་འདྲེན་ཚུལ་དུ་ངེས་ལ། དེ་བཞིན་དུ་རྗེས་འཇུག་གི་ཡི་གེ་བཅུ་བོའང་སོ་སོར་མིང་གཞི་གང་ལ་ཕྲད་སྟོབས་མི་འདྲ་བའི་ཆ་ནས་ག་ད་བ་ས་བཞི་ཕོ་ཡིག་དྲག་པ་དང་། ང་མ་འ་གསུམ་ཞན་པ་མོ་དང་། ན་ར་ལ་གསུམ་བར་མ་མ་ནིང་དུ་བཞག་པ་ལས་སྔ་མ་ཕོ་ཡིག་བཞི་སོ་སོར་མིང་གཞི་ཕོ་ཡིག་གི་མཐར་སྦྱར་བ་དང་། མོ་ཡིག་གསུམ་མིང་གཞི་མོ་ཡིག་གི་མཐར་སྦྱར་བ། མ་ནིང་གསུམ་མིང་གཞི་མ་ནིང་གི་མཐར་སྦྱར་བ་རྣམས་རྟགས་མཚུངས་འདྲེན་པར་ངེས་ཏེ། དཔེར་ན།

ལྟ་བུ་དང་། རྗེས་འཇུག་ཕོ་ཡིག་ལའང་ནང་གསེས་སུ་རྟགས་དང་། སྐྱོགས། ལྕགས་ལྟ་བུ་ཕོ་ཡིག་ག་མཐར་ས་ཡིག་ཞུགས་པ་སྒྲ་དྲག་པའི་དྲག་པར་འགྱུར་བ་སྐྱེས་བུ་རབ་དང་། སྐབས་དང་། ལྕེབས། སྟབས་ལྟ་བུ་རྗེས་འཇུག་བ་མཐར་ས་ཞུགས་སྒྲ་དྲག་པའི་འབྲིང་དུ་འགྱུར་བ་སྐྱེས་བུ་འབྲིང་དང་། རྟག་དང་ཀབ་ལྟ་བུ་རྗེས་འཇུག་ག་བ་གཉིས་ཀྱི་མཐར་ཡང་འཇུག་མ་ཞུགས་པ་དང་། ཡང་ན་གཏད་དང་བཙས་ལྟ་བུ་ད་སའི་མཐའ་ཅན་རྣམས་སྒྲ་དྲག་པའི་ཞན་པར་འགྱུར་བ་སྐྱེས་བུ་ཐ་མ་བཅས་ཀྱི་དབྱེ་བ་ཡོད་པ་རྣམས་ཕོ་མཐར་ཕོ་རྟགས་དྲངས་པའི་ཆ་ནས་སྒྲ་མཐུན་པར་གྱུར་པ་དང་། རྗེས་འཇུག་མོ་ཡིག་ལྟར་ནའང་།

ལྟ་བུ་མིང་གཞི་མོ་ཡིག་དང་ཕྲད་སྟོབས་ཞན་པར་སྦྱར་བའི་ཆ་ནས་སྒྲ་མཐུན་པར་གྱུར་པ་དང་། ཡང་དཔེར་ན།ལྟ་བུ་མིང་གཞི་མ་ནིང་ལ་རྗེས་འཇུག་མ་ནིང་སྦྱར་བས་རྟགས་མཚུངས་འདྲེན་ཚུལ་ལྟར་སྒྲ་མཐུན་པར་སྦྱར་བ་ཡིན་ལ། དེ་བཞིན་དུ་ངག་སྲོལ་ལྟར་ནའང་།


ལྟ་བུ་ལས་རྗེས་འཇུག་ཕོ་ཡིག་ད[~d*]མིང་གཞི་ཕོ་དང་ཕྲད་ན་སྒྲ་དྲག་པར་གྱུར་ནས[~t]ཞེས་དང་།མིང་གཞི་མོ་ཡིག་དང་ཕྲད་པ་སྒྲ་ཤུགས་ཞན་པར་གྱུར་ནས[~d]བཞིན་དུ་བཀླགས་པ་སོགས་ཚེག་ཁྱིམ་གཅིག་གི་ནང་ཁུལ་གྱི་ཡི་གེའི་སྦྱོར་བ་ལས་སྒྲ་སྔ་ཕྱིས་ཕན་ཚུན་ལ་ཤན་ཞུགས་ནས་གཞི་གདངས་ཕན་ཚུན་མཐུན་པར་འགྱུར་བ་ཡིན་ལ། འདི་དག་སྐད་བརྡ་རིག་པའི་གཞུང་དུ་སྒྲ་ཚིགས་ནང་ཁུལ་གྱི་མཐུན་པར་འགྱུར་ཚུལ(内部同化)ཞེས་ཀྱང་བྱའོ། །

༢.ཡི་གེའི་སྒྲ་མཚུངས་འདྲེན་ཚུལ་ནི་མིང་གཞི་གང་ལ་འཕུལ་རྟེན་མགོ་ཅན་བཅས་སྦྱོར་སྐབས་སུ་ནང་ཁུལ་དུ་དེ་དག་གི་སྒྲ་འདྲ་བའམ་ཉེ་མཚུངས་སུ་བསྡེབས་ནས་གཞི་གདངས་མཐུན་པར་གྲུབ་པ་ཞིག་ཡིན་ལ། འདི་ལའང་བྱེ་བྲག་ཏུ་མིང་གཞི་དང་རྗེས་འཇུག་གི་སྒྲ་མཚུངས་པར་སྦྱར་བ་དང་། སྔོན་འཇུག་དང་རྗེས་འཇུག་གི་སྒྲ་མཚུངས་པར་སྦྱར་བ། མགོ་ཅན་དང་མཐའ་རྟེན་གྱི་སྒྲ་མཚུངས་པར་སྦྱར་བ་བཅས་སྣང་སྟེ། འདིར་རིམ་པར་དཔེར་བརྗོད་ན།

ག→ག: གག གུག གེགས། གོག གྱོག གྲག གྲགས། གྲུག གྲུགས། གྲོག གྲོགས། གླག གླགས། དགག དགུག དགོག བགགས། བགེགས། མགྱོགས། འགག འགགས། འགུག འགུགས། འགེགས། འགོག འགྱག འགྱིག འགྱོག འགྱོགས། འགྲགས། འགྲོག འགྲིགས། འགྲོག འགྲོགས། རྒྱག རྒྱགས། རྒྱུག རྒྱུགས། རྒྱོགས། སྒག སྒུག སྒུགས། སྒེག སྒོག སྒོགས། སྒྱིག སྒྱུག སྒྱོགས། སྒྲིག སྒྲིགས། སྒྲུག སྒྲུགས། སྒྲེགས། སྒྲོག སྒྲོགས། བརྒྱག བརྒྱགས། བརྒྱུག བརྒྱུགས། བསྒག བསྒགས། བསྒུག བསྒུགས། བསྒྲག བསྒྲགས། བསྒྲིག བསྒྲིགས། བསྒྲུག བསྒྲུགས། བསྒྲོག བསྒྲོགས།

ས→ས: སངས། སིགས། སིངས། སིམས། སུངས། སུབས། སུམས། སུས། སེངས། སེམས། སོགས། སོངས། སོབས། སོམས། སོས། སྲས། སྲིངས། སྲིབས། སྲིས། སྲུངས། སྲུབས། སྲུས། སྲེགས། སྲེས། སྲོངས། སྲོབས། སྲོས། སླས། སླུས། སླེབས། སླེས། སློགས། སློངས། སློབས། སློས། གསས། གསིགས། གསིངས། གསུངས། གསུབས། གསུས། གསེས། གསོགས། གསོངས། གསོས། བསགས། བསངས། བསབས། བསམས། བསིགས། བསིངས། བསུགས། བསུངས། བསུབས། བསུམས། བསུས། བསེགས། བསོགས། བསོངས། བསོས། བསྲངས། བསྲབས། བསྲིངས། བསྲིབས། བསྲིས། བསྲུངས། བསྲུབས། བསྲེགས། བསྲེས། བསྲོས། བསླངས། བསླབས། བསླས། བསླུས། བསླེབས། བསློགས།

བ→བ: བབ། བབས། བུབ། བུབས། བོབས། བྱབ། བྱབས། བྱིབས། བྱོབས། བྲབ། བྲབས། བྲུབ། བྲུབས། བྲོབས། དབབ། དབུབ། དབྱིབས། དབྲབ། འབབ། འབུབས། འབེབ། འབེབས། འབོབ། འབྱིབ། འབྲབ། འབྲུབ། རྦབ། སྦབ། སྦུབ། སྦུབས། སྦེབ། སྦྲབས། སྦྲིབས། སྦྲེབས།

ད→ད: དད། དུད། དེད། དོད། དྲུད། དྲེད། དྲོད། གདུད། གདོད། བདུད། བདོད། མདུད། འདད། འདུད། འདེད། འདོད། འདྲད། འདྲུད། འདྲེད། ལྡད། ལྡུད། ལྡོད། སྡུད། སྡོད། བལྡད། བསྡད།

ན→ན: ནན། ནོན། གནན། གནོན། མནན། རྣོན། སྣུན། སྣོན། བརྣན། བསྣན། བསྣུན།

ང→ང: ངང་། དངང་། དངངས། སྔངས། སྔོངས། བསྔང་། བསྔངས།

མ→མ: མམ། མིའམ་ལྟ་བུ་མིང་གཞི་དང་མཐའ་རྟེན་གྱི་སྒྲ་འདྲ་བའམ་ཉེ་མཚུངས་སུ་སྦྱར་ནས་གཞི་གདངས་མཐུན་པར་སྤེལ་བ་དང་། ཡང་དཔེར་ན།

ག~ག: གཅིག གཅག གཅགས། གཅུགས། གཅོག གཉག གཉགས། གཉུག གཉོག གཉོགས། གཏག གཏགས། གཏིག གཏིགས། གཏུག གཏུགས། གཏོག གཏོགས། གདག གདགས། གདུག གདུགས། གདེག གནག གཙག གཙགས། གཙིགས། གཙུག གཙོག གཙོགས། གཞག གཞགས། གཞིག གཞིགས། གཞུག གཞོག གཞོགས། གཟག། གཟགས། གཟིག གཟིགས། གཟུག གཟུགས། གཟེག གཟེགས། གཟོགས། གཡག གཡིག གཡིགས། གཡུག གཡུགས། གཡོག གཡོགས། གཤག གཤགས། གཤེགས། གཤོག གཤོགས། གསག གསིག གསིགས། གསུག གསེག གསོག གསོགས།

བ~བ: བཀབ། བཀྲབ། བཀྲབས། བཀླུབ། བཀླུབས། བསྐྱབ། བསྐྱབས། བརྒྱབ། བརྒྱབས། བསྒྲིབ། བསྒྲིབས། བསྒྲུབ། བསྒྲུབས། བརྔབ། བརྔབས། བརྔུབ། བརྔུབས། བཅབ། བཅབས། བཅིབ། བཅིབས། བསྙབ། བསྙབས། བཏབ། བཏུབ། བརྟབ། བརྟབས། བརྟིབ། བརྟིབས། བརྡབ། བརྡབས། བརྡིབ། བརྡིབས། བལྡབ། བལྡབས། བསྡེབ། བསྡེབས། བརྣབ། བརྣབས། བསྣུབ། བསྣུབས། བཙབ། བཙབས། བཞབས། བཟབ། བཟབས། བཤིབ། བཤིབས། བཤུབ། བཤུབས། བསབ། བསབས། བསུབ། བསུབས། བསྲབ། བསྲབས། བསྲིབ། བསྲིབས། བསྲུབ། བསྲུབས། བསླེབ། བསླེབས།

ད~ད: དགད། དགོད། དགྱེད། དགྲད། དངུད། དཔད། དཔོད། དཔྱད། དཔྱིད། དཔྱོད། དབྲད། དམད། དམོད།

མ~མ: མཆིམས། མཉམ། མནམ། མནམས། མཚམས།

འ~འ: འགའ། འཆའ། འཇའ། འདའ། འབའ། འཛའ་ལྟ་བུ་སྔོན་འཇུག་དང་རྗེས་འཇུག་སྒྲ་མཚུངས་པར་སྦྱར་ནས་གཞི་གདངས་མཐུན་པར་སྤེལ་བ་དང་། ཡང་དཔེར་ན།

ས~ས: སྐབས། སྐས། སྐུགས། སྐུངས། སྐུམས། སྐུས། སྐེགས། སྐོགས། སྐོངས། སྐོབས། སྐོམས། སྐོས། སྐྱབས། སྐྱས། སྐྱིགས། སྐྱིབས། སྐྱིས། སྐྱུགས། སྐྱུངས། སྐྱུས། སྐྱེགས། སྐྱེངས། སྐྱེམས། སྐྱེས། སྐྱོགས། སྐྱོངས། སྐྱོབས། སྐྱོམས། སྐྲངས། སྐྲོགས། བསྐངས། བསྐམས། བསྐུགས། བསྐུངས། བསྐུམས། བསྐུས། བསྐོས། བསྐྱངས། བསྐྱབས། བསྐྱམས། བསྐྱས། བསྐྱིས། བསྐྱུགས། བསྐྱུངས། བསྐྱོགས། བསྐྲུས། བསྐྲོགས། སྒུགས། སྒོགས། སྒོངས། སྒོམས། སྒོས། སྒྱིངས། སྒྱུངས། སྒྱོགས། སྒྱོངས། སྒྲིགས། སྒྲིབས། སྒྲིམས། སྒྲུགས། སྒྲུངས། སྒྲུབས། སྒྲེགས། སྒྲེངས། སྒྲེས། སྒྲོགས། སྒྲོངས། སྒྲོས། བསྒགས། བསྒངས། བསྒུགས། བསྒོངས། བསྒོམས། བསྒོས། བསྒྱངས། བསྒྱིངས། བསྒྲགས། བསྒྲངས། བསྒྲིགས། བསྒྲིབས། བསྒྲིམས། བསྒྲུགས། བསྒྲུངས། བསྒྲུབས། བསྒྲེངས། བསྒྲེས། བསྒྲོགས། བསྒྲོས། སྔགས། སྔངས། སྔས། སྔོགས། སྔོངས། སྔོས། བསྔགས། བསྔངས། བསྔས། བསྔོགས། བསྔོས། སྙགས། སྙིགས། སྙུགས། སྙུངས། སྙེགས། སྙེམས། སྙེས། སྙོགས། སྙོངས། སྙོབས། སྙོམས། བསྙགས། བསྙབས། བསྙམས། བསྙིགས། བསྙུགས། བསྙུངས། བསྙེགས། བསྙེངས། བསྙེམས། བསྙེས། བསྙོགས། སྟངས། སྟབས། སྟིངས། སྟིམས། སྟིས། སྟུངས། སྟེགས། སྟེམས། སྟེས། སྟོངས། སྟོབས། བསྟངས། བསྟབས། བསྟིངས། བསྟིམས། བསྟིས། བསྟུངས། བསྟོངས། སྡིགས། སྡིངས། སྡུམས། སྡུས། སྡེབས། སྡོགས། སྡོངས། སྡོམས། སྡོས། བསྡམས། བསྡིགས། བསྡུམས། བསྡུས། བསྡེབས། བསྡོགས། བསྡོངས། བསྡོམས། བསྡོས། སྣངས། སྣབས། སྣས། སྣུབས། སྣེམས། སྣོགས། སྣོམས། སྣྲུབས། བསྣམས། བསྣུབས། བསྣེམས། བསྣོགས། བསྣོས། སྤགས། སྤངས། སྤབས། སྤུངས། སྤུས། སྤོགས། སྤོངས། སྤོབས། སྤོས། སྤྱངས། སྤྱིངས། སྤྱུགས། སྤྱོམས། སྤྱོས། སྤྲས། སྤྲིངས། སྤྲིབས། སྤྲིས། སྤྲུགས། སྤྲོས། སྦགས། སྦངས། སྦམས། སྦས། སྦུགས། སྦུངས། སྦུབས། སྦོགས། སྦོངས། སྦོམས། སྦོས། སྦྱངས། སྦྱོངས། སྦྲགས། སྦྲབས། སྦྲིབས། སྦྲུས། སྦྲེངས། སྦྲེབས། སྦྲེས། སྦྲོགས། སྨས། སྨུགས། སྨོས། སྨྱུགས། སྨྱུངས། སྨྱོས། སྨྲས། སྨྲོས། སྩོགས། བསྩགས། བསྩངས། སླས། སླུས། སླེབས། སླེས། སློགས། སློངས། སློབས། སློས། བསླངས། བསླབས། བསླུས། བསླེབས། བསློགས།

ར~ར: རྒུར། རྡར། རྡོར། བརྡར། རྣུར། བརྣུར། རྨུར། རྩར་ལྟ་བུ་མགོ་ཅན་དང་མཐའ་རྟེན་འདྲ་མཚུངས་སུ་བསྡེབས་ནས་སྒྲ་མཐུན་པར་གྱུར་པ་ཡིན་ནོ། །

གཞན་སྔོན་འཇུག་དང་མིང་གཞི་འདྲ་མཚུངས་སུ་སྡེབ་པ་དང་། སྔོན་འཇུག་དང་མགོ་ཅན་འདྲ་མཚུངས་སུ་སྡེབ་པ་དང་། འདོགས་ཅན་དང་རྗེས་འཇུག་འདྲ་མཚུངས་སྡེབ་པ། མགོ་འདོགས་འདྲ་མཚུངས་སུ་སྡེབ་ཚུལ་སོགས་ཡིག་སྲོལ་དུ་གཞི་ནས་མཐོང་རྒྱུ་མེད་པ་རྣམས་ངག་སྲོལ་གྱི་གཞི་གདངས་ལའང་གཤིས་སུ་མ་གྲུབ་པའི་རྐྱེན་གྱིས་ཡིན་ནོ། །

༣. ཡི་གེའི་བརྗོད་བདེ་འདྲེན་ཚུལ་ནི་གོང་སྤྲོས་རྟགས་མཚུངས་འདྲེན་ཚུལ་དང་སྒྲ་མཚུངས་འདྲེན་ཚུལ་གཉིས་ཕུད་པའི་གཞི་གདངས་བརྗོད་བདེ་ལྟར་སྦྱར་བ་ཞིག་ཡིན་ལ། བྱེ་བྲག་ཏུ་སྔོན་འཇུག་གི་འཇུག་ཚུལ་དང་རྗེས་འཇུག་གི་འཇུག་ཚུལ་གཉིས་ཡོད་དེ།

(༡)སྔོན་འཇུག་གི་འཇུག་ཚུལ་ལྟར་ན། སྔོན་འཇུག་ཕོ་མོ་དང་ཤིན་ཏུ་མོ་ལ་འཇུག་པ་དང་། མ་ནིང་ཕོ་དང་མོ་དང་ཤིན་ཏུ་མོ་ལ་འཇུག་པ། མོ་མ་ནིང་ལ་འཇུག་པ། ཤིན་ཏུ་མོ་མ་ནིང་ལ་འཇུག་པ་ལྟ་བུར་སྣང་བ་རིམ་པར་དཔེར་བརྗོད་ན།

སྔོན་འཇུག་ཕོ་བ་ཡིག་མིང་གཞི་མོ་ཡིག་ལ་འཇུག་པ་དཔེར་ན། བགོ བགྲོ བརྗོད། བརྗེ། བདེ། བདུད། བརྫངས། བརྫུས། བཞི། བཞེས། བཟི། བཟོ། བཤུས། བཤད། བསུ། བསད་ལྟ་བུ།

སྔོན་འཇུག་ཕོ་བ་ཡིག་མིང་གཞི་ཤིན་ཏུ་མོ་ལ་འཇུག་པ་དཔེར་ན། བསྔོ། བརྔན། བརྙེས། བསྙེན། བསྣུན། བརྣན་ལྟ་བུ།

སྔོན་འཇུག་མ་ནིང་ག་ད་སོ་སོར་མིང་གཞི་ཕོ་ལ་འཇུག་པ་དཔེར་ན། གཅིག གཅོད། གཏུན། གཏོད། གཙང་། གཙིགས་ལྟ་བུ་དང་། ཡང་ན། དཀའ། དཀོན། དཔག དཔོན་ལྟ་བུ།

སྔོན་འཇུག་མ་ནིང་ག་ད་སོ་སོར་མིང་གཞི་མོ་ལ་འཇུག་པ་དཔེར་ན། གདོན། གདུང་། གཞི། གཞུང་། གཟི། གཟུང་། གཡར། གཡོ། གཤེན། གཤེ། གསར། གསོ་ལྟ་བུ་དང་། ཡང་ན། དགེ། དགུ། དབུ། དབེན་ལྟ་བུ།

སྔོན་འཇུག་མ་ནིང་ག་ད་ཤིན་ཏུ་མོ་ལ་འཇུག་པ་དཔེར་ན། གཉེར། གཉིས། གནོན། གནང་ལྟ་བུ་དང་། ཡང་ན། དངུལ། དངངས། དམན། དམུ་ལྟ་བུ།

སྔོན་འཇུག་མོ་འ་མ་ནིང་ལ་འཇུག་པ་དཔེར་ན། འཁོན། འཁུར། འཆི། འཆུས། འཐུ། འཐོར། འཕོ། འཕུར། འཚོ། འཚེ་ལྟ་བུ།

ཤིན་ཏུ་མོ་མ་མ་ནིང་ལ་འཇུག་པ་དཔེར་ན། མཁོ། མཁར། མཆི། མཆན། མཐོ། མཐུ། མཚོ། མཚན་ལྟ་བུ་བཞིན་ནོ། །

(༢)རྗེས་འཇུག་གི་འཇུག་ཚུལ་ལྟར་ན། རྗེས་འཇུག་ཕོ་ཡིག་མིང་གཞི་མོ་དང་མ་ནིང་དང་ཤིན་ཏུ་མོ་དང་མོ་གཤམ་ལ་འཇུག་པ་དང་། མོ་ཡིག་ཕོ་དང་མ་ནིང་ལ་འཇུག་པ། མ་ནིང་ཕོ་དང་མོ་དང་ཤིན་ཏུ་མོ་དང་མོ་གཤམ་ལ་འཇུག་པ་བཅས་སྣང་བ་རིམ་པར་དཔེར་བརྗོད་ན།

རྗེས་འཇུག་ཕོ་ཡིག་མིང་གཞི་མོ་ཡིག་ལ་འཇུག་པ་དཔེར་ན།

~ག ཇག འཇིག དག དུག བག བྲག འཛེག རྫོག ཞག ཞིག ཟག ཟུག འུག འོག ཡག ཡོག ཤག ཤོག སོག སུག་ལྟ་བུ།

~ད། གད། གུད། མཇེད། རྗོད། བོད། འབད། འཛད། མཛོད། ཝད། ཞེད། བཞད། ཟད། ཟུད། འུད། འོད། ཡུད། ཡོད། ཤད། ཤོད། སད། སོད་ལྟ་བུ།

~བ། གབ། གོབ། འཇབ། འཇིབ། དེབ། འདབ། མཛུབ། རྫོབ། ཞིབ། གཞིབ། ཟབ། ཟུབ། འབ། འོབ། ཡབ། ཡིབ། ཤབ། ཤུབ། སབ། སུབ་ལྟ་བུ།

~ས། གས། གོས། འཇས། འཇུས། དུས། དོས། བོས། བུས། མཛེས། རྫས། ཞུས། ཞེས། ཟས། ཟོས། འིས། འོས། ཡས། ཡིས། ཤས། ཤེས་ལྟ་བུ།

རྗེས་འཇུག་ཕོ་ཡིག་མིང་གཞི་མ་ནིང་ལ་འཇུག་པ་དཔེར་ན།

~ག ཁག ཁོག ཆག ཆོག ཐག ཐོག ཕག ཕོག ཚག ཚིག་ལྟ་བུ།

~ད། ཁོད། ཁྱོད། ཆད། ཆོད། ཐད། ཐོད། ཕུད། ཕོད། ཚད། ཚུད་ལྟ་བུ།

~བ། ཁབ། ཁེབ། ཆབ། ཆུབ། ཐབ། ཐོབ། ཕབ། ཕུབ། ཚབ། འཚུབ་ལྟ་བུ།

~ས། ཁས། ཁོས། ཆས། ཆོས། ཐེས། ཐོས། ཕས། ཕོས། ཚེས། ཚོས་ལྟ་བུ།

རྗེས་འཇུག་ཕོ་ཡིག་མིང་གཞི་ཤིན་ཏུ་མོ་ལ་འཇུག་པ་དཔེར་ན།

~ག ངག མངག ཉག ཉོག ནག ནོག མག མོག་ལྟ་བུ།

~ད། ངད། ངེད། ཉིད། ཉོད། ནད། གནོད། མེད། མོད་ལྟ་བུ།

~བ། རྔུབ། སྔབ། ཉབ། ཉོབ། ནུབ། མནབས་ལྟ་བུ།

~ས། ངས། ངོས། ཉོས། གཉིས། ནས། ནུས། མས། མོས་ལྟ་བུ།

རྗེས་འཇུག་ཕོ་ཡིག་མིང་གཞི་མོ་གཤམ་ལ་འཇུག་པ་དཔེར་ན།

~ག རག རིག ལག ལུག ཧྭགས། ཧྲག་ལྟ་བུ།

~ད། རད། རེད། ལད། ལུད། ཧད། ཧོད་ལྟ་བུ།

~བ། རབ། རུབ། ལེབ། ལོབས། ཧབ། ཧུབ་ལྟ་བུ།

~ས། རས། རུས། ལས། ལུས། ཧས། ཧུས་ལྟ་བུ།

རྗེས་འཇུག་མོ་ཡིག་མིང་གཞི་ཕོ་ལ་འཇུག་པ་དཔེར་ན།

~ང་། ཀང་། ཀོང་། ཅབ། ལྕེབ། ཏབ། གཏུབ། པང་། དཔུང་། ཙག ཙུག་ལྟ་བུ།

~མ། ཀུམ། བཀྲམ། བཅམ། བཅོམ། གཏམ། བཏུམ། སྤམ། སྤྱོམ། ཙམ། རྩོམ་ལྟ་བུ།

~འ། དཀའ། བཀའ། བཅའ། གཏའ། དཔའ། བཙའ་ལྟ་བུ།

རྗེས་འཇུག་མོ་ཡིག་མིང་གཞི་མ་ནིང་ལ་འཇུག་པ་དཔེར་ན།

~ང་། ཁང་། ཁོང་། ཆང་། ཆུང་། ཐང་། ཐུང་། ཕང་།
ཕུང་། ཚང་། ཚོང་ལྟ་བུ།

~མ། ཁམ། ཁུམ། ཆམ། ཆོམ། ཐམ། ཐོམ། ཕམ། ཕུམ། ཚམ། ཚོམ་ལྟ་བུ།

~འ། མཁའ། འཆའ། མཐའ་ལྟ་བུ།

རྗེས་འཇུག་མ་ནིང་མིང་གཞི་ཕོ་ལ་འཇུག་པ་དཔེར་ན།

~ན། ཀུན། དཀོན། ཅན། གཅན། ཏོན། གཏུན། དཔོན། སྤུན། བཙན། བཙོན་ལྟ་བུ།

~ར། དཀར། ཀོར། ཅར། ཅོར། ཏར། སྟེར། པར། སྤོར། ཙར། ཙོར་ལྟ་བུ།

~ལ། ཀོལ། ཀྱལ། ཅལ། ཅོལ། ཏལ། ཏོལ། སྤེལ། དཔྲལ། བཙལ། རྩོལ་ལྟ་བུ།

རྗེས་འཇུག་མ་ནིང་མིང་གཞི་མོ་ལ་འཇུག་པ་དཔེར་ན།

~ན། གན། གོན། འཇོན། རྗེན། དན། དོན། བན། བོན། འཛན། འཛིན། ཞན། ཞོན། ཟན། ཟོན། འན། འོན། ཡན། ཡོན། ཤན། ཤུན། སུན། སོན་ལྟ་བུ།

~ར། གར། གོར། འཇར། འཇོར། དར། དོར། བར། བོར། འཛར། འཛེར། ཞར། ཞོར། ཟེར། ཟུར། འར། འུར། ཡར། ཡོར། ཤར། ཤོར། སར། སོར་ལྟ་བུ།

~ལ། གལ། གོལ། འཇལ། འཇོལ། དལ། དོལ། བལ། བུལ། འཛུལ། འཛོལ། ཝལ། ཝོལ། ཞལ། ཞོལ། ཟལ། ཟོལ། འལ། འོལ། ཡལ། ཡོལ། ཤལ། ཤོལ། སལ། སོལ་ལྟ་བུའོ། །

རྗེས་འཇུག་མ་ནིང་མིང་གཞི་ཤིན་ཏུ་མོ་ལ་འཇུག་པ་དཔེར་ན།

~ན། ངན། ངོན། ཉན། ཉོན། མན། མོན་ལྟ་བུ།

~ར། ངར། ངུར། ཉར། ཉོར། ནར། ནོར། མར། མུར་ལྟ་བུ།

~ལ། ངལ། དངུལ། ཉལ། ཉོལ། ནལ། ནོལ། མལ། མོལ་ལྟ་བུ།

རྗེས་འཇུག་མ་ནིང་མིང་གཞི་མོ་གཤམ་ལ་འཇུག་པ་དཔེར་ན།

~ན། རན། རིན། ལན། ལོན། ཧན། ཧོན་ལྟ་བུ།

~ར། ལར། ལོར། ཧར། ཧོར་ལྟ་བུ།

~ལ། རལ། རོལ། ཧལ། ཧོལ་ལྟ་བུ།

གོང་གསལ་གྱི་རྗེས་འཇུག་ཕོ་ཡིག་མིང་གཞི་མོ་ཡིག་ལ་འཇུག་པ་ལས་གག་དང་གུག དད་དང་དོད། བབ་དང་བབས། སུས་དང་སོས་ལྟ་བུ་དང་། རྗེས་འཇུག་མ་ནིང་མིང་གཞི་ཤིན་ཏུ་མོ་ལ་འཇུག་པ་ལས་ནན་དང་ནོན། རྗེས་འཇུག་མ་ནིང་མིང་གཞི་མོ་གཤམ་ལ་འཇུག་པ་ལས་རེར་དང་རུར་ལྟ་བུ་སྒྲ་མཚུངས་འདྲེན་ཚུལ་དུ་སྣང་ཕྱིར། འདིར་བརྗོད་བདེ་འདྲེན་ཚུལ་གྱི་སྐབས་སུ་མ་དྲངས་ཀྱང་། གང་ལྟར་སྒྲ་མཐུན་སྦྱོར་གྱི་ཁོངས་ལས་འདས་མེད་པ་ཀུན་ནས་ཤེས་སླའོ། །

གཉིས། མིང་གི་སྤེལ་སྟངས་ཀྱི་སྒྲ་གདངས་མཐུན་པར་སྤེལ་ཚུལ།

སྤྱིར་མིང་གི་སྤེལ་ལུགས་ལ་དོན་གྱི་ཐད་ནས་འདོད་རྒྱལ་དང་རྗེས་སྒྲུབ་ཇི་སྙེད་ཅིག་སྣང་ན་ཡང་།

སྐད་ཆའི་གཞི་གདངས་ཀྱི་གོམས་པའི་ཁྱེར་ལུགས་སུ་མིང་སྦྱོར་གྱི་སྒྲ་གདངས་མཐུན་པར་སྤེལ་ཚུལ་ཞིག་ཀྱང་ལྡན་ལ། དེ་ལས་ཚེག་ཁྱིམ་གཅིག་གི་གྲུབ་ཚུལ་རྣམས་གོང་དུ་བཤད་ཟིན་ལྟར་ལགས་ལ། ཚེག་ཁྱིམ་གསུམ་ཅན་དང་བཞི་ཅན་གྱི་གྲུབ་ཚུལ་སོགས་གྲངས་ཚད་ཉུང་ལ་ཕལ་ཆེ་བ་ཚེག་ཁྱིམ་གཅིག་ཅན་དང་གཉིས་ཅན་གྱི་རྨང་གཞིའི་སྟེང་དུ་གྲུབ་པས་ན། འདིར་ཚེག་ཁྱིམ་གཉིས་ཅན་གཙོར་བཟུང་ནས་བརྗོད་པ་ལ་ཚེག་ཁྱིམ་སྔ་ཕྱི་དག་གི་སྒྲའི་སྡེབ་སྟངས་དང་ཕན་ཚུན་ལ་ཤན་ཞུགས་ཚུལ་མི་འདྲ་བ་ལས་རྟགས་མཚུངས་འདྲེན་པ་དང་། སྒྲ་མཚུངས་འདྲེན་པ། བརྗོད་བདེ་འདྲེན་ཚུལ་ཇི་སྙེད་ཀྱི་སྒོ་ནས་སྒྲ་གདངས་མཐུན་པར་འགྱུར་བཞིན་ཡོད་དེ།

༡. མིང་སྦྱོར་གྱི་རྟགས་མཚུངས་འདྲེན་ཚུལ་ནི་མིང་གི་གྲུབ་ཆའི་ཚེག་ཁྱིམ་སྔ་ཕྱི་དག་གི་མིང་གཞི་འཕུལ་རྟེན་སོགས་ཀྱི་རྟགས་འདྲ་མཚུངས་སུ་བསྡེབས་ནས་གཞི་གདངས་མཐུན་པར་གྱུར་པ་རྣམས་ཡིན་ཏེ། འདིར་རྣམ་གསལ་གྱི་དཔེ་ཙམ་བཀོད་ན།


ལྟ་བུ་ལས་ཚེག་ཁྱིམ་སྔ་ཕྱི་དག་གི་མིང་གཞི་ཁ་ཆ་ཐ་ཕ་ཚ་སོ་སོར་མ་ནིང་རང་དང་རྟགས་མཚུངས་པར་བསྡེབས་པའམ་ཡང་ན་མ་ནིང་གི་ཡི་གེ་གཞན་དང་རྟགས་མཚུངས་སུ་སྦྱར་ནས་སྒྲ་རྩོལ་བར་མ་རུ་མཐུན་པར་སྤེལ་བ་དང་། ཡང་དཔེར་ན།


ལྟ་བུ་ལས་མིང་གཞི་མོ་ཡིག་ཝ་མ་གཏོགས་གཞན་རྣམས་མིང་གང་གི་ཚེག་ཁྱིམ་སྔ་ཕྱིའི་ཁྲོད་དུ་སོ་སོར་མོ་ཡིག་རང་ནི་རང་དང་རྟགས་མཚུངས་སུ་བསྡེབས་པའམ་ཡང་ན་མོ་ཡིག་གཞན་དང་རྟགས་མཚུངས་སུ་བསྡེབས་ནས་སྒྲ་རྩོལ་ཞན་པ་ཙམ་དུ་མཐུན་པར་སྦྱར་བ་དང་། ཡང་དཔེར་ན།

ལྟ་བུ་མིང་གང་རུང་གི་ཚེག་ཁྱིམ་སྔ་ཕྱི་དག་གི་མིང་གཞི་ཤིན་ཏུ་མོ་ང་ཉ་ན་མ་བཞི་བོ་སོ་སོར་ནང་ཁུལ་དུ་རང་དང་རྟགས་མཚུངས་སུ་བསྡེབས་པའམ་ཡང་རང་ཉིད་ཤིན་ཏུ་མོ་གཞན་དང་རྟགས་མཚུངས་སུ་བསྡེབས་ནས་སྒྲ་རྩོལ་ཤིན་ཏུ་ཞན་པའི་ཆ་ནས་མཐུན་པར་སྦྱར་བ་དང་། ཡང་དཔེར་ན།

ལྟ་བུ་མིང་གང་གི་ཚེག་ཁྱིམ་སྔ་ཕྱིའི་ཁྲོད་དུ་མིང་གཞི་མོ་གཤམ་ར་ལ་ཧ་སོ་སོར་རང་དང་རྟགས་མཚུངས་སུ་བསྡེབས་པའམ་ཡང་ན་རང་ཉིད་གཞན་དང་རྟགས་མཚུངས་སུ་བསྡེབས་ནས་སྒྲ་རྩོལ་ཤིན་ཏུ་ཞན་པ་ལས་ཀྱང་ཞན་པར་མཐུན་པར་སྦྱར་བ་སོགས་མང་པོ་མཐོང་དུ་ཡོད་ཀྱང་འདིར་རེའུ་མིག་ཏུ་མཚོན་བྱེད་ཙམ་བཀོད་པ་ལགས་སོ། །

(༢)མིང་གི་གྲུབ་ཆ་ཚེག་ཁྱིམ་སྔ་ཕྱི་དག་གི་སྔོན་འཇུག་གི་རྟགས་མཚུངས་འདྲེན་ཚུལ་ལྟར་ན།

བ~བ། བཟང་བསྟོད། བཀའ་བསྒོ། བཟའ་བཏུང་། བཀུར་བཟོ། བཀྲུ་བཤལ། བགོ་བཤའ། བཟོ་བཀོད་ལྟ་བུ་ཚེག་ཁྱིམ་སྔ་ཕྱི་གཉིས་ཀྱི་སྔོན་འཇུག་ཕོ་བ་ཡིག་རྟགས་མཚུངས་སུ་སྦྱར་བ་དང་། ཡང་དཔེར་ན།

ལྟ་བུ་ལས་ཚེག་ཁྱིམ་སྔ་ཕྱི་གཉིས་ཀྱི་སྔོན་འཇུག་མ་ནིང་ག་ད་གཉིས་སོ་སོར་མ་ནིང་རང་དང་གཞན་དུ་བསྡེབས་ནས་སྒྲ་རྩོལ་བར་མ་རུ་མཐུན་པར་སྦྱར་བ་དང་། ཡང་དཔེར་ན།

འ~འ། འཆུན་འདོམས། འགོ་འཛིན། འཁོན་འཛིན། འཆར་འགོད། འཇམ་འཆགས། འཁོན་འབར་ལྟ་བུ་ལས་མིང་གང་གི་ཚེག་ཁྱིམ་སྔ་ཕྱི་གཉིས་ཀྱི་སྔོན་འཇུག་འ་མོ་ཡིག་སྒྲ་ཤུགས་ཞན་པར་རྟགས་མཚུངས་སུ་སྦྱར་བ་དང་། ཡང་དཔེར་ན།

མ~མ། མཛའ་མཐུན། མཁའ་མཉམ། མངོན་མཐོ། མཆོད་མཇལ། མཇུག་མཐུད། མཛུབ་མཐོ་ལྟ་བུ་ལས་མིང་གང་གི་ཚེག་ཁྱིམ་སྔ་ཕྱི་དག་གི་སྔོན་འཇུག་ཤིན་ཏུ་མོ་མ་ཡིག་སྒྲ་ཤུགས་ཤིན་ཏུ་ཞན་པར་རྟགས་མཚུངས་སུ་སྦྱར་བ་རྣམས་མིང་གི་གྲུབ་ཆའི་ཚེག་ཁྱིམ་སྔ་ཕྱི་དག་གི་སྔོན་འཇུག་གི་སྒྲ་མཐུན་པར་སྦྱོར་ཚུལ་ཡིན་ནོ། །

(༣)མིང་གི་གྲུབ་ཆ་ཚེག་ཁྱིམ་སྔ་ཕྱི་དག་གི་རྗེས(ཡང)འཇུག་གི་རྟགས་མཚུངས་འདྲེན་ཚུལ་ལྟར་ན།

ལྟ་བུ་མིང་གང་གི་གྲུབ་ཆའི་ཚེག་ཁྱིམ་སྔ་ཕྱི་དག་གི་རྗེས་འཇུག་ག་ད་བ་ས་བཞི་བོ་སོ་སོར་རང་དང་རྟགས་མཚུངས་སུ་བསྡེབས་པའམ་ཡང་ན་གཞན་དང་རྟགས་མཚུངས་སུ་བསྡེབས་ནས་རྗེས་འཇུག་གི་སྒྲ་ཤུགས་དྲག་པར་མཐུན་པར་སྦྱར་བ་དང་། ཡང་དཔེར་ན།

ལྟ་བུ་ལས་མིང་གི་གྲུབ་ཆའི་ཚེག་ཁྱིམ་སྔ་ཕྱིའི་རྗེས་འཇུག་མོ་ཡིག་ང་མ་འ་གསུམ་སོ་སོར་མོ་ཡིག་རང་དང་ཡང་ན་གཞན་དང་རྟགས་མཚུངས་སུ་བསྡེབས་ནས་སྒྲ་ཤུགས་ཞན་པར་མཐུན་པར་སྦྱར་བ་དང་། ཡང་དཔེར་ན།

ལྟ་བུ་ལས་མིང་གི་གྲུབ་ཆ་ཚེག་ཁྱིམ་སྔ་ཕྱི་དག་གི་རྗེས་འཇུག་མ་ནིང་ན་ར་ལ་སོ་སོར་རང་དང་རྟགས་མཚུངས་སུ་བསྡེབས་པའམ་ཡང་ན་མ་ནིང་གཞན་དང་རྟགས་མཚུངས་སུ་བསྡེབས་ནས་སྒྲ་རྩོལ་རན་པར་མཐུན་པར་སྦྱར་བ་རྣམས་མིང་གི་གྲུབ་ཆའི་ཚེག་ཁྱིམ་སྔ་ཕྱི་དག་གི་རྗེས་འཇུག་གི་རྟགས་ཉེ་མཚུངས་སུ་སྦྱར་ནས་སྒྲ་མཐུན་པར་སྤེལ་བ་ལགས་སོ། །

(༤)མིང་གི་གྲུབ་ཆ་ཚེག་ཁྱིམ་སྔ་ཕྱི་དག་གི་རྗེས(ཡང)འཇུག་དང་མིང་གཞིའི་རྟགས་མཚུངས་འདྲེན་ཚུལ་ལ་བྱེ་བྲག་ཏུ་མིང་བྱིངས་འདྲེན་ཚུལ་དང་མིང་མཐའ་འདྲེན་ཚུལ་གཉིས་སྣང་ཞིང་། ཚུལ་ཇི་ལྟར་འདྲེན་ཚུལ་ལ་རྩ་བ་ལས། ཕོ་ཡིས་ཕོ་ཡི་མིང་མཐའ་དྲང་། ། མོ་ཡིས་མོ་ཡི་མིང་མཐའ་དྲང་། ། མ་ནིང་གིས་ནི་མ་ནིང་ངོ་། ། ཞེས་བསྟན་པ་བཞིན་དུ་སྣང་བ་དཔེར་ན།

ལྟ་བུ་ཚེག་ཁྱིམ་སྔ་མའི་རྗེས་འཇུག་ཕོ་ཡིག་ག་ད་བ་ས་བཞིའི་མཐར་ཕྱི་མའི་མིང་བྱིངས་ཀྱི་མིང་གཞི་ཕོ་ཡིག་ཀ་ཅ་ཏ་པ་ཙ་ལྔ་རྟགས་མཚུངས་པར་དྲངས་ཡོད་པ་དང་། ཡང་དཔེར་ན།

ལྟ་བུ་ཚེག་ཁྱིམ་སྔ་མའི་རྗེས་འཇུག་ཕོ་ཡིས་ཕྱི་མ་ཕོ་མིང་མཐར་དྲངས་ནས་སྒྲ་མཐུན་པར་གྲུབ་ཡོད་པ་དང་། དེ་བཞིན་དུ་མོས་མོ་འདྲེན་ཚུལ་ལྟར་ནའང་།

ང→ག གཞུང་འགྲེལ། གཡང་སྒམ། ནང་གྲོས།

→ཇ། དགུང་ཇ། ཡང་འཇུག སྙིང་རྗེ།

→ད། རང་དོན། གསང་བདག ནང་དོན།

→བ། བརྗེད་བྱང་། ཆེད་འབུལ། བརྒྱུད་འབྲས།

→ཛ། རྐང་འཛིན། གུང་མཛུབ། ཆུང་འཛིན།

→ཞ། རང་བཞིན། ཁྱུང་ཞག རང་གཞན།

→ཟ། ཉུང་ཟད། རང་བཟོ། འཆང་བཟུང་།

→འ། གོང་འོག ལོང་འོན། སྟེང་འོག

→ཡ། རང་ཡུལ། སྐུང་ཡིག གོང་ཡོག

→ཤ གཡང་ཤ སྡོང་ཤུན། རང་གཤིས།

→ས། ཤིང་སྲིན། རང་སྲོག གྲོང་གསེབ།

→ང་། ལྗང་སྔོན། གསང་སྔགས། ཡང་གསང་།

→ཉ། མང་ཉུང་། གཞུང་གཉེར། ཡང་སྙིང་།

→ན། རང་ནོར། གསང་གནད། ཤིང་སྣོད།

→མ། ཤིང་སྨན། སྙིང་མེད། རང་མོས།

→ར། བྱུང་རབས། གསུང་རབ། གོང་རོལ།

→ལ། ཤིང་ལོ། དབང་ལུང་། བྱང་ལམ།

→ཧ། རྐང་ལྷམ། གདོང་ལྷགས། གྲང་ལྷགས།

མ→ག ལམ་གོལ། སྲམ་གོང་། ཁྱིམ་རྒྱུད།

→ཇ། སྙོམ་འཇུག ཁྲམ་ཇག ནམ་མཇུག

→ ད། བསམ་དོན། བཅོམ་ལྡན། ལམ་མདོ།

→བ། སྣོམ་བྱེད། སྒམ་སྦུད། ཁྱིམ་བྱ།

→ཛ། འཛེམ་འཛི། ཧམ་འཛིན། གཤམ་འཛར།

→ཞ། ཁྱིམ་གཞི། སྣུམ་ཞག ཉམ་ཞན།

→ཟ། རྔམ་ཟིལ། སུམ་ཟུར། འཇིམ་བཟོ།

→འ། ལམ་འོག གནམ་འོད། ནམ་འོག

→ཡ། བསམ་ཡས། རྣམ་གཡེང་། ནམ་ཡང་།

→ཤ རྫམ་ཤིང་། རྣམ་ཤེས། གསོམ་ཤིང་།

→ས། ལམ་སང་། གོམས་སྲོལ། ཁྲོམ་གསེབ།

→ང་། ལམ་ངན། འགྲམ་ངོགས། གཏམ་ངན།

→ཉ། ཁྱིམ་རྙིང་། འདམ་རྙོག འཇམ་མཉེན།

→ན། ལམ་ནག ཁྱིམ་ནོར། ལམ་སྣ།

→མ། འཛུམ་དམུལ། ཁྲོམ་མི། འདམ་མྱགས།

→ར། འཁྱམ་ར། ལམ་རོགས། འབུམ་རམས།

→ལ། འཆམ་ལྭ། ལམ་ལོག སུམ་ལོག

→ཧ། གྲམ་ཧྲུག གྲིམ་ལྷོད། ལམ་ལྷོང་།

འ→ག བཀའ་རྒྱ། མཁའ་འགྲོ། དགའ་མགུ།

→ཇ། མཐའ་མཇུག མདའ་འཇོམས། མཐའ་འཇགས།

→ད། བཀའ་དྲིན། མཁའ་ལྡིང་། དཀའ་སྡུག

→བ། བཀའ་བློན། དགའ་བྲོད། བཀའ་བམ།

→ཛ། བཀའ་འཛིན། གནའ་རྫས། མདའ་འཛིན།

→ཞ།མངའ་གཞིས། དགའ་ཞེན། མངའ་ཞབས།

→ཟ། མདའ་བཟོ། བཅའ་ཟམ། མདའ་ཟ།

→འ། དགའ་འུར། མངའ་འོག འཇའ་འོད།

→ཡ། མཁའ་གཡུགས། བཀའ་ཡིག མཐའ་ཡས།

→ཤ བཀའ་ཤོག འགའ་ཤས། མདའ་ཤུབས།

→ས། དགའ་སེམས། བཀའ་སྲུང་། དགའ་བསུ།

→ང་། མདའ་ལྔ། དཀའ་ངལ། དཔའ་ངར།

→ཉ། བཀའ་ཉན། དཀའ་ཉེན། དགའ་ཉེ།

→ན། མཁའ་ནོར། དགའ་སྣང་། དཀའ་གནད།

→མ། མཁའ་དམག བཀའ་མོལ། གཉའ་དམས།

→ར། དགའ་རོགས། མངའ་རིས། དགའ་རབ།

→ལ། མཁའ་ལམ། བཀའ་ལུང་། དཀའ་ལས།

ལྟ་བུ་ཚེག་ཁྱིམ་སྔ་མའི་རྗེས་འཇུག་མོ་ཡིག་ང་མ་འ་སོ་སོས་ཕྱི་མའི་མིང་བྱིངས་ཀྱི་མིང་གཞི་མོ་ཡིག་ག་སོགས་དྲངས་པ་དང་། ཡང་དཔེར་ན།

ང→ ག མཐིང་ག མཐོང་ག གླིང་ག

→བ། འབྱུང་བ། རྐང་བ། བཟང་བ།

→ས། བཟང་ས། བསྐུང་ས། རོང་ས།

→ང་། ཟུང་ང་། རོང་ང(པ)། བཟང་ང(པོ)།

→མ། གདུང་མ། དགོང་མོ། སྲུང་མ།

→ར། སྙིང་རོ། གྱོང་ར། འཁང་ར།

མ→ ག ཐམ་ག འདེམ་ག གསུམ་ག

→བ། སྣམ་བུ། ཁྱེམ་བུ། ཚོམ་བུ།

→ས། རློམ་ས། གཏམ་སོ། བཏུམ་ས།

→མ། ལྕམ་མོ། སྦྲུམ་མ། རེམ་མ།

→ར། ཁྲོམ་ར། འགྱམ་ར། སྦོམ་ར།

འ→ ག མཐའ་ག འདའ་ག་མ།

→བ། གཉའ་བོ། གནའ་བ། དཔའ་བོ།

→ས། དཀའ་ས། དགའ་ས། བདའ་སོ།

→མ། བཙའ་མ། དམའ་མོ། གཏའ་མ།

→ར། དམའ་ར། གཟའ་རོ། འགའ་རེ།

ལྟ་བུ་ཚེག་ཁྱིམ་སྔ་མའི་རྗེས་འཇུག་མོ་ཡིག་ང་མ་འ་གསུམ་གྱི་མཐར་མིང་མཐའི་མོ་ཡིག་ག་སོགས་དྲངས་ནས་སྒྲ་མཐུན་པར་གྱུར་ཡོད་དོ། །

(༥)མིང་གི་གྲུབ་ཆ་ཚེག་ཁྱིམ་སྔ་ཕྱི་དག་གི་རྗེས(ཡང)འཇུག་དང་སྔོན་འཇུག་གི་རྟགས་མཚུངས་འདྲེན་ཚུལ་ལྟར་ན།

ག(ས)→ བ། ཁག་བགོ ཆིག་བརྒྱུད། ཁྲག་བཤལ། གློག་བཞུ། བསྔགས་བརྗོད། འཇིག་བསྐལ།

ད→ བ། མཆོད་བཤམས། རྒྱུད་བཞི། འགྱོད་བཤགས། ཆེད་བཙུགས། སྙད་བརྐོ། ནད་བདག

བ(ས)→ བ། ཁབ་བཙའ། ཁྱབ་བསྒྲགས། སྟོབས་བཅུ། ཐབ་བསུ། འདབ་བརྒྱ། ནུབ་བལྟ།

ས→ བ། སྤུས་བརྗེ། བས་བལྡགས། བློས་བསླང་། སྦས་བསྐུངས། རྩིས་བཤེར། ཚོས་བཅད་ལྟ་བུ་ཚེག་ཁྱིམ་སྔ་མའི་རྗེས་འཇུག་ཕོ་ཡིག་ག་ད་བ་ས་བཞིའི་མཐར་ཚེག་ཁྱིམ་ཕྱི་མའི་སྔོན་འཇུག་ཕོ་ཡིག་བ་དྲངས་ནས་སྒྲ་མཐུན་པར་སྤེལ་བ་དང་། ཡང་དཔེར་ན།

ང→འ། ཕང་འགྲོ བྱང་འབྲོག འཕུང་འདྲེ།

→མ། སྤང་མཚེ། དཔུང་མགོ མིང་མཐའ།

མ→ འ། གོམ་འགྲོས། རྩོམ་འཕྲོ། ཁྱིམ་འཕོ།

→མ། ཁྱིམ་མཚེས། འཇམ་མགོན། འཆམ་མཐུན།

འ→ འ། འཇའ་འདེགས། མཁའ་འགྲོ། གཟའ་འཁོར།

→མ། དགའ་མདོག མཁའ་མཉམ། བཀའ་མགྲོན ལྟ་བུ་ཚེག་ཁྱིམ་སྔ་མའི་རྗེས་འཇུག་མོ་ཡིག་ང་མ་འ་གསུམ་གྱི་མཐར་ཚེག་ཁྱིམ་ཕྱི་མའི་སྔོན་འཇུག་མོ་འ་དང་ཤིན་ཏུ་མོ་མ་དྲངས་ནས་སྒྲ་མཐུན་པར་གྱུར་པ་དང་། ཡང་དཔེར་ན།

ན→ག རྒྱུན་གཟན། གཅན་གཟན། སྙན་གཏམ།

→ ད། མངོན་དགའ། ཉིན་དགུང་། སྙན་དངགས།

ར→ག སྒེར་གཉེར། དཀར་གསལ། གཏེར་གནས།

→ ད། ཁྱུར་དགའ། སྒེར་དབང་། དར་དཔྱངས།

ལ→ག གྲལ་གསེང་། ངལ་གསོ། བཅོལ་གདམས།

→ད། བྲེལ་དབང་། གསོལ་དཔོན། གཞལ་དཔག

ལྟ་བུ་ཚེག་ཁྱིམ་སྔ་མའི་རྗེས་འཇུག་ན་ར་ལ་གསུམ་མ་ནིང་གི་མཐར་ཚེག་ཁྱིམ་ཕྱི་མའི་སྔོན་འཇུག་མ་ནིང་ག་ད་གཉིས་དྲངས་ནས་རྟགས་མཚུངས་པར་བསྡེབས་པ་རྣམས་མིང་སྦྱོར་གྱི་སྒྲ་མཐུན་པར་སྦྱོར་ཚུལ་བྱེ་བྲག་ཅིག་གོ །

༢. མིང་སྦྱོར་གྱི་སྒྲ་མཚུངས་འདྲེན་ཚུལ་ནི་གོང་གི་རྟགས་མཚུངས་འདྲེན་ཚུལ་ལས་ཀྱང་མིང་གང་གི་ཚེག་ཁྱིམ་སྔ་ཕྱི་དག་གི་སྒྲ་རྫས་ཕལ་ཆེ་བ་འདྲ་མཚུངས་སུ་སྡེབ་པའམ་ཡང་ན་ཟློས་སྒྲའི་ཚུལ་གྱིས་མིང་རང་གི་ནང་ཁུལ་དུ་སྒྲ་མཐུན་པར་གྱུར་པ་རྣམས་ཡིན་ཏེ། བྱེ་བྲག་ཟློས་ཚུལ་ལྟར་ན།

(༡)ཚེག་ཁྱིམ་གཉིས་ཅན་ལ་ནང་གསེས་སུ་ཀ་ཀ་དང་། ཀ་ཀི། ཀ་ཀུ། ཀ་ཀེ། ཀ་ཀོ་ཞེས་པའི་ཟློས་ཚུལ་ལྔ་ཙམ་སྣང་སྟེ་རིམ་པར་དཔེར་ན།

ཀ་ཀ ཀྲབ་ཀྲབ། ཅག་ཅག ཅབ་ཅབ། ཏག་ཏག ཙབ་ཙབ། ཀི་ཀི ཀྲིག་ཀྲིག ལྕིག་ལྕིག ཏི་ཏི། ཏིང་ཏིང་།

ཏྲི་ཏྲི། པི་པི། ཙི་ཙི། ཀུ་ཀུ ཀྱུག་ཀྱུག ཀྲུ་ཀྲུ། ཀྲུང་ཀྲུང་།
ཀྱུར་ཀྱུར། ཀྱུག་ཀྱུག ལྕུག་ལྕུག ཏུག་ཏུག ཏྲུག་ཏྲུག ཙུག་ཙུག ལྟེམ་ལྟེམ། པྲེང་པྲེང་། ཙེ་ཙེ། ཀྱོག་ཀྱོག ཀྲོག་ཀྲོག ཙོང་ཙོང་། ཏོག་ཏོག པོ་པོ་ལྟ་བུ།

ཀ་ཀི ཙག་ཙིག པྲག་པྲིག རྩག་རྩིག ཚང་ཚིང་།

ཟང་ཟིང་། རབ་རིབ། ཆལ་ཆིལ། ཧྲབ་ཧྲིབ། ཉལ་ཉིལ། རྙང་རྙིང་། རྙབ་རྙིབ། སྙགས་སྙོགས།

ཀ་ཀུ ཅས་ཅུས། ཙབ་ཙུབ། ཁམ་ཁུམ། གྱ་གྱུ། ཚབ་ཚུབ། ར་རུ། ཧྲལ་ཧྲུལ། ལྡར་ལྡུར། ཆང་ཆུང་། ཉང་ཉུང་། ཐན་ཐུན། ཟར་ཟུར།

ཀ་ཀེ ལྡག་ལྡེག ཧ་ཧེ། ལྡམ་ལྡེམ། ནར་ནེར། ཉར་ཉེར། བྱ་བྱེའུ། མ་མེས། ཟར་ཟེར། སང་སེང་།

ཀ་ཀོ ཀར་ཀོར། ཀྱག་ཀྱོག ཀྱར་ཀྱོར། ལྐག་ལྐོག ཅབ་ཅོབ། ལྕང་ལྕོང་། ཅ་ཅོ། ཅལ་ཅོལ། ཀླ་ཀློ ཀབ་ཀོབ། ཏབ་ཏོབ། ཚམ་ཚོམ། ཧན་ཧོན། ནར་ནོར། གཅང་གཅོང་།

ཉབ་ཉོབ། ཐམ་ཐོམ་ལྟ་བུ་ཚེག་ཁྱིམ་སྔ་ཕྱི་དག་གི་མིང་གཞི་དང་འཕུལ་རྟེན་རྣམས་རྟགས་མཚུངས་སུ་བསྡེབས་པ་ལས་ཀྱང་སྐབས་འགར་མགོ་འདོགས་དང་བཅས་པ་བསྐྱར་མར་ཟློས་ནས་སྒྲ་མཐུན་པར་སྦྱར་བ་བཞིན་ལགས་སོ། །

(༢)ཚེག་ཁྱིམ་གསུམ་ཅན་ལ་ནང་གསེས་སུ་ཀ་ཀ་ཁ་དང་། ཀ་ཁ་ཁ། ཀ་ཁ་ཀཱ། ཀ་ཀ་ཀ་ཞེས་པའི་ཟློས་ཚུལ་གསུམ་ཙམ་སྣང་སྟེ་དཔེར་ན།

ཀ་ཀ་ཁ། ཧད་ཧད་པོ། ནེམ་ནེམ་པ། ལྟར་ལྟར་པོ། པི་པི་ལང་། ཀེ་ཀེ་རུ། ཧུད་ཧུད་པོ། ནར་ནར་པོ། ཡ་ཡ་བོ། ཡུད་ཡུད་པ་ལྟ་བུ་ཚེག་ཁྱིམ་སྔ་མ་ཟློས་པ་དང་། ཡང་ན།

ཀ་ཁ་ཁ། ཀྱུ་རུ་རུ། འུར་རུ་རུ། ལྡིར་རུ་རུ། སིལ་ལི་ལི། འཁྲོལ་ལོ་ལོ། གར་ཐོད་ཐོད། ཚ་འུར་འུར། ཚ་ལུམ་ལུམ། ཧྲ་ཐང་ཐང་། ཨ་ཅང་ཅང་། འཛུམ་དམུལ་དམུལ། ཝ་གྲོ་གྲོ། འུར་དིར་དིར། གང་ཐོན་ཐོན། གང་སྔ་སྔ། སྙིང་རྗེ་རྗེ། འདར་ར་ར། ཨ་ཙི་ཙི་ལྟ་བུ་ཚེག་ཁྱིམ་ཕྱི་མ་ཟློས་པ་དང་། ཡང་ན།

ཀ་ཁ་ཀཱ ལྷབས་སེ་ལྷབ། སིངས་སེ་སིང། ལྟེམས་སེ་ལྟེམ། ཀྲབས་སེ་ཀྲབ། ལམས་སེ་ལམ། ལང་མ་ལིང་། ལྡང་མ་ལྡིང་། ཡལ་མ་ཡོལ་ལྟ་བུ་དང་། སྐབས་འགར་ཁ་སྐད་དུ།

ཀ་ཀ་ཀ སིང་སིང་སིང་། གྱགས་གྱགས་གྱགས། ཧྲིག་ཧྲིག་ཧྲིག་ཅེས་སོགས་སྣང་བ་ཚེག་ཁྱིམ་གསུམ་ཅན་གྱི་ཟློས་ཚུལ་ལོ། །

(༣)ཚེག་ཁྱིམ་བཞི་ཅན་ལ་ནང་གསེས་སུ་ཆེས་རྒྱུགས་ཆེ་ཀ་ཀ་ཁ་ཁ་དང་། ཀ་ཁ་ག་ཁ། ཀ་ཁ་ཀ་ག་ཞེས་པའི་ཟློས་ཚུལ་གསུམ་སྟེ་དཔེར་ན།

ཀ་ཀ་ཁ་ཁ། དགའ་དགའ་སྤྲོ་སྤྲོ། འུར་འུར་ཆེམ་ཆེམ། འཚམ་འཚམ་བདེ་བདེ། ཚ་ཚ་འུར་འུར། ཚེ་ཚེ་རབས་རབས། ས་ས་མལ་མལ། འུར་འུར་ཆིལ་ཆིལ། ཏན་ཏན་ཏིག་ཏིག ཧ་ཧ་ཧེ་ཧེ། ནེམ་ནེམ་ལིང་ལིང་། གཟབ་གཟབ་ནན་ནན། ཀི་ཀི་བསྭོ་བསྭོ་ལྟ་བུ་དང་། ཡང་ན།

ཀ་ཁ་ག་ཁ། འན་ནེ་འོན་ནེ། ཟང་ངི་ཟིང་ངི་། འ་རི་འུ་རི། ཡམ་མེ་ཡོམ་མེ། ལམ་མི་ལུམ་མི། རབ་བེ་རིབ་བེ། ཀ་བེ་ཀོབ་བེ། ཡང་སྐོར་བསྐྱར་སྐོར། ཡང་ངེ་ཡེང་ངེ། ལ་དགུ་ལུང་དགུ། ལང་ངེ་ལོང་ངེ་། ལྷག་གེ་ལྷོག་གེ གྱ་གེ་གྱོག་གེ རྫབ་བེ་རྫུབ་བེ། ཡ་ལེ་ཡོ་ལེ། ཟླ་རེ་ངོ་རེ། ཨ་ལོང་ཡང་ལོང་། ཤ་རྩིད་རྒོ་རྩིད། ཀུ་ཅོ་ཅ་ཅོ། ཨ་ལ་པ་ལ། ཨ་ཧྲུག་ཅ་ཧྲུག ཨཱ་ལི་ཀཱ་ལི་ལྟ་བུ་དང་། ཡང་དཔེར་ན།

ཀ་ཁ་ཀ་ག ཇི་མ་ཇི་བཞིན། གང་ཆེ་གང་དྲག ཀྱེ་མ་ཀྱེ་ཧུད། ག་ཕྱི་ག་ལོག ཀི་ལི་ཀི་ལ། ཡག་ཐོག་ཡག་བརྩེགས། གཅིག་རྗེས་གཅིག་མཐུད་ལྟ་བུ་མང་ཙམ་མཐོང་རྒྱུ་ཡོད་པ་དང་། སྐབས་འགར་ངག་སྦྱོར་དུ།

ཀ་ཁ་ཁ་ག ཀྱེ་མ་མ་ལ། ཨ་ཚག་ཚག་པ། ཨ་ལ་ལ་ཧོ།

ཀའ་འ་ཁའ་འ། ཅང་ངེ་ཅོག་གེ ཡར་རེ་སང་ངེ་།

ཀ་ཁ་ཀཱ་ཁཱ། ཨ་ར་ཨུ་རུ། སྒ་ར་སྒུ་རུ། ལ་ག་ལོག་གེ

ཀ་ཀཱ་ཁ་ཁཱ། ཟང་ཟིང་ཕན་ཕུན། ཟང་ཟིང་ལང་ལོང་།

ཀ་ཁ་ཀ་ཁ། ག་ལེ་ག་ལེ། ཝ་ལེ་ཝ་ལེ་ལྟ་བུའང་རེ་འགའ་མཐོང་དུ་ཡོད་མོད། ད་ལྟའི་ཚིག་མཛོད་སོགས་སུ་བསྡུས་པ་ཆེས་ཉུང་ཚོད་དུ་འདུག་ཕྱིར་རེ་ཞིག་སྤང་བར་བྱའོ། །

གཞན་ཡང་སྒྲ་མཚུངས་འདྲེན་ཚུལ་འདི་དག་ལ་གོང་སྤྲོས་རགས་ཚོད་ཀྱི་ཚེག་ཁྱིམ་ཧྲིལ་བོའི་ཟློས་ཚུལ་ཙམ་དུ་མ་ཟད། ཞིབ་ཚགས་སུ་དམིགས་ན་ཚེག་ཁྱིམ་སྔ་ཕྱི་དག་གིས་ཕན་ཚུན་ལ་ཤན་ཞུགས་ཚུལ་མི་འདྲ་བ་ལས་རྟགས་ཀྱི་དབྱེ་བ་མི་གསལ་བའི་དབྱངས་དང་མགོ་འདོགས་བཅས་ཀྱི་སྒྲ་རྫས་ཕན་ཚུན་གཅིག་མཚུངས་སུ་འདྲེན་པའམ་བསྡེབས་ནས་སྒྲ་མཐུན་སྦྱོར་དུ་གྲུབ་པའམ། ཡང་ན་ཚེག་ཁྱིམ་སྔ་ཕྱི་དག་གི་བར་ཁུལ་དུ་འཕུལ་རྟེན་དག་གི་རྟགས་ལ་མ་དམིགས་པར་སྒྲ་མཚུངས་པར་བསྡེབས་ནས་སྒྲ་མཐུན་སྦྱོར་གྲུབ་པའང་ཤིན་ཏུ་མང་སྟེ། འདིར་རིམ་པར་རྣམ་གསལ་ཙམ་དཔེར་བརྗོད་ན།

ཨ→ཨ། རྟ་སྒ། ཞ་ར། གཟའ་ཟླ་བ། གཡའ་མ། ར་མདའ། ས་མཐའ། ཕ་མ། པ་ཊ་ཧ།

ཨི→ཨི། བྱི་རིན། ཉིས་རིམ། རིག་འཛིན། སི་རི་རི། མི་རིགས། སི་ལི་ལི། ཅི་ཞིག ཉིང་ཁྲི།

ཨུ→ཨུ། ཁུ་ཚུར། ལུས་ཕུང་། འུ་རུ་རུ། གཡུ་བྱུར། ཤུ་རུ་རུ། ཡུལ་ལུང་། རུས་ཚུགས། འབྱུང་ཁུངས།

ཨེ→ཨེ། སྡེ་དགེ ལེགས་སྐྱེས། ཟེ་ལེ་ལེ། བྱེད་འབྲེལ། དཔེ་དེབ། ཡེ་ཤེས། སེམས་བྲེལ། བདེ་ལེགས།

ཨོ→ཨོ། རོ་སྙོམ། ཉོན་མོངས། རོགས་སྐྱོར། སྲོག་གཅོད། སློབ་གསོ། འོལ་ཚོད། གསོལ་སྟོན། གོ་དོན་ལྟ་བུ་དབྱངས་ཀྱི་སྒྲ་མཚུངས་འདྲེན་ཚུལ་དང་། དཔེར་ན།

ར→ར། རྡུང་རྡེག རྡོ་རྗེ། རྡུལ་རྫས། རྟ་རྒོད། རྟ་རྨུ་རྒོད། རྣམ་རྟོག རྣོ་རྟུལ། རྙོག་རྫོབ།

ལ→ལ། ལྐོག་ལྟ། ལྟོ་ལྷག ལྔ་ལྡན། ལྗན་ལྗིན། ལྟོ་ལྡིར། ལྡན་ལྕག ལྷ་ལྡན། ལྷ་ལྕམ།

ས→ས། སྤྱི་སྤམ། སྟག་སྟན། སྔོ་སྨན། སྟངས་སྟབས། སྣ་སྣབས། སྣ་སྦྲང་། སྤྱི་སྤྱོད། སྣུམ་སྣག་ལྟ་བུ་མགོ་ཅན་གྱི་སྒྲ་མཚུངས་འདྲེན་ཚུལ་དང་། འདོགས་ཅན་གྱི་རྟགས་མཚུངས་འདྲེན་ཚུལ་ལ་དཔེར་ན།

ྱ→ ྱ། ཕྱི་རྒྱལ། དཀྱིལ་ཕྱོགས། ཁྱིམ་སྐྱོང་། ཁྱི་འགྱེད། སྐྱ་མྱི། སྐྱུར་ཕྱུར། བརྐྱངས་ཕྱག

ྲ→ ྲ། སྲིད་ཁྲི། ཁྲལ་ཁྲིམས། སྐྲ་སྦྲེལ། ཁྲལ་འཁྲི། དྲན་འཕྲུལ། དྲང་སྲོང་། དྲི་བྲལ། དྲིལ་སྒྲོག

ལ→ལ། ཀློག་ཀླག སྲ་མཁྲེགས། བློས་བླངས། ཟླ་ཟླུམ། བླ་སློབ། བློ་ཟློག་པ། བློ་བརླུག རླིག་རླུག།

ྭ→ ྭ ། རྭ་ཚྭ། ཝ་ཞྭ། ཚྭ་རྭ། གྭ་ཤྭ་ལྟ་བུ་ཚེག་ཁྱིམ་སྔ་ཕྱིའི་འདོགས་ཅན་ཕན་ཚུན་གཅིག་མཚུངས་སུ་འདྲེན་ཚུལ་དང་། ཡང་ན།

ལ་བཏགས→ལ་མགོ བློ་ལྷད། ཟླ་ལྷག བློ་ལྡན། ཟླ་ལྟར། གླ་ལྟོ། བླ་ལྷ། བླ་ལྡོམ།

ར་བཏགས→ར་མགོ སྲ་རྩི། སྐྲ་རྩེ། སྒྲ་རྒྱན། གྲ་རྒྱས། ཕྲ་རྒྱན། སྨྲ་བརྗོད། གྲ་རྩིབ་ལྟ་བུ་ཚེག་ཁྱིམ་སྔ་ཕྱིའི་མགོ་འདོགས་ཕན་ཚུན་གཅིག་མཚུངས་སུ་འདྲེན་པ་དང་། གཞན་ཡང་དེ་ལས་འཕྲོས་པའི་འདོགས་ཅན་དང་མིང་གཞི་སྒྲ་མཚུངས་སུ་འདྲེན་པ་དང་། རྗེས་འཇུག་དང་མགོ་ཅན་སྒྲ་མཚུངས་སུ་བསྡེབས་ནས་སྒྲ་མཐུན་སྦྱོར་དུ་སྤེལ་བ་ཞིག་ཀྱང་སྣང་སྟེ། དཔེར་ན།

འདོགས་ཅན→མིང་གཞི། བློ་ལོག ཟློ་ལུགས། གློ་ལེན། འདྲ་རིས། ཁྲ་རུ། སྒྲ་རིག

རྗེས་འཇུག→མགོ་ཅན། ཟློས་སྐྱོན། རྒྱས་སྤྲོས། ཟློས་སྒྲ། གསར་བརྗེ། དམར་རྗེན། གསར་རྙིང་ལྟ་བུའོ། །

འདི་ལྟའི་སྒྲ་མཚུངས་འདྲེན་ཚུལ་ལ་ཚེག་ཁྱིམ་སྔ་ཕྱི་དག་གིས་ཕན་ཚུན་ལ་ཤན་ཞུགས་ཚུལ་མི་འདྲ་བ་ལྟར་བར་ཁུལ་དུ་ལུགས་འབྱུང་གི་སྒྲ་མཚུངས་འདྲེན་ཚུལ་དང་ལུགས་ལྡོག་གི་སྒྲ་མཚུངས་འདྲེན་ཚུལ་གཉིས་ཡོད་དེ།

 ལུགས་འབྱུང་གི་སྒྲ་མཚུངས་འདྲེན་ཚུལ་ནི་བཀླག་གདངས་འཕྲལ་མྱུར་དུ་སྤེལ་ཞིང་གནས་བྱེད་སོགས་ཉེ་མཚུངས་སུ་སྦྱར་བའི་རྐྱེན་གྱིས་མིང་སྦྱོར་གྱི་ཚེག་ཁྱིམ་སྔ་མས་ཕྱི་མར་ཤན་ཐེབས་ནས་ཕྱི་མ་རྣམས་སྔ་མ་དང་སྒྲ་མཐུན་པར་གྱུར་པ་ཡིན་ཞིང་། ཡིག་སྐད་དང་ཁ་སྐད་གང་རུང་གི་ཚེག་ཁྱིམ་ཕྱི་མ་རྣམས་ཕལ་ཆེ་བ་ཚེག་ཁྱིམ་སྔ་མའི་རྗེས་མཐའ་ནས་དྲངས་ཏེ་སྒྲ་མཐུན་པར་གྲུབ་པར་ངེས་ཏེ། དཔེར་ན།

ག→ག གུག་གུ། རྟོག་གེ ཅག་གེ ཅོག་གུར། སྒྲོག་གོ(གུ)། ལྟག་ག(པ)། སྟོང་ང(པ)། ནག་གོ(པོ)།

ང→ང་། ཉུང་ངུ་། ཆུང་ངེ་། ཀྲོང་ངེར། ངང་ང(བ)། རྩིང་ང(པོ)། མང་ང(པོ)། རིང་ང(པོ)། དཔུང་ང(པ)།

ད→ད། སྐྱིད་དེ་བ། སྐད་དོད། རྙིད་དོ། སྐྱིད་ད(པོ)། ཆེད་དོན། ལུད་དོང་། སྟོད་དོར། ཟད་དོ(པོ)།

ན→ན། གཞོན་ནུ། རྐན་ནུ། ཅན་ནེ། ཁན་ནེ་ཁོན་ནེ། རྐུན་ནོར། སྐྲན་ནད། དྲན་ནོ(པ)། བཙན་ནོན།

བ→བ། ཁྱབ་བྱེད། ཆབ་བེ་ཆོབ་བེ། གདུབ་བུ། ཞབས་འབམ། ཞིབ་བུ(མོ)། འཚུབ་བེ། འཁོབ་བལ།

མ→མ། ཁྱིམ་མ། གཏུམ་མོ། ཁྲེམ་མེ་བ། སྐམ་ལམ། ཁྱིམ་མི། ལྕམ་མོ། རྒྱལ་ལམ། ལྟམ་མེ་ལྟེམ་མེ།

ར→ར། སྐྱུར་རུམ། ཅེར་རེ། སྒེར་རུ། མཁར་རུ། སྐྱུར་རོ། སྐོར་ར(བ)། གར་ར(པོ)། ནོར་རུ(བུ)། དམར་རོ(པོ)།

ལ→ལ། གལ་ལ། ཝལ་ལེ། ཁྲོལ་ལོ་ལོ། སིལ་ལི་ལི། ཁྲལ་ལི་ཁྲུལ་ལི། སྦལ་ལེབ། གསལ་ལེར། རིལ་ལུ(བུ)།

ས→ས། ཁྲིགས་སེ། གུས་སྲོལ། ཁས་ས། ཁྲིམས་ས། རྨུགས་སེ་བ། ཚོས་སར། སྐྱེས་ས(པ)། གཟས་ས་ལྟ་བུ་ཚེག་ཁྱིམ་སྔ་མའི་རྗེས་མཐས་ཕྱི་མར་ཤན་ཐེབས་ནས་ཕྱི་སྔ་དག་གི་བར་ཁུལ་དུ་སྒྲ་འདྲ་མཚུངས་སུ་གྱུར་པ་ལྟར་ལགས་ཏེ། 《དག་ཡིག་རིག་པའི་གབ་པ་མངོན་ཕྱུང》དུ། ལུགས་འབྱུང་མཐུན་འགྱུར་ནི་མིང་གཅིག་གི་ཆ་ཤས་སྔ་མས་ཆ་ཤས་ཕྱི་མ་མཐུན་པར་བྱེད་པ་ཞིག་ཡིན། དེ་ཡང་གཙོ་ཆེར་ཆ་ཤས་སྔ་མའི་རྗེས་འཇུག་གི་གནས་དང་བྱེད་པའི་རྩོལ་བ་བསྲངས་པའི་ཤུགས་ཀྱིས། ཕྱི་མའི་མིང་གཞིའི་རང་སྒྲ་འབྱུང་ཁོམ་མེད་པར། སྔ་མའི་རྗེས་འཇུག་གི་སྒྲའི་ཁྱད་ཆོས་དང་མཐུན་པར་འགྱུར་བ་ཡིན་ནོ④ཞེས་བསྟན་ཏོ། །

 ལུགས་ལྡོག་གི་སྒྲ་མཚུངས་འདྲེན་ཚུལ་ནི་ཀློག་མགྱོགས་པའམ་བཀླག་གདངས་འཕྲལ་མྱུར་དུ་སྦྱར་བའི་རྐྱེན་གྱིས་མིང་སྦྱོར་གྱི་གྲུབ་ཆ་ཕྱི་མས་སྔ་མར་ཤན་ཞུགས་ནས་སྔ་མ་ཕྱི་མ་དང་སྒྲ་མཐུན་པར་གྱུར་པ་ཡིན་ཞིང་། འདི་ལའང་བྱེ་བྲག་ཡིག་སྐད་དང་ཁ་སྐད་གང་རུང་དུ་སྒྲ་རྫས་རེ་འགའ་འཕར་སྣོན་བྱུང་བའམ་ཡང་ན་སྒྲ་གནས་སྤར་ནས་བར་ཁུལ་དུ་གཞི་གདངས་ཉེ་མཚུངས་སུ་གྱུར་པ་ཅི་རིགས་ཤིག་སྣང་སྟེ། དཔེར་ན།

སྨྱུ་གུ→སྨྱུག་གུ སྒྱིག་གུ། སྙུ་གུ→སྙུག་གུ སྡུ་གུ→ སྡུག་གུ ལུ་གུ→ལུག་གུ ཐ་གུ→ ཐག་གུམ་སོ→མས་སོ། ལྡི་རུ་རུ→ལྡིར་རུ་རུ། ཙི་གུ→ཙིག་གུ སྒོ་ང→སྒོང་ང་། ཅ་ནེ→ཅན་ནེ་ལྟ་བུ་དང་། ཡང་ན་རྡོ་རྗེ→རྡོར་རྗེ། མདའ་གཞུ→མདག་གཞུ། ས་གཞི→སག་གཞི་ལྟ་བུ་ཀློག་མགྱོགས་པའམ་བཀླག་གདངས་མྱུར་བའི་རྐྱེན་གྱིས་ཚེག་ཁྱིམ་ཕྱི་མས་སྔ་མར་ཤན་ཐེབས་ནས་སྔ་མའི་མཐར་ཕྱི་མའི་གཞི་གདངས་དང་གཅིག་མཚུངས་ཀྱི་རྗེས་འཇུག་འཕར་སྣོན་བྱུང་བ་དང་བཅས་མིང་སྦྱོར་གྱི་ཚེག་ཁྱིམ་སྔ་ཕྱི་དག་གི་སྒྲ་ཉེ་མཚུངས་སུ་གྱུར་པ་བཞིན་ནོ། །

༣. མིང་སྦྱོར་གྱི་བརྗོད་བདེ་འདྲེན་ཚུལ་ནི་མིང་སྦྱོར་གྱི་སྐབས་སུ་གོང་སྤྲོས་རྟགས་མཚུངས་དང་སྒྲ་མཚུངས་འདྲེན་ཚུལ་ཕུད་ཅིང་བརྗོད་བདེའི་དབང་གིས་སྒྲ་མཐུན་པར་འདྲེན་པ་རྣམས་ཡིན་ལ། འདི་ལའང་བྱེ་བྲག་ཏུ་ཡིག་སྲོལ་གྱི་གཞུང་ལུགས་དང་ངག་རྒྱུན་ཁ་སྐད་ཀྱི་བརྗོད་བདེ་འདྲེན་ཚུལ་གཉིས་ཡོད་པ་ལས། སྔ་མ་ལྟར་ན། 《ཐོན་མིའི་ཞལ་ལུང》དུ། རྩ་བ་ལས་རང་གི་སྒྲ་མཐུན་ཞེས་གསུངས་པའི་དགོངས་པ་ལྟར་རྟགས་མཚུངས་ལ་མ་བརྟེན་པར་བརྗོད་བདེའི་དབང་གིས་སྒྲ་མཐུན་པ་འདྲེན་པ་མང་དུ་ཡོད་དེ། དཔེར་ན། རྗེས་འཇུག་མ་ནིང་གིས་མིང་མཐའ་མོ་རྟགས་ཅན་འདྲེན་པ། སྨིན་མ། ཆར་བ། གསོལ་བ་ལྟ་བུ་དང་། རྗེས་འཇུག་མོ་ཡིག་གིས་ཕོ་ཡིག་དྲངས་པ་བུམ་པ། རྩམ་པ་ལྟ་བུ་དང་། རྗེས་འཇུག་ཕོ་ཡིག་གིས་མོ་ཡིག་དྲངས་པ་ལྐོག་མ། དྲེད་མོ་ལྟ་བུ་དང་། རྗེས་འཇུག་མ་ནིང་གིས་ཕོ་ཡིག་དྲངས་པ་རན་པ། འོན་པ་ལྟ་བུ་དང་། རྗེས་འཇུག་མོ་ཡིག་གིས་མ་ནིང་དྲངས་པ་ལྔ་ཆར། དགུ་ཆར་ལྟ་བུ་སོགས་ཤིན་ཏུ་མང་བ་རྣམས་ནི་བརྗོད་བདེའི་དབང་གིས་འདྲེན་ཚུལ་ཡིན་པ་ཤེས་པར་བྱའོ། ། ཞེས་བསྟན་པ་བཞིན་རིགས་བསྒྲེས་ན། གཞན་ད་དུང་རྗེས་འཇུག་ཕོ་ཡིག་གིས་མ་ནིང་འདྲེན་ཚུལ་ཞིག་ཀྱང་སྣང་བ་བསྣན་ན། བསྡོམས་པས་བྱེ་བྲག་ཏུ་རིགས་དྲུག་ཙམ་སྣང་བ་སྔ་མའི་མཐའ་རྟེན་གྱིས་ཕྱི་མའི་མིང་བྱིངས་དང་མིང་མཐའ་གང་རུང་གི་མིང་གཞི་འདྲེན་ཚུལ་ལྟར་སྣང་སྟེ་རིམ་པར་དཔེར་བརྗོད་ན།

(༡)རྗེས་འཇུག་མ་ནིང་གིས་མིང་གཞི་མོ་ཡིག་འདྲེན་ཚུལ་ནི་དཔེར་ན།

ན→ག རྒྱན་གོས། དགུན་གྲོ། →ཇ། རྐུན་ཇག སྟོན་ཇ། →ད། འགྲན་དོ། རྐུན་དོང་། →བ། གཏུན་བུ། སྲིན་འབུ། →ཛ། བསྟན་འཛིན། འཁོན་འཛིང་།

→ཝ། ལན་ཝ། གསོན་ཝ། →ཞ།། གྱོན་ཞྭ། ཀུན་གཞི། →ཟ། ཀུན་བཟང་། མཐུན་ཟླ། →འ། མཆན་འོག ཚོན་འོད། →ཡ། འཛིན་ཡིག མཆན་ཡིག →ཤ གཏུན་ཤིང་།
གཞོན་ཤ →ས། དགུན་ས། མདུན་སོ། →ང་། མཚོན་ངར། སྙན་ངག →ཉ། མཚན་ཉིད། དོན་སྙིང་། →ན། གཞོན་ནུ། གཞན་ནོར། →མ། སྟོན་མར། གཞོན་མ། →ར། མཁྱེན་རབ། རྐུན་རོགས། →ལ། དྲིན་ལན། གྱོན་ལྭ། →ཧ། གཤེན་ལྷ། དགུན་ལྷམ།

ར→ག ཟུར་ག གསེར་གོང་། →ཇ། ནོར་ཇག སྒེར་མཇལ། →ད། སྒེར་དོན། སྐྱུར་དོ། →བ། གོར་བུ། འགྱུར་བག →ཛ། ནོར་འཛིན། གཏེར་མཛོད། →ཞ།། དར་ཞོ། གསེར་ཞུན། →ཟ། དཀར་ཟས། དར་ཟམ། →འ། གསེར་འོད། ཕྱུར་འོ། →ཡ། དར་ཡུག ཧོར་ཡིག →ཤ དར་ཤམ། གསེར་ཤོག →ས། ཐར་ས། གསེར་སོ། →ང་།
ཡར་ངོ་། གསེར་ངང་། →ཉ། གསེར་ཉ། བྱུར་ཉེས། →ན། ཐར་ནུ། གསེར་རྣ། →མ། གོར་མོ། སྡར་མ། →ར། མགར་རུ། དར་རས། →ལ། དར་ལ། མར་ལོ། →ཧ། ནོར་ལྷ། ཧོར་ལྷམ།

ལ→ག ཐལ་གོང་། སྦལ་རྒྱབ། →ཇ། གསོལ་ཇ། སྐོལ་ཇ། →ད། མགུལ་དར། བཅོལ་དོན། →བ། རྩོལ་བ། སིལ་བུ། →ཛ། སྦྲུལ་འཛིན། གལ་འཛུགས། →ཞ།། ཐལ་ཞག ཁུལ་ཞོ། →ཟ། གསོལ་ཟས། སྐལ་བཟང་།
→འ། ཁྲལ་འུལ། དངུལ་འོ(ཁ་མ)། →ཡ། རྒྱལ་ཡུམ། ཐལ་ཡས། →ཤ སྦྲུལ་ཤ འཁྲིལ་ཤིང་། →ས། འབོལ་ས། ཉལ་ས། →ང་། སྐལ་ངན། རྒྱལ་རྔ། →ཉ། ཐལ་ཉོར། སྐལ་མཉམ། →ན། མགུལ་ནད། སོལ་ནག →མ། རོལ་མོ། བྱོལ་མ། →ར། གསོལ་རས། སོལ་རིས། →ལ། སྦལ་ལག ཐུལ་ལེ། →ཧ། འབོལ་ལྷུག བསིལ་ལྷམ་ལྟ་བུ་མིང་སྦྱོར་གྱི་ཚེག་ཁྱིམ་སྔ་མའི་རྗེས་འཇུག་མ་ནིང་ན་ར་ལ་གསུམ་གྱིས་ཕྱི་མའི་མིང་གཞི་མོ་ཡིག་ག་ཇ་ད་བ་སོགས་དྲངས་པ་བརྗོད་བདེའི་དབང་དུ་སོང་བ་ཡིན་ལ། དེ་དག་ལས་གཞོན་ནུ་དང་། མགར་རུ། ཐུལ་ལེ་ལྟ་བུ་ན་མཐར་ན་དང་། ར་མཐར་ར། ལ་མཐར་ལ་སྦྱར་བ་རྣམས་བརྗོད་བདེ་ཙམ་དུ་མ་ཟད་གོང་སྤྲོས་སྒྲ་མཚུངས་འདྲེན་ཚུལ་ཞིག་ཀྱང་ཡིན་ཙ་ན། གོང་བཞིན་རྟོགས་པར་བྱ་བ་ལས་འདིར་ཡང་བསྐྱར་བརྗོད་པའི་དགོས་པ་ཆེར་མ་མཆིས་སོ། །

(༢)རྗེས་འཇུག་མོ་ཡིག་གིས་མ་ནིང་འདྲེན་ཚུལ་ནི་དཔེར་ན།

ང→ཁ། བྲང་ཁ། ཤིང་ཁང་། →ཆ། སྲང་ཆ། སྒོང་ཆུ། →ཐ། བྱུང་ཐོ། ཤིང་ཐུར། →ཕ། སང་ཕོད། ཤིང་ཕོར། →ཚ། རྐང་ཚ། གསུང་ཚིག

མ→ ཁ། ཕམ་ཁ། སེང་ཁྲི། →ཆ། སྐམ་ཆས། སྒོམ་ཆེན། →ཐ། ལམ་ཐོ། ཞིམ་ཐིག →ཕ། སྦོམ་ཕྲ། རྩམ་ཕོགས། →ཚ། ཡུམ་ཚང་། ལམ་ཚད།

འ→ ཁ། གཉའ་ཁྲི། དཀའ་ཁག →ཆ། དཀའ་ཆེན། གཉའ་ཆག་པ། →ཐ། མངའ་ཐང་། དཀའ་ཐུབ། →ཕ། དགའ་ཕྱོགས། བཅའ་འཕྲང་། →ཚ། དགའ་ཚལ། གཉའ་ཚིགས་ལྟ་བུ་མིང་སྦྱོར་གྱི་ཚེག་ཁྱིམ་སྔ་མའི་རྗེས་འཇུག་ང་མ་འ་གསུམ་གྱིས་ཕྱི་མའི་མིང་གཞི་མ་ནིང་ཁ་ཆ་ཐ་ཕ་ཚ་དྲངས་པ་བཞིན་ནོ། །

(༣)རྗེས་འཇུག་མོ་ཡིག་གིས་ཕོ་ཡིག་འདྲེན་ཚུལ་ནི་དཔེར་ན།

ང→ཀ མཐོང་ཀ རྟིང་སྐུལ། →ཅ། གཏིང་ཅན། རང་ཅག →ཏ། རྐང་ཏོ། ཡང་ཏིག →པ། རྐང་པ། བཟང་པོ། →ཙ། གཏིང་རྩ། སྦྲང་རྩི།

མ→ཀ ཐམ་ཀ གདམ་ཀ →ཅ། སུམ་ཅུ། དམ་ཅན། →ཏ། བསམ་གཏན། ནམ་སྟོད། →པ། གཏུམ་པོ། གནམ་པྲ། →ཙ། འདམ་རྩྭ། སུམ་རྩེན།

འ→ཀ མཐའ་ཀླས། →ཅ། མཐའ་ཅན། གཏའ་བཅོས། →ཏ། མཐའ་རྟེན། གནའ་གཏམ། →པ། མཐའ་པ། མདའ་དཔོན། →ཙ། དཔའ་རྩལ། མདའ་རྩེད་ལྟ་བུ་མིང་སྦྱོར་གྱི་ཚེག་ཁྱིམ་སྔ་མའི་རྗེས་འཇུག་མོ་ཡིག་ང་མ་འ་གསུམ་གྱིས་ཕྱི་མའི་མིང་གཞི་ཕོ་ཡིག་ཀ་ཅ་ཏ་པ་ཙ་དྲངས་པ་བཞིན་ནོ། །

(༤)རྗེས་འཇུག་ཕོ་ཡིག་གིས་མོ་ཡིག་འདྲེན་ཚུལ་ནི་དཔེར་ན།

ག(ས)→ག ཏིག་གུ ཡིག་རྒྱ། →ཇ། དཀྲུག་ཇ། ལག་འཇུ། →ད། ཡིག་དན། རག་དུང་། →བ། ཡིག་བར། རིག་བྱེད། →ཛ། ཡིག་མཛོད། རིག་འཛིན། →ཞ།། ལག་ཞ།། སོག་ཞྭ། →ཟ། རིགས་བཟང་། ལག་ཟན། →འ། ལག་འོག གློག་འོད། →ཡ། ལག་ཡུ།

རྒྱུགས་ཡིག →ཤ ཡིག་ཤོག བྲག་ཤུར། →ས། སྦུག་སོ། ལག་སོར། →ང་། ལག་ངར། ལུག་ངལ། →ཉ། ལག་ཉ། ལུག་མཉེ། →ན། ལག་ནོར། ལྐོག་ནོར། →མ། བག་མ། སོག་མོ། →ར། སག་རི། མགྱོགས་རྭ། →ལ། ལྐོག་ལབ། སོག་ལེ། →ཧ། སོག་ལྷམ། བཀྲག་ལྷག་གེ

ད→ག སྐེད་གྲི། བྱེད་སྒོ། →ཇ། ཆེད་བརྗོད། གཉིད་ལྗིད་པོ། →ད། སྐད་དོད། ཀླད་དོན། →བ། སྲད་བུ། ཀླད་བྱི། →ཛ། གྱད་འཛིང་། སྐད་འཛེར། →ཞ།། ཀླད་ཞོ། སྲིད་ཞི། →ཟ། འོད་ཟེར། ཀླད་གཟེར། →འ། སྐད་འུར། →ཡ། འབྱེད་ཡོན། སྐད་ཡིག →ཤ སྦུད་ཤན། ཀླད་ཤུན། →ས། གཏད་སོ། སྐེད་སོ། →ང་། སྐད་ངག སྐེད་རྔ། →ཉ། ཆད་ཉེ། སྐེད་ཉག →ན། མཆོད་ནས། སྐེད་ནད། →མ། གྱད་མི། རྒད་མོ། →ར། མཆོད་རོ། སྦུད་རུ། →ལ། གཉིད་ལམ། སྐད་ལོག →ཧ། མཆོད་ལྷ། ཆད་ལྷག

བ(ས)→ག གཟབ་གོས། སྒྲུབ་གྲྭ། →ཇ། རྒྱབ་ཇ། སྒྲུབ་འཇུག →ད། རྒྱབ་དར། སྐབས་དོན། →བ། སྐབས་བབ། རྒྱབ་འབོལ། →ཛ། རྒྱབ་འཛིན། འཐབ་འཛིང་། →ཞ།། རྒྱབ་གཞུང་། ཆབ་ཞབས། →ཟ། ཆབ་གཟན། གྲུབ་གཟུགས། →འ། ཆབ་འོག རྒྱབ་འོག →ཡ། གབ་ཡིག རྒྱབ་ཡོལ། →ཤ སྲབ་ཤུ། རྒྱབ་ཤ →ས། ཁབ་སོ། རྒྱབ་སྲུང་། →ང་། རྒྱབ་སྔས། སྒྲུབ་ངག →ཉ། གྲུབ་བརྙེས། རྒྱབ་སྙེ། →ན། ཁབ་སྣོད། གཟབ་ནན། →མ། གཟབ་མ། སྦུབ་མོ། →ར། ཁབ་རལ། སྲིབ་རི། →ལ། རྒྱབ་ལོག ཁབ་ལེན། →ཧ། འདབ་ལྷེ། རྒྱབ་ལྷས།

ས→ག དགོས་གལ། ཤེས་རྒྱ། →ཇ། ལས་ཇུས། བཞེས་ཇ། →ད། སྦས་དོན། སོས་དལ། →བ། ཤེས་བྱ། ལུས་བོངས། →ཛ། དགྱེས་འཛུམ། ལུས་རྫོགས། →ཞ།། ལས་གཞི། རུས་ཞེན། →ཟ། ལུས་ཟུངས། ལས་བཟོ། →འ། ལས་འོང་། སྔས་འོག →ཡ། རས་ཡུག དུས་ཡུན། →ཤ ནུས་ཤུགས། རྒྱས་བཤད། →ས། བགྲེས་སོང་།
ཤེས་གསལ། →ང་། ལུས་རྔུལ། ལས་ངན། →ཉ། ལུས་ཉམས། ལས་ཉེས། →ན། ལས་ནག གོས་སྣེ། →མ། སྲས་མོ། སྐོས་མལ། →ར། ལས་རིགས། སྐས་རུ། →ལ། རས་ལ། ལས་ལོག →ཧ། གོས་ཧྭ། རས་ལྷེ་ལྟ་བུ་ལས་མིང་སྦྱོར་གྱི་ཚེག་ཁྱིམ་སྔ་མའི་རྗེས་འཇུག་ཕོ་ཡིག་ག་ད་བ་ས་བཞི་གས་ཕྱི་མའི་མིང་གཞི་ག་ཇ་ད་བ་ཛ་སོགས་དྲངས་པ་བརྗོད་བདེའི་དབང་དུ་སོང་བ་ཡིན་མོད། ཏིག་གུ་དང་། སྐད་དོད། སྐབས་བབ། བགྲེས་སོང་ལྟ་བུ་རེ་འགའ་བརྗོད་བདེ་ཙམ་དུ་མ་ཟད། སྒྲ་མཚུངས་འདྲེན་ཚུལ་གྱི་ཆར་ཡང་ངེས་ཕྱིར། འདི་རྣམས་ལ་གཉིས་མཚན་ཅན་ཞེས་ཀྱང་བྱའོ། །

(༥)རྗེས་འཇུག་མ་ནིང་གིས་ཕོ་ཡིག་འདྲེན་ཚུལ་ནི་དཔེར་ན།

ན→ ཀ སྟོན་ཀ བྱིན་ཀྱོག →ཅ། རིན་ཅེན། བྱིན་ཅན། →ཏ། སྟོན་ཏོག ཡོན་ཏན། →པ། གཞོན་པ། སྲིན་པོ། →ཙ། ཚོན་རྩི། སེན་རྩ།

ར→ཀ སེར་ཀ གསེར་རྐོ། →ཅ། ཐོར་ཅོག ནོར་བཅོས། →ཏ། གཏེར་སྟོན། སྒོར་ལྟེ། →པ། སྒུར་པོ། སྦྱར་པང་། →ཙ། སྒེར་རྩེ། ཟུར་ཙམ།

ལ→ཀ ཐལ་ཀར(སྔོ་དཀར)། དལ་རྐང་། →ཅ། ཐལ་ལྕག དལ་ཅིག →ཏ། གལ་ཏ། དལ་རྟེན། →པ། དལ་པོ། འཕྲུལ་པ། →ཙ། རོལ་རྩེད། བོལ་རྩ་ལྟ་བུ་མིང་སྦྱོར་གྱི་ཚེག་ཁྱིམ་སྔ་མའི་རྗེས་འཇུག་མ་ནིང་ན་ར་ལ་གསུམ་གྱིས་ཕྱི་མའི་མིང་གཞི་ཕོ་ཡིག་ཀ་ཅ་ཏ་ཙ་བཅས་བརྗོད་བདེ་རུ་དྲངས་པ་བཞིན་ནོ། །

(མུ་འགོད)


* སུམ་བྷ་དོན་གྲུབ་ཚེ་རིང་། མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་དུ་ཕྱག་ལས་གནང་བཞིན་ཡོད།

[གནད་བཏུས] བོད་ཀྱི་ཁ་སྐད་དང་ཡིག་སྐད་དག་གི་ཚོགས་གསུམ་སྟེ་ཡི་གེའམ་སྒྲ་གདངས་དང་། མིང་། ཚིག་བཅས་གང་རུང་ཁྲོད་དུ་རྟགས་མཚུངས་འདྲེན་ཚུལ་དང་། སྒྲ་མཚུངས་འདྲེན་ཚུལ། བརྗོད་བདེ་འདྲེན་ཚུལ་བཅས་སྒྲ་མཐུན་སྦྱོར་གྱི་སྣང་ཚུལ་ནི་ཆེས་རྒྱུགས་ཆེ་ཞིང་ངེས་སྲོལ་ཆེས་ཆེར་ལྡན་པ་རྣམས་སྐད་བརྡ་སྤྱིའི་འཕྲེད་ངོས་ཀྱི་ཁྱད་ཆོས་དང་གཞུང་ངོས་འཕེལ་འགྱུར་གྱི་ཆོས་ཉིད་ཅིག་ཏུ་ངེས་ཚབས་ཆེ་ཕྱིར། སྐད་བརྡའི་གཞུང་ལུགས་ཀྱི་དཔྱད་བྱ་གལ་ཆེན་ཞིག་ཏུ་ངེས་པར་མ་ཟད། བོད་སྐད་ཡིག་རང་སྟེང་དུ་སྤེལ་རུང་བའི་སྡེབ་སྦྱོར་གྱི་གཞུང་རྐང་གལ་ཆེན་ཞིག་ཏུའང་ངེས་ཙ་ན་ཀུན་ནས་གཙིགས་སུ་འཛིན་དགོས་སེམས་སོ། །

[གནད་ཚིག] སྐད་ཡིག ཚོགས་གསུམ། སྒྲ་མཐུན་སྦྱོར།

སྤྱིར་རྟགས་འཇུག་གི་རྩ་བ་ལས། མིང་མཐའ་དེ་དག་ཉིད་ཀྱིས་ནི། ། དེ་ཉིད་རང་གི་སྒྲ་མཐུན་པའི། ། ཆོས་དངོས་ལས་དང་བྱེད་པ་དང་། ། ཞེས་པ་ནས། དེ་དག་སྔ་ཤུགས་འདྲེན་ལས་འབྱུང་། ། ཞེས་པའི་བར་དུ་མིང་མཐའ་དང་རྣམ་དབྱེ་སོགས་ཀྱི་འདྲེན་ཚུལ་དུ་སྒྲ་མཐུན་པར་སྦྱོར་བའི་ངེས་སྲོལ་ཞིག་ཡོད་པར་བསྟན་ཀྱང་། དོན་དུ་སྒྲ་མཐུན་སྦྱོར་གྱི་སྣང་ཚུལ་ནི་མིང་མཐའ་དང་རྣམ་དབྱེ་ཡིན་མིན་གྱི་ཕྲད་འདྲེན་ཚུལ་ཙམ་དུ་མ་ཟད། ཡི་གེའི་སྡེབ་སྦྱོར་དང་། མིང་གི་སྤེལ་སྟངས། ཚིག་གི་སྦྱོར་ལུགས་གང་རུང་དུ་ངེས་པའི་གཞི་གདངས་མཐུན་སྦྱོར་གྱི་ཆོས་ཉིད་ཅིག་ཏུ་རྟོགས་ཙ་ན། འདི་ལྟའི་གཞུང་ལུགས་ཀྱི་རྩ་བ་གཞིར་བཟུང་ནས་བོད་ལ་རང་སྐད་དང་མཐུན་པའི་སྡེབ་སྦྱོར་གྱི་གཞུང་ཞིག་སྤེལ་ན་ལེགས་པར་སེམས། ཡིན་ན་ཡང་གཞུང་ལུགས་ཤིག་གི་སྤེལ་སྟངས་དང་གྲུབ་ཚུལ་ནི་ལས་སླ་བོ་ཞིག་མ་ཡིན་པར་དུས་ཡུན་རིང་ཙམ་གྱི་ལག་ལེན་དང་དཔྱད་བཟོད་བརྒྱུད་དགོས་ཕྱིར། འདིར་ཕྱར་བ་གྲུ་འདེགས་ཀྱི་ཚུལ་དུ་དེ་དག་དང་འབྲེལ་ཡོད་ཀྱི་སྐད་དང་ཡི་གེའི་སྒྲ་མཐུན་སྦྱོར་གྱི་སྣང་ཚུལ་རོབ་ཙམ་བརྗོད་འདོད་པ་ལགས། དེས་ན་སྒྲ་མཐུན་སྦྱོར་གྱི་སྤེལ་སྟངས་ནི་ག་འདྲར་སྣང་ཞེ་ན། སི་ཏུ་པཎ་ཆེན་གྱིས། སྐབས་འདིར་སྒྲ་མཐུན་ཞེས་པའི་དོན་རྟགས་མཚུངས་ཁོ་ན་ལ་ཕལ་ཆེར་གྱིས་བཞེད་ཀྱང་རྣམ་དབྱེ་དང་ཕྲད་སོགས་རྟགས་མཚུངས་ཁོ་ནས་འདྲེན་པར་མ་ངེས་ཤིང་གཙོ་བོར་བརྗོད་བདེ་བའི་སྒྲ་མཐུན་པར་འདྲེན་པ་ཤས་ཆེ་བར་སྣང①ཞེས་བསྟན་པ་བཞིན་བྱེ་བྲག་ཏུ་རྟགས་མཚུངས་འདྲེན་པ་དང་བརྗོད་བདེ་འདྲེན་ཚུལ་བཅས་གཉིས་སྣང་མོད། ཞིབ་ཏུ་བརྟགས་ན་ད་དུང་སྒྲ་མཚུངས་འདྲེན་ཚུལ་ཞིག་ཀྱང་བསྙོན་མེད་དུ་སྣང་ཕྱིར། ཐབས་ལམ་དེ་གསུམ་ག་སྒྲ་མཐུན་སྦྱོར་གྱི་ཐབས་ལམ་གསུམ་དུ་འདོད་པ་ལས། རྟགས་མཚུངས་འདྲེན་པ་ནི་སྦྱར་གཞི་དང་སྦྱར་བྱ་སྔ་ཕྱིའི་ཡི་གེའི་ཕོ་མོ་མ་ནིང་གི་རྟགས་རྣམས་སྔ་ཕྱི་མཐུན་པར་སྦྱར་བ་ཡིན་ལ། སྒྲ་མཚུངས་འདྲེན་ཚུལ་ནི་རྟགས་མཚུངས་མིན་ལ་ལྟོས་པ་མ་ཡིན་པར་སྔ་ཕྱི་དག་གི་སྒྲ་རྫས་ག་གེ་མོ་ཟློས་མཚུངས་སུ་སྦྱར་བའམ་མཐུན་པར་སྡེབ་ཚུལ་ལ་དམིགས་པ་དང་།
བརྗོད་བདེ་འདྲེན་ཚུལ་ནི་དེ་གཉིས་ལས་ཀྱང་དམིགས་བསལ་ཅན་ཞིག་སྟེ། 《མུ་ཏིག་ཕྲེང་མཛེས》ལས། གཞན་ཡང་། ལྷས་མ། བཙས་མ། ལྟད་མོ། སྟག་མ་སོགས་ཕོས་མོ་དྲངས་པ་ལྟ་བུ་དམིགས་བསལ་དེ་འདྲ་ཐར་ཐོར་ལ་ངེས་པ་མེད་དེ། ཀཱ་ལ་པར། ལྷག་མ་འཇིག་རྟེན་པའི་ཉེར་སྤྱོད་ལས་འཛིན་པ་གྲུབ་བོ། ། ཞེས་གསུངས་པ་བཞིན་འཇིག་རྟེན་པའི་གྲགས་པ་དང་བསྟུན་དགོས་པར②བསྟན་པ་བཞིན་ལགས། འདི་ལྟའི་སྒྲ་མཐུན་སྦྱོར་གྱི་སྣང་ཚུལ་ནི་བོད་ཀྱི་ཡིག་སྐད་ཙམ་དུ་མ་ཟད་པར་དེའི་རྟེན་གཞི་ཁ་སྐད་ཀྱི་གཞི་གདངས་རང་ལའང་གོམས་པར་ཁྱེར་བདེ་བའི་ཆོས་ཉིད་ཤ་སྟག་ཅིག་ཏུ་གྲུབ་འདུག་པས་ན། འདིར་ཡང་བོད་ཀྱི་སྐད་དང་ཡིག་སྲོལ་གྱི་ཚོགས་གསུམ་ག་གང་རུང་གི་ཆ་ནས་སྒྲ་གདངས་མཐུན་པར་སྦྱོར་ལུགས་མདོ་ཙམ་བརྗོད་པར་བྱ་སྟེ།

གཅིག ཡི་གེ་སྦྱོར་ལུགས་ཀྱི་སྒྲ་མཐུན་པར་སྤེལ་ཚུལ།

སྤྱིར་ཡི་གེ་ཞེས་པ་ནི་མིང་ཚིག་གཉིས་ཀྱི་རྩོམ་གཞིར་གྱུར་པའི་སྐད་ཀྱི་གདངས་སམ་ང་རོ་དང་། དེ་མཚོན་པར་བྱེད་པའི་རི་མོ་སྟེ་ཡིག་གཟུགས་དང་། ཡིག་གཟུགས་དེ་ལ་བརྟེན་ནས་བྲིས་པའི་རྒྱུན་སྤྱོད་ཀྱི་རྩོམ་ལུས་སོགས་ལ་གོ་ན་ཡང་། འདིར་སྤྱི་འབྱམས་སུ་གྱུར་པ་སྔ་མ་ལྟར་གོ་བར་བྱས་ན། ཡི་གེའི་གཞི་གདངས་མཐུན་པར་སྦྱོར་ཚུལ་ནི་གཙོ་བོ་མིང་གཞི་གང་ལ་འཕུལ་རྟེན་མགོ་འདོགས་སྦྱོར་བའི་བར་ཁུལ་དུ་གཞི་གདངས་སྔ་ཕྱི་དག་གིས་ཕན་ཚུན་ལ་ཤན་ཞུགས་ནས་སྔར་གཞི་གདངས་མི་འདྲ་བ་རྣམས་འདྲ་བའམ་ཕྱོགས་མཚུངས་སུ་གྱུར་པ་རྣམས་ཡིན་ལ། མཐུན་པར་སྦྱོར་ཚུལ་ལ་བྱེ་བྲག་ཏུ་རྟགས་མཚུངས་འདྲེན་ཚུལ་དང་། སྒྲ་མཚུངས་འདྲེན་ཚུལ། བརྗོད་བདེ་བཅས་སྣང་བ་རིམ་པར་དཔེར་བརྗོད་ན།

༡. ཡི་གེའི་རྟགས་མཚུངས་འདྲེན་ཚུལ་ནི་སྦྱར་གཞིའི་མིང་གཞི་གང་གི་རྟགས་དང་འདྲ་བའམ་ཉེ་མཚུངས་སུ་འཕུལ་རྟེན་སོགས་རྟགས་མཐུན་པར་སྦྱར་ནས་དྲག་པ་དྲག་པོ་དང་ཕྲད་པའམ། ཞན་པ་ཞན་པ་དང་ཕྲད་པ། བར་མ་བར་མ་དང་ཕྲད་པའི་ཡི་གེའི་སྦྱོར་ལུགས་སུ་ངེས་པ་རྣམས་ཏེ། དཔེར་ན་སྔོན་འཇུག་གི་སྦྱོར་ལུགས་ལ་མཚོན་ན།

ལྟ་བུ་སྔོན་འཇུག་ཕོ་ཡིག་མིང་གཞི་ཕོ་དང་སྦྱར་བ་དྲག་པ་དྲག་པོ་དང་ཕྲད་པ་དང་། དཔེར་ན།

ལྟ་བུ་སྔོན་འཇུག་མོ་ཡིག་མིང་གཞི་མོ་དང་སྦྱར་བ་ཞན་པ་ཞན་པ་དང་ཕྲད་པ་དང་། ཡང་དཔེར་ན།

ལྟ་བུ་སྔོན་འཇུག་ཤིན་ཏུ་མོ་མ་ཡིག་མིང་གཞི་ཤིན་ཏུ་མོ་ལ་སྦྱར་བ་རྟགས་མཚུངས་འདྲེན་ཚུལ་ཡིན་ལ། དེ་མཚུངས་སུ་ཨ་མདོའི་འབྲོག་སྐད་ནའང་།

ག [g~*] ག[x~]: གཅིག[gʨig*]→xʨəkགཏམ[gtam*]→xtək

ག[ɣ~]:གཉིས[gȵis*]→ɣȵi གསུམ[gsum*]→ɣsəmལྟ་བུ་དང་།

ཡང་ན། ད[d~*] ད[χ~]:དཀོན[dkon*]→χkonདཀྲོལ[dkrol*]→χtʂol

ད[ʁ~]:དགོན[dgon*]→ʁgonདགྲོལ[dgrol*]→ʁdʐol

ལྟ་བུ་ལས་རིམ་པར་སྔོན་འཇུག་མ་ནིང་ག[g~]ད[d~]གཉིས་སོ་སོར་མིང་གཞི་ཕོ་ཡིག་དང་ཕྲད་ན་དྲག་པར་འགྱུར་བ་དང་མིང་གཞི་མོ་དང་ཕྲད་ན་སྒྲ་ཞན་པར་འགྱུར་ནས་སོ་སོར་ཀློག་ཚུལ་མི་འདྲ་བ[x~/ɣ~]/[χ~/ʁ~]ཞེས་གཉིས་རེ་འབྱུང་བ་སོགས“མིང་གཞི་ལྟར་སྔོན་འཇུག་གི་ཡི་གེ་རང་རང་ཀློག་པའི་སྒྲ་གྲིམས་ལྷོད་སོགས་ལས་ནི་མ་ཡིན་ཏེ་འཆད་འགྱུར་ལྟར་དེ་དག་འཇུག་ཡུལ་གྱི་མིང་གཞིའི་ཡི་གེ་དང་སྦྱར་ནས་ཀློག་པའི་ཚེ་སྒྲ་གདངས་ཤུགས་ཆེ་ཆུང་དུ་འགྱུར་བའི་ཆ་ནས་བཞག”③པས་ན་རྟགས་མཚུངས་འདྲེན་ཚུལ་དུ་ངེས་ལ། དེ་བཞིན་དུ་རྗེས་འཇུག་གི་ཡི་གེ་བཅུ་བོའང་སོ་སོར་མིང་གཞི་གང་ལ་ཕྲད་སྟོབས་མི་འདྲ་བའི་ཆ་ནས་ག་ད་བ་ས་བཞི་ཕོ་ཡིག་དྲག་པ་དང་། ང་མ་འ་གསུམ་ཞན་པ་མོ་དང་། ན་ར་ལ་གསུམ་བར་མ་མ་ནིང་དུ་བཞག་པ་ལས་སྔ་མ་ཕོ་ཡིག་བཞི་སོ་སོར་མིང་གཞི་ཕོ་ཡིག་གི་མཐར་སྦྱར་བ་དང་། མོ་ཡིག་གསུམ་མིང་གཞི་མོ་ཡིག་གི་མཐར་སྦྱར་བ། མ་ནིང་གསུམ་མིང་གཞི་མ་ནིང་གི་མཐར་སྦྱར་བ་རྣམས་རྟགས་མཚུངས་འདྲེན་པར་ངེས་ཏེ། དཔེར་ན།

ལྟ་བུ་དང་། རྗེས་འཇུག་ཕོ་ཡིག་ལའང་ནང་གསེས་སུ་རྟགས་དང་། སྐྱོགས། ལྕགས་ལྟ་བུ་ཕོ་ཡིག་ག་མཐར་ས་ཡིག་ཞུགས་པ་སྒྲ་དྲག་པའི་དྲག་པར་འགྱུར་བ་སྐྱེས་བུ་རབ་དང་། སྐབས་དང་། ལྕེབས། སྟབས་ལྟ་བུ་རྗེས་འཇུག་བ་མཐར་ས་ཞུགས་སྒྲ་དྲག་པའི་འབྲིང་དུ་འགྱུར་བ་སྐྱེས་བུ་འབྲིང་དང་། རྟག་དང་ཀབ་ལྟ་བུ་རྗེས་འཇུག་ག་བ་གཉིས་ཀྱི་མཐར་ཡང་འཇུག་མ་ཞུགས་པ་དང་། ཡང་ན་གཏད་དང་བཙས་ལྟ་བུ་ད་སའི་མཐའ་ཅན་རྣམས་སྒྲ་དྲག་པའི་ཞན་པར་འགྱུར་བ་སྐྱེས་བུ་ཐ་མ་བཅས་ཀྱི་དབྱེ་བ་ཡོད་པ་རྣམས་ཕོ་མཐར་ཕོ་རྟགས་དྲངས་པའི་ཆ་ནས་སྒྲ་མཐུན་པར་གྱུར་པ་དང་། རྗེས་འཇུག་མོ་ཡིག་ལྟར་ནའང་།

ལྟ་བུ་མིང་གཞི་མོ་ཡིག་དང་ཕྲད་སྟོབས་ཞན་པར་སྦྱར་བའི་ཆ་ནས་སྒྲ་མཐུན་པར་གྱུར་པ་དང་། ཡང་དཔེར་ན།

ལྟ་བུ་མིང་གཞི་མ་ནིང་ལ་རྗེས་འཇུག་མ་ནིང་སྦྱར་བས་རྟགས་མཚུངས་འདྲེན་ཚུལ་ལྟར་སྒྲ་མཐུན་པར་སྦྱར་བ་ཡིན་ལ། དེ་བཞིན་དུ་ངག་སྲོལ་ལྟར་ནའང་།

རྟགས་མཚུངས་འདྲེན་ཚུལ། ལྷ་སའི་སྐད། སྡེ་དགེ་སྐད། བྱེད་རྩོལ། གདངས་ཚད།

ཕོ→ ཕོ: སྐྱབས [cap53] [ɕaʔ53] དྲག་པ། 53

བཙུགས [ʦuk53] [ʦuʔ53] དྲག་པ། 53

མོ → མོ: དོམ [thom13] [tõ13] ཞན་པ། 13

བཟུང [suŋ13] [zũ13] ཞན་པ། 13

ལྟ་བུ་ལས་རྟགས་མཚུངས་འདྲེན་པའི་ཆ་ནས་སྒྲ་མཐུན་པར་སྦྱར་ཡོད་པ་དང་། ཡང་ཨམ་སྐད་དུ།

~ད[~d*] [~t]:སྐྱིད[skjid*]→hʨətབཅད[bʨad*]→ɸʨat

[~d]:བརྒྱད[brgjad*]→βʥadམཛད[mʣad*]→mʣad

ལྟ་བུ་ལས་རྗེས་འཇུག་ཕོ་ཡིག་ད[~d*]མིང་གཞི་ཕོ་དང་ཕྲད་ན་སྒྲ་དྲག་པར་གྱུར་ནས[~t]ཞེས་དང་།

མིང་གཞི་མོ་ཡིག་དང་ཕྲད་པ་སྒྲ་ཤུགས་ཞན་པར་གྱུར་ནས[~d]བཞིན་དུ་བཀླགས་པ་སོགས་ཚེག་ཁྱིམ་གཅིག་གི་ནང་ཁུལ་གྱི་ཡི་གེའི་སྦྱོར་བ་ལས་སྒྲ་སྔ་ཕྱིས་ཕན་ཚུན་ལ་ཤན་ཞུགས་ནས་གཞི་གདངས་ཕན་ཚུན་མཐུན་པར་འགྱུར་བ་ཡིན་ལ། འདི་དག་སྐད་བརྡ་རིག་པའི་གཞུང་དུ་སྒྲ་ཚིགས་ནང་ཁུལ་གྱི་མཐུན་པར་འགྱུར་ཚུལ(内部同化)ཞེས་ཀྱང་བྱའོ། །

༢.ཡི་གེའི་སྒྲ་མཚུངས་འདྲེན་ཚུལ་ནི་མིང་གཞི་གང་ལ་འཕུལ་རྟེན་མགོ་ཅན་བཅས་སྦྱོར་སྐབས་སུ་ནང་ཁུལ་དུ་དེ་དག་གི་སྒྲ་འདྲ་བའམ་ཉེ་མཚུངས་སུ་བསྡེབས་ནས་གཞི་གདངས་མཐུན་པར་གྲུབ་པ་ཞིག་ཡིན་ལ། འདི་ལའང་བྱེ་བྲག་ཏུ་མིང་གཞི་དང་རྗེས་འཇུག་གི་སྒྲ་མཚུངས་པར་སྦྱར་བ་དང་། སྔོན་འཇུག་དང་རྗེས་འཇུག་གི་སྒྲ་མཚུངས་པར་སྦྱར་བ། མགོ་ཅན་དང་མཐའ་རྟེན་གྱི་སྒྲ་མཚུངས་པར་སྦྱར་བ་བཅས་སྣང་སྟེ། འདིར་རིམ་པར་དཔེར་བརྗོད་ན།

ག→ག: གག གུག གེགས། གོག གྱོག གྲག གྲགས། གྲུག གྲུགས། གྲོག གྲོགས། གླག གླགས། དགག དགུག དགོག བགགས། བགེགས། མགྱོགས། འགག འགགས། འགུག འགུགས། འགེགས། འགོག འགྱག འགྱིག འགྱོག འགྱོགས། འགྲགས། འགྲོག འགྲིགས། འགྲོག འགྲོགས། རྒྱག རྒྱགས། རྒྱུག རྒྱུགས། རྒྱོགས། སྒག སྒུག སྒུགས། སྒེག སྒོག སྒོགས། སྒྱིག སྒྱུག སྒྱོགས། སྒྲིག སྒྲིགས། སྒྲུག སྒྲུགས། སྒྲེགས། སྒྲོག སྒྲོགས། བརྒྱག བརྒྱགས། བརྒྱུག བརྒྱུགས། བསྒག བསྒགས། བསྒུག བསྒུགས། བསྒྲག བསྒྲགས། བསྒྲིག བསྒྲིགས། བསྒྲུག བསྒྲུགས། བསྒྲོག བསྒྲོགས།

ས→ས: སངས། སིགས། སིངས། སིམས། སུངས། སུབས། སུམས། སུས། སེངས། སེམས། སོགས། སོངས། སོབས། སོམས། སོས། སྲས། སྲིངས། སྲིབས། སྲིས། སྲུངས། སྲུབས། སྲུས། སྲེགས། སྲེས། སྲོངས། སྲོབས། སྲོས། སླས། སླུས། སླེབས། སླེས། སློགས། སློངས། སློབས། སློས། གསས། གསིགས། གསིངས། གསུངས། གསུབས། གསུས། གསེས། གསོགས། གསོངས། གསོས། བསགས། བསངས། བསབས། བསམས། བསིགས། བསིངས། བསུགས། བསུངས། བསུབས། བསུམས། བསུས། བསེགས། བསོགས། བསོངས། བསོས། བསྲངས། བསྲབས། བསྲིངས། བསྲིབས། བསྲིས། བསྲུངས། བསྲུབས། བསྲེགས། བསྲེས། བསྲོས། བསླངས། བསླབས། བསླས། བསླུས། བསླེབས། བསློགས།

བ→བ: བབ། བབས། བུབ། བུབས། བོབས། བྱབ། བྱབས། བྱིབས། བྱོབས། བྲབ། བྲབས། བྲུབ། བྲུབས། བྲོབས། དབབ། དབུབ། དབྱིབས། དབྲབ། འབབ། འབུབས། འབེབ། འབེབས། འབོབ། འབྱིབ། འབྲབ། འབྲུབ། རྦབ། སྦབ། སྦུབ། སྦུབས། སྦེབ། སྦྲབས། སྦྲིབས། སྦྲེབས།

ད→ད: དད། དུད། དེད། དོད། དྲུད། དྲེད། དྲོད། གདུད། གདོད། བདུད། བདོད། མདུད། འདད། འདུད། འདེད། འདོད། འདྲད། འདྲུད། འདྲེད། ལྡད། ལྡུད། ལྡོད། སྡུད། སྡོད། བལྡད། བསྡད།

ན→ན: ནན། ནོན། གནན། གནོན། མནན། རྣོན། སྣུན། སྣོན། བརྣན། བསྣན། བསྣུན།

ང→ང: ངང་། དངང་། དངངས། སྔངས། སྔོངས། བསྔང་། བསྔངས།

མ→མ: མམ། མིའམ་ལྟ་བུ་མིང་གཞི་དང་མཐའ་རྟེན་གྱི་སྒྲ་འདྲ་བའམ་ཉེ་མཚུངས་སུ་སྦྱར་ནས་གཞི་གདངས་མཐུན་པར་སྤེལ་བ་དང་། ཡང་དཔེར་ན།

ག~ག: གཅིག གཅག གཅགས། གཅུགས། གཅོག གཉག གཉགས། གཉུག གཉོག གཉོགས། གཏག གཏགས། གཏིག གཏིགས། གཏུག གཏུགས། གཏོག གཏོགས། གདག གདགས། གདུག གདུགས། གདེག གནག གཙག གཙགས། གཙིགས། གཙུག གཙོག གཙོགས། གཞག གཞགས། གཞིག གཞིགས། གཞུག གཞོག གཞོགས། གཟག། གཟགས། གཟིག གཟིགས། གཟུག གཟུགས། གཟེག གཟེགས། གཟོགས། གཡག གཡིག གཡིགས། གཡུག གཡུགས། གཡོག གཡོགས། གཤག གཤགས། གཤེགས། གཤོག གཤོགས། གསག གསིག གསིགས། གསུག གསེག གསོག གསོགས།

བ~བ: བཀབ། བཀྲབ། བཀྲབས། བཀླུབ། བཀླུབས། བསྐྱབ། བསྐྱབས། བརྒྱབ། བརྒྱབས། བསྒྲིབ། བསྒྲིབས། བསྒྲུབ། བསྒྲུབས། བརྔབ། བརྔབས། བརྔུབ། བརྔུབས། བཅབ། བཅབས། བཅིབ། བཅིབས། བསྙབ། བསྙབས། བཏབ། བཏུབ། བརྟབ། བརྟབས། བརྟིབ། བརྟིབས། བརྡབ། བརྡབས། བརྡིབ། བརྡིབས། བལྡབ། བལྡབས། བསྡེབ། བསྡེབས། བརྣབ། བརྣབས། བསྣུབ། བསྣུབས། བཙབ། བཙབས། བཞབས། བཟབ། བཟབས། བཤིབ། བཤིབས། བཤུབ། བཤུབས། བསབ། བསབས། བསུབ། བསུབས། བསྲབ། བསྲབས། བསྲིབ། བསྲིབས། བསྲུབ། བསྲུབས། བསླེབ། བསླེབས།

ད~ད: དགད། དགོད། དགྱེད། དགྲད། དངུད། དཔད། དཔོད། དཔྱད། དཔྱིད། དཔྱོད། དབྲད། དམད། དམོད།

མ~མ: མཆིམས། མཉམ། མནམ། མནམས། མཚམས།

འ~འ: འགའ། འཆའ། འཇའ། འདའ། འབའ། འཛའ་ལྟ་བུ་སྔོན་འཇུག་དང་རྗེས་འཇུག་སྒྲ་མཚུངས་པར་སྦྱར་ནས་གཞི་གདངས་མཐུན་པར་སྤེལ་བ་དང་། ཡང་དཔེར་ན།

ས~ས: སྐབས། སྐས། སྐུགས། སྐུངས། སྐུམས། སྐུས། སྐེགས། སྐོགས། སྐོངས། སྐོབས། སྐོམས། སྐོས། སྐྱབས། སྐྱས། སྐྱིགས། སྐྱིབས། སྐྱིས། སྐྱུགས། སྐྱུངས། སྐྱུས། སྐྱེགས། སྐྱེངས། སྐྱེམས། སྐྱེས། སྐྱོགས། སྐྱོངས། སྐྱོབས། སྐྱོམས། སྐྲངས། སྐྲོགས། བསྐངས། བསྐམས། བསྐུགས། བསྐུངས། བསྐུམས། བསྐུས། བསྐོས། བསྐྱངས། བསྐྱབས། བསྐྱམས། བསྐྱས། བསྐྱིས། བསྐྱུགས། བསྐྱུངས། བསྐྱོགས། བསྐྲུས། བསྐྲོགས། སྒུགས། སྒོགས། སྒོངས། སྒོམས། སྒོས། སྒྱིངས། སྒྱུངས། སྒྱོགས། སྒྱོངས། སྒྲིགས། སྒྲིབས། སྒྲིམས། སྒྲུགས། སྒྲུངས། སྒྲུབས། སྒྲེགས། སྒྲེངས། སྒྲེས། སྒྲོགས། སྒྲོངས། སྒྲོས། བསྒགས། བསྒངས། བསྒུགས། བསྒོངས། བསྒོམས། བསྒོས། བསྒྱངས། བསྒྱིངས། བསྒྲགས། བསྒྲངས། བསྒྲིགས། བསྒྲིབས། བསྒྲིམས། བསྒྲུགས། བསྒྲུངས། བསྒྲུབས། བསྒྲེངས། བསྒྲེས། བསྒྲོགས། བསྒྲོས། སྔགས། སྔངས། སྔས། སྔོགས། སྔོངས། སྔོས། བསྔགས། བསྔངས། བསྔས། བསྔོགས། བསྔོས། སྙགས། སྙིགས། སྙུགས། སྙུངས། སྙེགས། སྙེམས། སྙེས། སྙོགས། སྙོངས། སྙོབས། སྙོམས། བསྙགས། བསྙབས། བསྙམས། བསྙིགས། བསྙུགས། བསྙུངས། བསྙེགས། བསྙེངས། བསྙེམས། བསྙེས། བསྙོགས། སྟངས། སྟབས། སྟིངས། སྟིམས། སྟིས། སྟུངས། སྟེགས། སྟེམས། སྟེས། སྟོངས། སྟོབས། བསྟངས། བསྟབས། བསྟིངས། བསྟིམས། བསྟིས། བསྟུངས། བསྟོངས། སྡིགས། སྡིངས། སྡུམས། སྡུས། སྡེབས། སྡོགས། སྡོངས། སྡོམས། སྡོས། བསྡམས། བསྡིགས། བསྡུམས། བསྡུས། བསྡེབས། བསྡོགས། བསྡོངས། བསྡོམས། བསྡོས། སྣངས། སྣབས། སྣས། སྣུབས། སྣེམས། སྣོགས། སྣོམས། སྣྲུབས། བསྣམས། བསྣུབས། བསྣེམས། བསྣོགས། བསྣོས། སྤགས། སྤངས། སྤབས། སྤུངས། སྤུས། སྤོགས། སྤོངས། སྤོབས། སྤོས། སྤྱངས། སྤྱིངས། སྤྱུགས། སྤྱོམས། སྤྱོས། སྤྲས། སྤྲིངས། སྤྲིབས། སྤྲིས། སྤྲུགས། སྤྲོས། སྦགས། སྦངས། སྦམས། སྦས། སྦུགས། སྦུངས། སྦུབས། སྦོགས། སྦོངས། སྦོམས། སྦོས། སྦྱངས། སྦྱོངས། སྦྲགས། སྦྲབས། སྦྲིབས། སྦྲུས། སྦྲེངས། སྦྲེབས། སྦྲེས། སྦྲོགས། སྨས། སྨུགས། སྨོས། སྨྱུགས། སྨྱུངས། སྨྱོས། སྨྲས། སྨྲོས། སྩོགས། བསྩགས། བསྩངས། སླས། སླུས། སླེབས། སླེས། སློགས། སློངས། སློབས། སློས། བསླངས། བསླབས། བསླུས། བསླེབས། བསློགས།

ར~ར: རྒུར། རྡར། རྡོར། བརྡར། རྣུར། བརྣུར། རྨུར། རྩར་ལྟ་བུ་མགོ་ཅན་དང་མཐའ་རྟེན་འདྲ་མཚུངས་སུ་བསྡེབས་ནས་སྒྲ་མཐུན་པར་གྱུར་པ་ཡིན་ནོ། །

གཞན་སྔོན་འཇུག་དང་མིང་གཞི་འདྲ་མཚུངས་སུ་སྡེབ་པ་དང་། སྔོན་འཇུག་དང་མགོ་ཅན་འདྲ་མཚུངས་སུ་སྡེབ་པ་དང་། འདོགས་ཅན་དང་རྗེས་འཇུག་འདྲ་མཚུངས་སྡེབ་པ། མགོ་འདོགས་འདྲ་མཚུངས་སུ་སྡེབ་ཚུལ་སོགས་ཡིག་སྲོལ་དུ་གཞི་ནས་མཐོང་རྒྱུ་མེད་པ་རྣམས་ངག་སྲོལ་གྱི་གཞི་གདངས་ལའང་གཤིས་སུ་མ་གྲུབ་པའི་རྐྱེན་གྱིས་ཡིན་ནོ། །

༣. ཡི་གེའི་བརྗོད་བདེ་འདྲེན་ཚུལ་ནི་གོང་སྤྲོས་རྟགས་མཚུངས་འདྲེན་ཚུལ་དང་སྒྲ་མཚུངས་འདྲེན་ཚུལ་གཉིས་ཕུད་པའི་གཞི་གདངས་བརྗོད་བདེ་ལྟར་སྦྱར་བ་ཞིག་ཡིན་ལ། བྱེ་བྲག་ཏུ་སྔོན་འཇུག་གི་འཇུག་ཚུལ་དང་རྗེས་འཇུག་གི་འཇུག་ཚུལ་གཉིས་ཡོད་དེ།

(༡)སྔོན་འཇུག་གི་འཇུག་ཚུལ་ལྟར་ན། སྔོན་འཇུག་ཕོ་མོ་དང་ཤིན་ཏུ་མོ་ལ་འཇུག་པ་དང་། མ་ནིང་ཕོ་དང་མོ་དང་ཤིན་ཏུ་མོ་ལ་འཇུག་པ། མོ་མ་ནིང་ལ་འཇུག་པ། ཤིན་ཏུ་མོ་མ་ནིང་ལ་འཇུག་པ་ལྟ་བུར་སྣང་བ་རིམ་པར་དཔེར་བརྗོད་ན།

སྔོན་འཇུག་ཕོ་བ་ཡིག་མིང་གཞི་མོ་ཡིག་ལ་འཇུག་པ་དཔེར་ན། བགོ བགྲོ བརྗོད། བརྗེ། བདེ། བདུད། བརྫངས། བརྫུས། བཞི། བཞེས། བཟི། བཟོ། བཤུས། བཤད། བསུ། བསད་ལྟ་བུ།

སྔོན་འཇུག་ཕོ་བ་ཡིག་མིང་གཞི་ཤིན་ཏུ་མོ་ལ་འཇུག་པ་དཔེར་ན། བསྔོ། བརྔན། བརྙེས། བསྙེན། བསྣུན། བརྣན་ལྟ་བུ།

སྔོན་འཇུག་མ་ནིང་ག་ད་སོ་སོར་མིང་གཞི་ཕོ་ལ་འཇུག་པ་དཔེར་ན། གཅིག གཅོད། གཏུན། གཏོད། གཙང་། གཙིགས་ལྟ་བུ་དང་། ཡང་ན། དཀའ། དཀོན། དཔག དཔོན་ལྟ་བུ།

སྔོན་འཇུག་མ་ནིང་ག་ད་སོ་སོར་མིང་གཞི་མོ་ལ་འཇུག་པ་དཔེར་ན། གདོན། གདུང་། གཞི། གཞུང་། གཟི། གཟུང་། གཡར། གཡོ། གཤེན། གཤེ། གསར། གསོ་ལྟ་བུ་དང་། ཡང་ན། དགེ། དགུ། དབུ། དབེན་ལྟ་བུ།

སྔོན་འཇུག་མ་ནིང་ག་ད་ཤིན་ཏུ་མོ་ལ་འཇུག་པ་དཔེར་ན། གཉེར། གཉིས། གནོན། གནང་ལྟ་བུ་དང་། ཡང་ན། དངུལ། དངངས། དམན། དམུ་ལྟ་བུ།

སྔོན་འཇུག་མོ་འ་མ་ནིང་ལ་འཇུག་པ་དཔེར་ན། འཁོན། འཁུར། འཆི། འཆུས། འཐུ། འཐོར། འཕོ། འཕུར། འཚོ། འཚེ་ལྟ་བུ།

ཤིན་ཏུ་མོ་མ་མ་ནིང་ལ་འཇུག་པ་དཔེར་ན། མཁོ། མཁར། མཆི། མཆན། མཐོ། མཐུ། མཚོ། མཚན་ལྟ་བུ་བཞིན་ནོ། །

(༢)རྗེས་འཇུག་གི་འཇུག་ཚུལ་ལྟར་ན། རྗེས་འཇུག་ཕོ་ཡིག་མིང་གཞི་མོ་དང་མ་ནིང་དང་ཤིན་ཏུ་མོ་དང་མོ་གཤམ་ལ་འཇུག་པ་དང་། མོ་ཡིག་ཕོ་དང་མ་ནིང་ལ་འཇུག་པ། མ་ནིང་ཕོ་དང་མོ་དང་ཤིན་ཏུ་མོ་དང་མོ་གཤམ་ལ་འཇུག་པ་བཅས་སྣང་བ་རིམ་པར་དཔེར་བརྗོད་ན།

རྗེས་འཇུག་ཕོ་ཡིག་མིང་གཞི་མོ་ཡིག་ལ་འཇུག་པ་དཔེར་ན།

~ག ཇག འཇིག དག དུག བག བྲག འཛེག རྫོག ཞག ཞིག ཟག ཟུག འུག འོག ཡག ཡོག ཤག ཤོག སོག སུག་ལྟ་བུ།

~ད། གད། གུད། མཇེད། རྗོད། བོད། འབད། འཛད། མཛོད། ཝད། ཞེད། བཞད། ཟད། ཟུད། འུད། འོད། ཡུད། ཡོད། ཤད། ཤོད། སད། སོད་ལྟ་བུ།

~བ། གབ། གོབ། འཇབ། འཇིབ། དེབ། འདབ། མཛུབ། རྫོབ། ཞིབ། གཞིབ། ཟབ། ཟུབ། འབ། འོབ། ཡབ། ཡིབ། ཤབ། ཤུབ། སབ། སུབ་ལྟ་བུ།

~ས། གས། གོས། འཇས། འཇུས། དུས། དོས། བོས། བུས། མཛེས། རྫས། ཞུས། ཞེས། ཟས། ཟོས། འིས། འོས། ཡས། ཡིས། ཤས། ཤེས་ལྟ་བུ།

རྗེས་འཇུག་ཕོ་ཡིག་མིང་གཞི་མ་ནིང་ལ་འཇུག་པ་དཔེར་ན།

~ག ཁག ཁོག ཆག ཆོག ཐག ཐོག ཕག ཕོག ཚག ཚིག་ལྟ་བུ།

~ད། ཁོད། ཁྱོད། ཆད། ཆོད། ཐད། ཐོད། ཕུད། ཕོད། ཚད། ཚུད་ལྟ་བུ།

~བ། ཁབ། ཁེབ། ཆབ། ཆུབ། ཐབ། ཐོབ། ཕབ། ཕུབ། ཚབ། འཚུབ་ལྟ་བུ།

~ས། ཁས། ཁོས། ཆས། ཆོས། ཐེས། ཐོས། ཕས། ཕོས། ཚེས། ཚོས་ལྟ་བུ།

རྗེས་འཇུག་ཕོ་ཡིག་མིང་གཞི་ཤིན་ཏུ་མོ་ལ་འཇུག་པ་དཔེར་ན།

~ག ངག མངག ཉག ཉོག ནག ནོག མག མོག་ལྟ་བུ།

~ད། ངད། ངེད། ཉིད། ཉོད། ནད། གནོད། མེད། མོད་ལྟ་བུ།

~བ། རྔུབ། སྔབ། ཉབ། ཉོབ། ནུབ། མནབས་ལྟ་བུ།

~ས། ངས། ངོས། ཉོས། གཉིས། ནས། ནུས། མས། མོས་ལྟ་བུ།

རྗེས་འཇུག་ཕོ་ཡིག་མིང་གཞི་མོ་གཤམ་ལ་འཇུག་པ་དཔེར་ན།

~ག རག རིག ལག ལུག ཧྭགས། ཧྲག་ལྟ་བུ།

~ད། རད། རེད། ལད། ལུད། ཧད། ཧོད་ལྟ་བུ།

~བ། རབ། རུབ། ལེབ། ལོབས། ཧབ། ཧུབ་ལྟ་བུ།

~ས། རས། རུས། ལས། ལུས། ཧས། ཧུས་ལྟ་བུ།

རྗེས་འཇུག་མོ་ཡིག་མིང་གཞི་ཕོ་ལ་འཇུག་པ་དཔེར་ན།

~ང་། ཀང་། ཀོང་། ཅབ། ལྕེབ། ཏབ། གཏུབ། པང་། དཔུང་། ཙག ཙུག་ལྟ་བུ།

~མ། ཀུམ། བཀྲམ། བཅམ། བཅོམ། གཏམ། བཏུམ། སྤམ། སྤྱོམ། ཙམ། རྩོམ་ལྟ་བུ།

~འ། དཀའ། བཀའ། བཅའ། གཏའ། དཔའ། བཙའ་ལྟ་བུ།

རྗེས་འཇུག་མོ་ཡིག་མིང་གཞི་མ་ནིང་ལ་འཇུག་པ་དཔེར་ན།

~ང་། ཁང་། ཁོང་། ཆང་། ཆུང་། ཐང་། ཐུང་། ཕང་།
ཕུང་། ཚང་། ཚོང་ལྟ་བུ།

~མ། ཁམ། ཁུམ། ཆམ། ཆོམ། ཐམ། ཐོམ། ཕམ། ཕུམ། ཚམ། ཚོམ་ལྟ་བུ།

~འ། མཁའ། འཆའ། མཐའ་ལྟ་བུ།

རྗེས་འཇུག་མ་ནིང་མིང་གཞི་ཕོ་ལ་འཇུག་པ་དཔེར་ན།

~ན། ཀུན། དཀོན། ཅན། གཅན། ཏོན། གཏུན། དཔོན། སྤུན། བཙན། བཙོན་ལྟ་བུ།

~ར། དཀར། ཀོར། ཅར། ཅོར། ཏར། སྟེར། པར། སྤོར། ཙར། ཙོར་ལྟ་བུ།

~ལ། ཀོལ། ཀྱལ། ཅལ། ཅོལ། ཏལ། ཏོལ། སྤེལ། དཔྲལ། བཙལ། རྩོལ་ལྟ་བུ།

རྗེས་འཇུག་མ་ནིང་མིང་གཞི་མོ་ལ་འཇུག་པ་དཔེར་ན།

~ན། གན། གོན། འཇོན། རྗེན། དན། དོན། བན། བོན། འཛན། འཛིན། ཞན། ཞོན། ཟན། ཟོན། འན། འོན། ཡན། ཡོན། ཤན། ཤུན། སུན། སོན་ལྟ་བུ།

~ར། གར། གོར། འཇར། འཇོར། དར། དོར། བར། བོར། འཛར། འཛེར། ཞར། ཞོར། ཟེར། ཟུར། འར། འུར། ཡར། ཡོར། ཤར། ཤོར། སར། སོར་ལྟ་བུ།

~ལ། གལ། གོལ། འཇལ། འཇོལ། དལ། དོལ། བལ། བུལ། འཛུལ། འཛོལ། ཝལ། ཝོལ། ཞལ། ཞོལ། ཟལ། ཟོལ། འལ། འོལ། ཡལ། ཡོལ། ཤལ། ཤོལ། སལ། སོལ་ལྟ་བུའོ། །

རྗེས་འཇུག་མ་ནིང་མིང་གཞི་ཤིན་ཏུ་མོ་ལ་འཇུག་པ་དཔེར་ན།

~ན། ངན། ངོན། ཉན། ཉོན། མན། མོན་ལྟ་བུ།

~ར། ངར། ངུར། ཉར། ཉོར། ནར། ནོར། མར། མུར་ལྟ་བུ།

~ལ། ངལ། དངུལ། ཉལ། ཉོལ། ནལ། ནོལ། མལ། མོལ་ལྟ་བུ།

རྗེས་འཇུག་མ་ནིང་མིང་གཞི་མོ་གཤམ་ལ་འཇུག་པ་དཔེར་ན།

~ན། རན། རིན། ལན། ལོན། ཧན། ཧོན་ལྟ་བུ།

~ར། ལར། ལོར། ཧར། ཧོར་ལྟ་བུ།

~ལ། རལ། རོལ། ཧལ། ཧོལ་ལྟ་བུ།

གོང་གསལ་གྱི་རྗེས་འཇུག་ཕོ་ཡིག་མིང་གཞི་མོ་ཡིག་ལ་འཇུག་པ་ལས་གག་དང་གུག དད་དང་དོད། བབ་དང་བབས། སུས་དང་སོས་ལྟ་བུ་དང་། རྗེས་འཇུག་མ་ནིང་མིང་གཞི་ཤིན་ཏུ་མོ་ལ་འཇུག་པ་ལས་ནན་དང་ནོན། རྗེས་འཇུག་མ་ནིང་མིང་གཞི་མོ་གཤམ་ལ་འཇུག་པ་ལས་རེར་དང་རུར་ལྟ་བུ་སྒྲ་མཚུངས་འདྲེན་ཚུལ་དུ་སྣང་ཕྱིར། འདིར་བརྗོད་བདེ་འདྲེན་ཚུལ་གྱི་སྐབས་སུ་མ་དྲངས་ཀྱང་། གང་ལྟར་སྒྲ་མཐུན་སྦྱོར་གྱི་ཁོངས་ལས་འདས་མེད་པ་ཀུན་ནས་ཤེས་སླའོ། །

གཉིས། མིང་གི་སྤེལ་སྟངས་ཀྱི་སྒྲ་གདངས་མཐུན་པར་སྤེལ་ཚུལ།

སྤྱིར་མིང་གི་སྤེལ་ལུགས་ལ་དོན་གྱི་ཐད་ནས་འདོད་རྒྱལ་དང་རྗེས་སྒྲུབ་ཇི་སྙེད་ཅིག་སྣང་ན་ཡང་།

སྐད་ཆའི་གཞི་གདངས་ཀྱི་གོམས་པའི་ཁྱེར་ལུགས་སུ་མིང་སྦྱོར་གྱི་སྒྲ་གདངས་མཐུན་པར་སྤེལ་ཚུལ་ཞིག་ཀྱང་ལྡན་ལ། དེ་ལས་ཚེག་ཁྱིམ་གཅིག་གི་གྲུབ་ཚུལ་རྣམས་གོང་དུ་བཤད་ཟིན་ལྟར་ལགས་ལ། ཚེག་ཁྱིམ་གསུམ་ཅན་དང་བཞི་ཅན་གྱི་གྲུབ་ཚུལ་སོགས་གྲངས་ཚད་ཉུང་ལ་ཕལ་ཆེ་བ་ཚེག་ཁྱིམ་གཅིག་ཅན་དང་གཉིས་ཅན་གྱི་རྨང་གཞིའི་སྟེང་དུ་གྲུབ་པས་ན། འདིར་ཚེག་ཁྱིམ་གཉིས་ཅན་གཙོར་བཟུང་ནས་བརྗོད་པ་ལ་ཚེག་ཁྱིམ་སྔ་ཕྱི་དག་གི་སྒྲའི་སྡེབ་སྟངས་དང་ཕན་ཚུན་ལ་ཤན་ཞུགས་ཚུལ་མི་འདྲ་བ་ལས་རྟགས་མཚུངས་འདྲེན་པ་དང་། སྒྲ་མཚུངས་འདྲེན་པ། བརྗོད་བདེ་འདྲེན་ཚུལ་ཇི་སྙེད་ཀྱི་སྒོ་ནས་སྒྲ་གདངས་མཐུན་པར་འགྱུར་བཞིན་ཡོད་དེ།

༡. མིང་སྦྱོར་གྱི་རྟགས་མཚུངས་འདྲེན་ཚུལ་ནི་མིང་གི་གྲུབ་ཆའི་ཚེག་ཁྱིམ་སྔ་ཕྱི་དག་གི་མིང་གཞི་འཕུལ་རྟེན་སོགས་ཀྱི་རྟགས་འདྲ་མཚུངས་སུ་བསྡེབས་ནས་གཞི་གདངས་མཐུན་པར་གྱུར་པ་རྣམས་ཡིན་ཏེ། འདིར་རྣམ་གསལ་གྱི་དཔེ་ཙམ་བཀོད་ན།

(༡)མིང་གི་གྲུབ་ཆ་ཚེག་ཁྱིམ་སྔ་ཕྱི་དག་གི་མིང་གཞིའི་རྟགས་མཚུངས་འདྲེན་ཚུལ་ལྟར་ན།

ལྟ་བུ་ཚེག་ཁྱིམ་སྔ་ཕྱི་དག་གི་མིང་གཞི་ཀ་ཅ་ཏ་པ་ཙ་སོ་སོར་ཕོ་ཡིག་རང་དང་རྟགས་མཚུངས་སུ་བསྡེབས་པའམ་ཡང་ན་ཕོ་ཡིག་གཞན་དང་རྟགས་མཚུངས་སུ་སྦྱར་ནས་སྒྲ་རྩོལ་དྲག་པ་ཙམ་དུ་མཐུན་པར་སྤེལ་ཡོད་པ་དང་། ཡང་དཔེར་ན།

ལྟ་བུ་ལས་ཚེག་ཁྱིམ་སྔ་ཕྱི་དག་གི་མིང་གཞི་ཁ་ཆ་ཐ་ཕ་ཚ་སོ་སོར་མ་ནིང་རང་དང་རྟགས་མཚུངས་པར་བསྡེབས་པའམ་ཡང་ན་མ་ནིང་གི་ཡི་གེ་གཞན་དང་རྟགས་མཚུངས་སུ་སྦྱར་ནས་སྒྲ་རྩོལ་བར་མ་རུ་མཐུན་པར་སྤེལ་བ་དང་། ཡང་དཔེར་ན།

ལྟ་བུ་ལས་མིང་གཞི་མོ་ཡིག་ཝ་མ་གཏོགས་གཞན་རྣམས་མིང་གང་གི་ཚེག་ཁྱིམ་སྔ་ཕྱིའི་ཁྲོད་དུ་སོ་སོར་མོ་ཡིག་རང་ནི་རང་དང་རྟགས་མཚུངས་སུ་བསྡེབས་པའམ་ཡང་ན་མོ་ཡིག་གཞན་དང་རྟགས་མཚུངས་སུ་བསྡེབས་ནས་སྒྲ་རྩོལ་ཞན་པ་ཙམ་དུ་མཐུན་པར་སྦྱར་བ་དང་། ཡང་དཔེར་ན།

ལྟ་བུ་མིང་གང་རུང་གི་ཚེག་ཁྱིམ་སྔ་ཕྱི་དག་གི་མིང་གཞི་ཤིན་ཏུ་མོ་ང་ཉ་ན་མ་བཞི་བོ་སོ་སོར་ནང་ཁུལ་དུ་རང་དང་རྟགས་མཚུངས་སུ་བསྡེབས་པའམ་ཡང་རང་ཉིད་ཤིན་ཏུ་མོ་གཞན་དང་རྟགས་མཚུངས་སུ་བསྡེབས་ནས་སྒྲ་རྩོལ་ཤིན་ཏུ་ཞན་པའི་ཆ་ནས་མཐུན་པར་སྦྱར་བ་དང་། ཡང་དཔེར་ན།

ལྟ་བུ་མིང་གང་གི་ཚེག་ཁྱིམ་སྔ་ཕྱིའི་ཁྲོད་དུ་མིང་གཞི་མོ་གཤམ་ར་ལ་ཧ་སོ་སོར་རང་དང་རྟགས་མཚུངས་སུ་བསྡེབས་པའམ་ཡང་ན་རང་ཉིད་གཞན་དང་རྟགས་མཚུངས་སུ་བསྡེབས་ནས་སྒྲ་རྩོལ་ཤིན་ཏུ་ཞན་པ་ལས་ཀྱང་ཞན་པར་མཐུན་པར་སྦྱར་བ་སོགས་མང་པོ་མཐོང་དུ་ཡོད་ཀྱང་འདིར་རེའུ་མིག་ཏུ་མཚོན་བྱེད་ཙམ་བཀོད་པ་ལགས་སོ། །

(༢)མིང་གི་གྲུབ་ཆ་ཚེག་ཁྱིམ་སྔ་ཕྱི་དག་གི་སྔོན་འཇུག་གི་རྟགས་མཚུངས་འདྲེན་ཚུལ་ལྟར་ན།

བ~བ། བཟང་བསྟོད། བཀའ་བསྒོ། བཟའ་བཏུང་། བཀུར་བཟོ། བཀྲུ་བཤལ། བགོ་བཤའ། བཟོ་བཀོད་ལྟ་བུ་ཚེག་ཁྱིམ་སྔ་ཕྱི་གཉིས་ཀྱི་སྔོན་འཇུག་ཕོ་བ་ཡིག་རྟགས་མཚུངས་སུ་སྦྱར་བ་དང་། ཡང་དཔེར་ན།

ལྟ་བུ་ལས་ཚེག་ཁྱིམ་སྔ་ཕྱི་གཉིས་ཀྱི་སྔོན་འཇུག་མ་ནིང་ག་ད་གཉིས་སོ་སོར་མ་ནིང་རང་དང་གཞན་དུ་བསྡེབས་ནས་སྒྲ་རྩོལ་བར་མ་རུ་མཐུན་པར་སྦྱར་བ་དང་། ཡང་དཔེར་ན།

འ~འ། འཆུན་འདོམས། འགོ་འཛིན། འཁོན་འཛིན། འཆར་འགོད། འཇམ་འཆགས། འཁོན་འབར་ལྟ་བུ་ལས་མིང་གང་གི་ཚེག་ཁྱིམ་སྔ་ཕྱི་གཉིས་ཀྱི་སྔོན་འཇུག་འ་མོ་ཡིག་སྒྲ་ཤུགས་ཞན་པར་རྟགས་མཚུངས་སུ་སྦྱར་བ་དང་། ཡང་དཔེར་ན།

མ~མ། མཛའ་མཐུན། མཁའ་མཉམ། མངོན་མཐོ། མཆོད་མཇལ། མཇུག་མཐུད། མཛུབ་མཐོ་ལྟ་བུ་ལས་མིང་གང་གི་ཚེག་ཁྱིམ་སྔ་ཕྱི་དག་གི་སྔོན་འཇུག་ཤིན་ཏུ་མོ་མ་ཡིག་སྒྲ་ཤུགས་ཤིན་ཏུ་ཞན་པར་རྟགས་མཚུངས་སུ་སྦྱར་བ་རྣམས་མིང་གི་གྲུབ་ཆའི་ཚེག་ཁྱིམ་སྔ་ཕྱི་དག་གི་སྔོན་འཇུག་གི་སྒྲ་མཐུན་པར་སྦྱོར་ཚུལ་ཡིན་ནོ། །

(༣)མིང་གི་གྲུབ་ཆ་ཚེག་ཁྱིམ་སྔ་ཕྱི་དག་གི་རྗེས(ཡང)འཇུག་གི་རྟགས་མཚུངས་འདྲེན་ཚུལ་ལྟར་ན།

ལྟ་བུ་མིང་གང་གི་གྲུབ་ཆའི་ཚེག་ཁྱིམ་སྔ་ཕྱི་དག་གི་རྗེས་འཇུག་ག་ད་བ་ས་བཞི་བོ་སོ་སོར་རང་དང་རྟགས་མཚུངས་སུ་བསྡེབས་པའམ་ཡང་ན་གཞན་དང་རྟགས་མཚུངས་སུ་བསྡེབས་ནས་རྗེས་འཇུག་གི་སྒྲ་ཤུགས་དྲག་པར་མཐུན་པར་སྦྱར་བ་དང་། ཡང་དཔེར་ན།

ལྟ་བུ་ལས་མིང་གི་གྲུབ་ཆའི་ཚེག་ཁྱིམ་སྔ་ཕྱིའི་རྗེས་འཇུག་མོ་ཡིག་ང་མ་འ་གསུམ་སོ་སོར་མོ་ཡིག་རང་དང་ཡང་ན་གཞན་དང་རྟགས་མཚུངས་སུ་བསྡེབས་ནས་སྒྲ་ཤུགས་ཞན་པར་མཐུན་པར་སྦྱར་བ་དང་། ཡང་དཔེར་ན།

ལྟ་བུ་ལས་མིང་གི་གྲུབ་ཆ་ཚེག་ཁྱིམ་སྔ་ཕྱི་དག་གི་རྗེས་འཇུག་མ་ནིང་ན་ར་ལ་སོ་སོར་རང་དང་རྟགས་མཚུངས་སུ་བསྡེབས་པའམ་ཡང་ན་མ་ནིང་གཞན་དང་རྟགས་མཚུངས་སུ་བསྡེབས་ནས་སྒྲ་རྩོལ་རན་པར་མཐུན་པར་སྦྱར་བ་རྣམས་མིང་གི་གྲུབ་ཆའི་ཚེག་ཁྱིམ་སྔ་ཕྱི་དག་གི་རྗེས་འཇུག་གི་རྟགས་ཉེ་མཚུངས་སུ་སྦྱར་ནས་སྒྲ་མཐུན་པར་སྤེལ་བ་ལགས་སོ། །

(༤)མིང་གི་གྲུབ་ཆ་ཚེག་ཁྱིམ་སྔ་ཕྱི་དག་གི་རྗེས(ཡང)འཇུག་དང་མིང་གཞིའི་རྟགས་མཚུངས་འདྲེན་ཚུལ་ལ་བྱེ་བྲག་ཏུ་མིང་བྱིངས་འདྲེན་ཚུལ་དང་མིང་མཐའ་འདྲེན་ཚུལ་གཉིས་སྣང་ཞིང་། ཚུལ་ཇི་ལྟར་འདྲེན་ཚུལ་ལ་རྩ་བ་ལས། ཕོ་ཡིས་ཕོ་ཡི་མིང་མཐའ་དྲང་། ། མོ་ཡིས་མོ་ཡི་མིང་མཐའ་དྲང་། ། མ་ནིང་གིས་ནི་མ་ནིང་ངོ་། ། ཞེས་བསྟན་པ་བཞིན་དུ་སྣང་བ་དཔེར་ན།

ལྟ་བུ་ཚེག་ཁྱིམ་སྔ་མའི་རྗེས་འཇུག་ཕོ་ཡིག་ག་ད་བ་ས་བཞིའི་མཐར་ཕྱི་མའི་མིང་བྱིངས་ཀྱི་མིང་གཞི་ཕོ་ཡིག་ཀ་ཅ་ཏ་པ་ཙ་ལྔ་རྟགས་མཚུངས་པར་དྲངས་ཡོད་པ་དང་། ཡང་དཔེར་ན།

ལྟ་བུ་ཚེག་ཁྱིམ་སྔ་མའི་རྗེས་འཇུག་ཕོ་ཡིས་ཕྱི་མ་ཕོ་མིང་མཐར་དྲངས་ནས་སྒྲ་མཐུན་པར་གྲུབ་ཡོད་པ་དང་། དེ་བཞིན་དུ་མོས་མོ་འདྲེན་ཚུལ་ལྟར་ནའང་།

ང→ག གཞུང་འགྲེལ། གཡང་སྒམ། ནང་གྲོས།

→ཇ། དགུང་ཇ། ཡང་འཇུག སྙིང་རྗེ།

→ད། རང་དོན། གསང་བདག ནང་དོན།

→བ། བརྗེད་བྱང་། ཆེད་འབུལ། བརྒྱུད་འབྲས།

→ཛ། རྐང་འཛིན། གུང་མཛུབ། ཆུང་འཛིན།

→ཞ། རང་བཞིན། ཁྱུང་ཞག རང་གཞན།

→ཟ། ཉུང་ཟད། རང་བཟོ། འཆང་བཟུང་།

→འ། གོང་འོག ལོང་འོན། སྟེང་འོག

→ཡ། རང་ཡུལ། སྐུང་ཡིག གོང་ཡོག

→ཤ གཡང་ཤ སྡོང་ཤུན། རང་གཤིས།

→ས། ཤིང་སྲིན། རང་སྲོག གྲོང་གསེབ།

→ང་། ལྗང་སྔོན། གསང་སྔགས། ཡང་གསང་།

→ཉ། མང་ཉུང་། གཞུང་གཉེར། ཡང་སྙིང་།

→ན། རང་ནོར། གསང་གནད། ཤིང་སྣོད།

→མ། ཤིང་སྨན། སྙིང་མེད། རང་མོས།

→ར། བྱུང་རབས། གསུང་རབ། གོང་རོལ།

→ལ། ཤིང་ལོ། དབང་ལུང་། བྱང་ལམ།

→ཧ། རྐང་ལྷམ། གདོང་ལྷགས། གྲང་ལྷགས།

མ→ག ལམ་གོལ། སྲམ་གོང་། ཁྱིམ་རྒྱུད།

→ཇ། སྙོམ་འཇུག ཁྲམ་ཇག ནམ་མཇུག

→ ད། བསམ་དོན། བཅོམ་ལྡན། ལམ་མདོ།

→བ། སྣོམ་བྱེད། སྒམ་སྦུད། ཁྱིམ་བྱ།

→ཛ། འཛེམ་འཛི། ཧམ་འཛིན། གཤམ་འཛར།

→ཞ། ཁྱིམ་གཞི། སྣུམ་ཞག ཉམ་ཞན།

→ཟ། རྔམ་ཟིལ། སུམ་ཟུར། འཇིམ་བཟོ།

→འ། ལམ་འོག གནམ་འོད། ནམ་འོག

→ཡ། བསམ་ཡས། རྣམ་གཡེང་། ནམ་ཡང་།

→ཤ རྫམ་ཤིང་། རྣམ་ཤེས། གསོམ་ཤིང་།

→ས། ལམ་སང་། གོམས་སྲོལ། ཁྲོམ་གསེབ།

→ང་། ལམ་ངན། འགྲམ་ངོགས། གཏམ་ངན།

→ཉ། ཁྱིམ་རྙིང་། འདམ་རྙོག འཇམ་མཉེན།

→ན། ལམ་ནག ཁྱིམ་ནོར། ལམ་སྣ།

→མ། འཛུམ་དམུལ། ཁྲོམ་མི། འདམ་མྱགས།

→ར། འཁྱམ་ར། ལམ་རོགས། འབུམ་རམས།

→ལ། འཆམ་ལྭ། ལམ་ལོག སུམ་ལོག

→ཧ། གྲམ་ཧྲུག གྲིམ་ལྷོད། ལམ་ལྷོང་།

འ→ག བཀའ་རྒྱ། མཁའ་འགྲོ། དགའ་མགུ།

→ཇ། མཐའ་མཇུག མདའ་འཇོམས། མཐའ་འཇགས།

→ད། བཀའ་དྲིན། མཁའ་ལྡིང་། དཀའ་སྡུག

→བ། བཀའ་བློན། དགའ་བྲོད། བཀའ་བམ།

→ཛ། བཀའ་འཛིན། གནའ་རྫས། མདའ་འཛིན།

→ཞ།མངའ་གཞིས། དགའ་ཞེན། མངའ་ཞབས།

→ཟ། མདའ་བཟོ། བཅའ་ཟམ། མདའ་ཟ།

→འ། དགའ་འུར། མངའ་འོག འཇའ་འོད།

→ཡ། མཁའ་གཡུགས། བཀའ་ཡིག མཐའ་ཡས།

→ཤ བཀའ་ཤོག འགའ་ཤས། མདའ་ཤུབས།

→ས། དགའ་སེམས། བཀའ་སྲུང་། དགའ་བསུ།

→ང་། མདའ་ལྔ། དཀའ་ངལ། དཔའ་ངར།

→ཉ། བཀའ་ཉན། དཀའ་ཉེན། དགའ་ཉེ།

→ན། མཁའ་ནོར། དགའ་སྣང་། དཀའ་གནད།

→མ། མཁའ་དམག བཀའ་མོལ། གཉའ་དམས།

→ར། དགའ་རོགས། མངའ་རིས། དགའ་རབ།

→ལ། མཁའ་ལམ། བཀའ་ལུང་། དཀའ་ལས།

ལྟ་བུ་ཚེག་ཁྱིམ་སྔ་མའི་རྗེས་འཇུག་མོ་ཡིག་ང་མ་འ་སོ་སོས་ཕྱི་མའི་མིང་བྱིངས་ཀྱི་མིང་གཞི་མོ་ཡིག་ག་སོགས་དྲངས་པ་དང་། ཡང་དཔེར་ན།

ང→ ག མཐིང་ག མཐོང་ག གླིང་ག

→བ། འབྱུང་བ། རྐང་བ། བཟང་བ།

→ས། བཟང་ས། བསྐུང་ས། རོང་ས།

→ང་། ཟུང་ང་། རོང་ང(པ)། བཟང་ང(པོ)།

→མ། གདུང་མ། དགོང་མོ། སྲུང་མ།

→ར། སྙིང་རོ། གྱོང་ར། འཁང་ར།

མ→ ག ཐམ་ག འདེམ་ག གསུམ་ག

→བ། སྣམ་བུ། ཁྱེམ་བུ། ཚོམ་བུ།

→ས། རློམ་ས། གཏམ་སོ། བཏུམ་ས།

→མ། ལྕམ་མོ། སྦྲུམ་མ། རེམ་མ།

→ར། ཁྲོམ་ར། འགྱམ་ར། སྦོམ་ར།

འ→ ག མཐའ་ག འདའ་ག་མ།

→བ། གཉའ་བོ། གནའ་བ། དཔའ་བོ།

→ས། དཀའ་ས། དགའ་ས། བདའ་སོ།

→མ། བཙའ་མ། དམའ་མོ། གཏའ་མ།

→ར། དམའ་ར། གཟའ་རོ། འགའ་རེ།

ལྟ་བུ་ཚེག་ཁྱིམ་སྔ་མའི་རྗེས་འཇུག་མོ་ཡིག་ང་མ་འ་གསུམ་གྱི་མཐར་མིང་མཐའི་མོ་ཡིག་ག་སོགས་དྲངས་ནས་སྒྲ་མཐུན་པར་གྱུར་ཡོད་དོ། །

(༥)མིང་གི་གྲུབ་ཆ་ཚེག་ཁྱིམ་སྔ་ཕྱི་དག་གི་རྗེས(ཡང)འཇུག་དང་སྔོན་འཇུག་གི་རྟགས་མཚུངས་འདྲེན་ཚུལ་ལྟར་ན།

ག(ས)→ བ། ཁག་བགོ ཆིག་བརྒྱུད། ཁྲག་བཤལ། གློག་བཞུ། བསྔགས་བརྗོད། འཇིག་བསྐལ།

ད→ བ། མཆོད་བཤམས། རྒྱུད་བཞི། འགྱོད་བཤགས། ཆེད་བཙུགས། སྙད་བརྐོ། ནད་བདག

བ(ས)→ བ། ཁབ་བཙའ། ཁྱབ་བསྒྲགས། སྟོབས་བཅུ། ཐབ་བསུ། འདབ་བརྒྱ། ནུབ་བལྟ།

ས→ བ། སྤུས་བརྗེ། བས་བལྡགས། བློས་བསླང་། སྦས་བསྐུངས། རྩིས་བཤེར། ཚོས་བཅད་ལྟ་བུ་ཚེག་ཁྱིམ་སྔ་མའི་རྗེས་འཇུག་ཕོ་ཡིག་ག་ད་བ་ས་བཞིའི་མཐར་ཚེག་ཁྱིམ་ཕྱི་མའི་སྔོན་འཇུག་ཕོ་ཡིག་བ་དྲངས་ནས་སྒྲ་མཐུན་པར་སྤེལ་བ་དང་། ཡང་དཔེར་ན།

ང→འ། ཕང་འགྲོ བྱང་འབྲོག འཕུང་འདྲེ།

→མ། སྤང་མཚེ། དཔུང་མགོ མིང་མཐའ།

མ→ འ། གོམ་འགྲོས། རྩོམ་འཕྲོ། ཁྱིམ་འཕོ།

→མ། ཁྱིམ་མཚེས། འཇམ་མགོན། འཆམ་མཐུན།

འ→ འ། འཇའ་འདེགས། མཁའ་འགྲོ། གཟའ་འཁོར།

→མ། དགའ་མདོག མཁའ་མཉམ། བཀའ་མགྲོན ལྟ་བུ་ཚེག་ཁྱིམ་སྔ་མའི་རྗེས་འཇུག་མོ་ཡིག་ང་མ་འ་གསུམ་གྱི་མཐར་ཚེག་ཁྱིམ་ཕྱི་མའི་སྔོན་འཇུག་མོ་འ་དང་ཤིན་ཏུ་མོ་མ་དྲངས་ནས་སྒྲ་མཐུན་པར་གྱུར་པ་དང་། ཡང་དཔེར་ན།

ན→ག རྒྱུན་གཟན། གཅན་གཟན། སྙན་གཏམ།

→ ད། མངོན་དགའ། ཉིན་དགུང་། སྙན་དངགས།

ར→ག སྒེར་གཉེར། དཀར་གསལ། གཏེར་གནས།

→ ད། ཁྱུར་དགའ། སྒེར་དབང་། དར་དཔྱངས།

ལ→ག གྲལ་གསེང་། ངལ་གསོ། བཅོལ་གདམས།

→ད། བྲེལ་དབང་། གསོལ་དཔོན། གཞལ་དཔག

ལྟ་བུ་ཚེག་ཁྱིམ་སྔ་མའི་རྗེས་འཇུག་ན་ར་ལ་གསུམ་མ་ནིང་གི་མཐར་ཚེག་ཁྱིམ་ཕྱི་མའི་སྔོན་འཇུག་མ་ནིང་ག་ད་གཉིས་དྲངས་ནས་རྟགས་མཚུངས་པར་བསྡེབས་པ་རྣམས་མིང་སྦྱོར་གྱི་སྒྲ་མཐུན་པར་སྦྱོར་ཚུལ་བྱེ་བྲག་ཅིག་གོ །

༢. མིང་སྦྱོར་གྱི་སྒྲ་མཚུངས་འདྲེན་ཚུལ་ནི་གོང་གི་རྟགས་མཚུངས་འདྲེན་ཚུལ་ལས་ཀྱང་མིང་གང་གི་ཚེག་ཁྱིམ་སྔ་ཕྱི་དག་གི་སྒྲ་རྫས་ཕལ་ཆེ་བ་འདྲ་མཚུངས་སུ་སྡེབ་པའམ་ཡང་ན་ཟློས་སྒྲའི་ཚུལ་གྱིས་མིང་རང་གི་ནང་ཁུལ་དུ་སྒྲ་མཐུན་པར་གྱུར་པ་རྣམས་ཡིན་ཏེ། བྱེ་བྲག་ཟློས་ཚུལ་ལྟར་ན།

(༡)ཚེག་ཁྱིམ་གཉིས་ཅན་ལ་ནང་གསེས་སུ་ཀ་ཀ་དང་། ཀ་ཀི། ཀ་ཀུ། ཀ་ཀེ། ཀ་ཀོ་ཞེས་པའི་ཟློས་ཚུལ་ལྔ་ཙམ་སྣང་སྟེ་རིམ་པར་དཔེར་ན།

ཀ་ཀ ཀྲབ་ཀྲབ། ཅག་ཅག ཅབ་ཅབ། ཏག་ཏག ཙབ་ཙབ། ཀི་ཀི ཀྲིག་ཀྲིག ལྕིག་ལྕིག ཏི་ཏི། ཏིང་ཏིང་།

ཏྲི་ཏྲི། པི་པི། ཙི་ཙི། ཀུ་ཀུ ཀྱུག་ཀྱུག ཀྲུ་ཀྲུ། ཀྲུང་ཀྲུང་།
ཀྱུར་ཀྱུར། ཀྱུག་ཀྱུག ལྕུག་ལྕུག ཏུག་ཏུག ཏྲུག་ཏྲུག ཙུག་ཙུག ལྟེམ་ལྟེམ། པྲེང་པྲེང་། ཙེ་ཙེ། ཀྱོག་ཀྱོག ཀྲོག་ཀྲོག ཙོང་ཙོང་། ཏོག་ཏོག པོ་པོ་ལྟ་བུ།

ཀ་ཀི ཙག་ཙིག པྲག་པྲིག རྩག་རྩིག ཚང་ཚིང་།

ཟང་ཟིང་། རབ་རིབ། ཆལ་ཆིལ། ཧྲབ་ཧྲིབ། ཉལ་ཉིལ། རྙང་རྙིང་། རྙབ་རྙིབ། སྙགས་སྙོགས།

ཀ་ཀུ ཅས་ཅུས། ཙབ་ཙུབ། ཁམ་ཁུམ། གྱ་གྱུ། ཚབ་ཚུབ། ར་རུ། ཧྲལ་ཧྲུལ། ལྡར་ལྡུར། ཆང་ཆུང་། ཉང་ཉུང་། ཐན་ཐུན། ཟར་ཟུར།

ཀ་ཀེ ལྡག་ལྡེག ཧ་ཧེ། ལྡམ་ལྡེམ། ནར་ནེར། ཉར་ཉེར། བྱ་བྱེའུ། མ་མེས། ཟར་ཟེར། སང་སེང་།

ཀ་ཀོ ཀར་ཀོར། ཀྱག་ཀྱོག ཀྱར་ཀྱོར། ལྐག་ལྐོག ཅབ་ཅོབ། ལྕང་ལྕོང་། ཅ་ཅོ། ཅལ་ཅོལ། ཀླ་ཀློ ཀབ་ཀོབ། ཏབ་ཏོབ། ཚམ་ཚོམ། ཧན་ཧོན། ནར་ནོར། གཅང་གཅོང་།

ཉབ་ཉོབ། ཐམ་ཐོམ་ལྟ་བུ་ཚེག་ཁྱིམ་སྔ་ཕྱི་དག་གི་མིང་གཞི་དང་འཕུལ་རྟེན་རྣམས་རྟགས་མཚུངས་སུ་བསྡེབས་པ་ལས་ཀྱང་སྐབས་འགར་མགོ་འདོགས་དང་བཅས་པ་བསྐྱར་མར་ཟློས་ནས་སྒྲ་མཐུན་པར་སྦྱར་བ་བཞིན་ལགས་སོ། །

(༢)ཚེག་ཁྱིམ་གསུམ་ཅན་ལ་ནང་གསེས་སུ་ཀ་ཀ་ཁ་དང་། ཀ་ཁ་ཁ། ཀ་ཁ་ཀཱ། ཀ་ཀ་ཀ་ཞེས་པའི་ཟློས་ཚུལ་གསུམ་ཙམ་སྣང་སྟེ་དཔེར་ན།

ཀ་ཀ་ཁ། ཧད་ཧད་པོ། ནེམ་ནེམ་པ། ལྟར་ལྟར་པོ། པི་པི་ལང་། ཀེ་ཀེ་རུ། ཧུད་ཧུད་པོ། ནར་ནར་པོ། ཡ་ཡ་བོ། ཡུད་ཡུད་པ་ལྟ་བུ་ཚེག་ཁྱིམ་སྔ་མ་ཟློས་པ་དང་། ཡང་ན།

ཀ་ཁ་ཁ། ཀྱུ་རུ་རུ། འུར་རུ་རུ། ལྡིར་རུ་རུ། སིལ་ལི་ལི། འཁྲོལ་ལོ་ལོ། གར་ཐོད་ཐོད། ཚ་འུར་འུར། ཚ་ལུམ་ལུམ། ཧྲ་ཐང་ཐང་། ཨ་ཅང་ཅང་། འཛུམ་དམུལ་དམུལ། ཝ་གྲོ་གྲོ། འུར་དིར་དིར། གང་ཐོན་ཐོན། གང་སྔ་སྔ། སྙིང་རྗེ་རྗེ། འདར་ར་ར། ཨ་ཙི་ཙི་ལྟ་བུ་ཚེག་ཁྱིམ་ཕྱི་མ་ཟློས་པ་དང་། ཡང་ན།

ཀ་ཁ་ཀཱ ལྷབས་སེ་ལྷབ། སིངས་སེ་སིང། ལྟེམས་སེ་ལྟེམ། ཀྲབས་སེ་ཀྲབ། ལམས་སེ་ལམ། ལང་མ་ལིང་། ལྡང་མ་ལྡིང་། ཡལ་མ་ཡོལ་ལྟ་བུ་དང་། སྐབས་འགར་ཁ་སྐད་དུ།

ཀ་ཀ་ཀ སིང་སིང་སིང་། གྱགས་གྱགས་གྱགས། ཧྲིག་ཧྲིག་ཧྲིག་ཅེས་སོགས་སྣང་བ་ཚེག་ཁྱིམ་གསུམ་ཅན་གྱི་ཟློས་ཚུལ་ལོ། །

(༣)ཚེག་ཁྱིམ་བཞི་ཅན་ལ་ནང་གསེས་སུ་ཆེས་རྒྱུགས་ཆེ་ཀ་ཀ་ཁ་ཁ་དང་། ཀ་ཁ་ག་ཁ། ཀ་ཁ་ཀ་ག་ཞེས་པའི་ཟློས་ཚུལ་གསུམ་སྟེ་དཔེར་ན།

ཀ་ཀ་ཁ་ཁ། དགའ་དགའ་སྤྲོ་སྤྲོ། འུར་འུར་ཆེམ་ཆེམ། འཚམ་འཚམ་བདེ་བདེ། ཚ་ཚ་འུར་འུར། ཚེ་ཚེ་རབས་རབས། ས་ས་མལ་མལ། འུར་འུར་ཆིལ་ཆིལ། ཏན་ཏན་ཏིག་ཏིག ཧ་ཧ་ཧེ་ཧེ། ནེམ་ནེམ་ལིང་ལིང་། གཟབ་གཟབ་ནན་ནན། ཀི་ཀི་བསྭོ་བསྭོ་ལྟ་བུ་དང་། ཡང་ན།

ཀ་ཁ་ག་ཁ། འན་ནེ་འོན་ནེ། ཟང་ངི་ཟིང་ངི་། འ་རི་འུ་རི། ཡམ་མེ་ཡོམ་མེ། ལམ་མི་ལུམ་མི། རབ་བེ་རིབ་བེ། ཀ་བེ་ཀོབ་བེ། ཡང་སྐོར་བསྐྱར་སྐོར། ཡང་ངེ་ཡེང་ངེ། ལ་དགུ་ལུང་དགུ། ལང་ངེ་ལོང་ངེ་། ལྷག་གེ་ལྷོག་གེ གྱ་གེ་གྱོག་གེ རྫབ་བེ་རྫུབ་བེ། ཡ་ལེ་ཡོ་ལེ། ཟླ་རེ་ངོ་རེ། ཨ་ལོང་ཡང་ལོང་། ཤ་རྩིད་རྒོ་རྩིད། ཀུ་ཅོ་ཅ་ཅོ། ཨ་ལ་པ་ལ། ཨ་ཧྲུག་ཅ་ཧྲུག ཨཱ་ལི་ཀཱ་ལི་ལྟ་བུ་དང་། ཡང་དཔེར་ན།

ཀ་ཁ་ཀ་ག ཇི་མ་ཇི་བཞིན། གང་ཆེ་གང་དྲག ཀྱེ་མ་ཀྱེ་ཧུད། ག་ཕྱི་ག་ལོག ཀི་ལི་ཀི་ལ། ཡག་ཐོག་ཡག་བརྩེགས། གཅིག་རྗེས་གཅིག་མཐུད་ལྟ་བུ་མང་ཙམ་མཐོང་རྒྱུ་ཡོད་པ་དང་། སྐབས་འགར་ངག་སྦྱོར་དུ།

ཀ་ཁ་ཁ་ག ཀྱེ་མ་མ་ལ། ཨ་ཚག་ཚག་པ། ཨ་ལ་ལ་ཧོ།

ཀའ་འ་ཁའ་འ། ཅང་ངེ་ཅོག་གེ ཡར་རེ་སང་ངེ་།

ཀ་ཁ་ཀཱ་ཁཱ། ཨ་ར་ཨུ་རུ། སྒ་ར་སྒུ་རུ། ལ་ག་ལོག་གེ

ཀ་ཀཱ་ཁ་ཁཱ། ཟང་ཟིང་ཕན་ཕུན། ཟང་ཟིང་ལང་ལོང་།

ཀ་ཁ་ཀ་ཁ། ག་ལེ་ག་ལེ། ཝ་ལེ་ཝ་ལེ་ལྟ་བུའང་རེ་འགའ་མཐོང་དུ་ཡོད་མོད། ད་ལྟའི་ཚིག་མཛོད་སོགས་སུ་བསྡུས་པ་ཆེས་ཉུང་ཚོད་དུ་འདུག་ཕྱིར་རེ་ཞིག་སྤང་བར་བྱའོ། །

གཞན་ཡང་སྒྲ་མཚུངས་འདྲེན་ཚུལ་འདི་དག་ལ་གོང་སྤྲོས་རགས་ཚོད་ཀྱི་ཚེག་ཁྱིམ་ཧྲིལ་བོའི་ཟློས་ཚུལ་ཙམ་དུ་མ་ཟད། ཞིབ་ཚགས་སུ་དམིགས་ན་ཚེག་ཁྱིམ་སྔ་ཕྱི་དག་གིས་ཕན་ཚུན་ལ་ཤན་ཞུགས་ཚུལ་མི་འདྲ་བ་ལས་རྟགས་ཀྱི་དབྱེ་བ་མི་གསལ་བའི་དབྱངས་དང་མགོ་འདོགས་བཅས་ཀྱི་སྒྲ་རྫས་ཕན་ཚུན་གཅིག་མཚུངས་སུ་འདྲེན་པའམ་བསྡེབས་ནས་སྒྲ་མཐུན་སྦྱོར་དུ་གྲུབ་པའམ། ཡང་ན་ཚེག་ཁྱིམ་སྔ་ཕྱི་དག་གི་བར་ཁུལ་དུ་འཕུལ་རྟེན་དག་གི་རྟགས་ལ་མ་དམིགས་པར་སྒྲ་མཚུངས་པར་བསྡེབས་ནས་སྒྲ་མཐུན་སྦྱོར་གྲུབ་པའང་ཤིན་ཏུ་མང་སྟེ། འདིར་རིམ་པར་རྣམ་གསལ་ཙམ་དཔེར་བརྗོད་ན།

ཨ→ཨ། རྟ་སྒ། ཞ་ར། གཟའ་ཟླ་བ། གཡའ་མ། ར་མདའ། ས་མཐའ། ཕ་མ། པ་ཊ་ཧ།

ཨི→ཨི། བྱི་རིན། ཉིས་རིམ། རིག་འཛིན། སི་རི་རི། མི་རིགས། སི་ལི་ལི། ཅི་ཞིག ཉིང་ཁྲི།

ཨུ→ཨུ། ཁུ་ཚུར། ལུས་ཕུང་། འུ་རུ་རུ། གཡུ་བྱུར། ཤུ་རུ་རུ། ཡུལ་ལུང་། རུས་ཚུགས། འབྱུང་ཁུངས།

ཨེ→ཨེ། སྡེ་དགེ ལེགས་སྐྱེས། ཟེ་ལེ་ལེ། བྱེད་འབྲེལ། དཔེ་དེབ། ཡེ་ཤེས། སེམས་བྲེལ། བདེ་ལེགས།

ཨོ→ཨོ། རོ་སྙོམ། ཉོན་མོངས། རོགས་སྐྱོར། སྲོག་གཅོད། སློབ་གསོ། འོལ་ཚོད། གསོལ་སྟོན། གོ་དོན་ལྟ་བུ་དབྱངས་ཀྱི་སྒྲ་མཚུངས་འདྲེན་ཚུལ་དང་། དཔེར་ན།

ར→ར། རྡུང་རྡེག རྡོ་རྗེ། རྡུལ་རྫས། རྟ་རྒོད། རྟ་རྨུ་རྒོད། རྣམ་རྟོག རྣོ་རྟུལ། རྙོག་རྫོབ།

ལ→ལ། ལྐོག་ལྟ། ལྟོ་ལྷག ལྔ་ལྡན། ལྗན་ལྗིན། ལྟོ་ལྡིར། ལྡན་ལྕག ལྷ་ལྡན། ལྷ་ལྕམ།

ས→ས། སྤྱི་སྤམ། སྟག་སྟན། སྔོ་སྨན། སྟངས་སྟབས། སྣ་སྣབས། སྣ་སྦྲང་། སྤྱི་སྤྱོད། སྣུམ་སྣག་ལྟ་བུ་མགོ་ཅན་གྱི་སྒྲ་མཚུངས་འདྲེན་ཚུལ་དང་། འདོགས་ཅན་གྱི་རྟགས་མཚུངས་འདྲེན་ཚུལ་ལ་དཔེར་ན།

ྱ→ ྱ། ཕྱི་རྒྱལ། དཀྱིལ་ཕྱོགས། ཁྱིམ་སྐྱོང་། ཁྱི་འགྱེད། སྐྱ་མྱི། སྐྱུར་ཕྱུར། བརྐྱངས་ཕྱག

ྲ→ ྲ། སྲིད་ཁྲི། ཁྲལ་ཁྲིམས། སྐྲ་སྦྲེལ། ཁྲལ་འཁྲི། དྲན་འཕྲུལ། དྲང་སྲོང་། དྲི་བྲལ། དྲིལ་སྒྲོག

ལ→ལ། ཀློག་ཀླག སྲ་མཁྲེགས། བློས་བླངས། ཟླ་ཟླུམ། བླ་སློབ། བློ་ཟློག་པ། བློ་བརླུག རླིག་རླུག།

ྭ→ ྭ ། རྭ་ཚྭ། ཝ་ཞྭ། ཚྭ་རྭ། གྭ་ཤྭ་ལྟ་བུ་ཚེག་ཁྱིམ་སྔ་ཕྱིའི་འདོགས་ཅན་ཕན་ཚུན་གཅིག་མཚུངས་སུ་འདྲེན་ཚུལ་དང་། ཡང་ན།

ལ་བཏགས→ལ་མགོ བློ་ལྷད། ཟླ་ལྷག བློ་ལྡན། ཟླ་ལྟར། གླ་ལྟོ། བླ་ལྷ། བླ་ལྡོམ།

ར་བཏགས→ར་མགོ སྲ་རྩི། སྐྲ་རྩེ། སྒྲ་རྒྱན། གྲ་རྒྱས། ཕྲ་རྒྱན། སྨྲ་བརྗོད། གྲ་རྩིབ་ལྟ་བུ་ཚེག་ཁྱིམ་སྔ་ཕྱིའི་མགོ་འདོགས་ཕན་ཚུན་གཅིག་མཚུངས་སུ་འདྲེན་པ་དང་། གཞན་ཡང་དེ་ལས་འཕྲོས་པའི་འདོགས་ཅན་དང་མིང་གཞི་སྒྲ་མཚུངས་སུ་འདྲེན་པ་དང་། རྗེས་འཇུག་དང་མགོ་ཅན་སྒྲ་མཚུངས་སུ་བསྡེབས་ནས་སྒྲ་མཐུན་སྦྱོར་དུ་སྤེལ་བ་ཞིག་ཀྱང་སྣང་སྟེ། དཔེར་ན།

འདོགས་ཅན→མིང་གཞི། བློ་ལོག ཟློ་ལུགས། གློ་ལེན། འདྲ་རིས། ཁྲ་རུ། སྒྲ་རིག

རྗེས་འཇུག→མགོ་ཅན། ཟློས་སྐྱོན། རྒྱས་སྤྲོས། ཟློས་སྒྲ། གསར་བརྗེ། དམར་རྗེན། གསར་རྙིང་ལྟ་བུའོ། །

འདི་ལྟའི་སྒྲ་མཚུངས་འདྲེན་ཚུལ་ལ་ཚེག་ཁྱིམ་སྔ་ཕྱི་དག་གིས་ཕན་ཚུན་ལ་ཤན་ཞུགས་ཚུལ་མི་འདྲ་བ་ལྟར་བར་ཁུལ་དུ་ལུགས་འབྱུང་གི་སྒྲ་མཚུངས་འདྲེན་ཚུལ་དང་ལུགས་ལྡོག་གི་སྒྲ་མཚུངས་འདྲེན་ཚུལ་གཉིས་ཡོད་དེ།

 ལུགས་འབྱུང་གི་སྒྲ་མཚུངས་འདྲེན་ཚུལ་ནི་བཀླག་གདངས་འཕྲལ་མྱུར་དུ་སྤེལ་ཞིང་གནས་བྱེད་སོགས་ཉེ་མཚུངས་སུ་སྦྱར་བའི་རྐྱེན་གྱིས་མིང་སྦྱོར་གྱི་ཚེག་ཁྱིམ་སྔ་མས་ཕྱི་མར་ཤན་ཐེབས་ནས་ཕྱི་མ་རྣམས་སྔ་མ་དང་སྒྲ་མཐུན་པར་གྱུར་པ་ཡིན་ཞིང་། ཡིག་སྐད་དང་ཁ་སྐད་གང་རུང་གི་ཚེག་ཁྱིམ་ཕྱི་མ་རྣམས་ཕལ་ཆེ་བ་ཚེག་ཁྱིམ་སྔ་མའི་རྗེས་མཐའ་ནས་དྲངས་ཏེ་སྒྲ་མཐུན་པར་གྲུབ་པར་ངེས་ཏེ། དཔེར་ན།

ག→ག གུག་གུ། རྟོག་གེ ཅག་གེ ཅོག་གུར། སྒྲོག་གོ(གུ)། ལྟག་ག(པ)། སྟོང་ང(པ)། ནག་གོ(པོ)།

ང→ང་། ཉུང་ངུ་། ཆུང་ངེ་། ཀྲོང་ངེར། ངང་ང(བ)། རྩིང་ང(པོ)། མང་ང(པོ)། རིང་ང(པོ)། དཔུང་ང(པ)།

ད→ད། སྐྱིད་དེ་བ། སྐད་དོད། རྙིད་དོ། སྐྱིད་ད(པོ)། ཆེད་དོན། ལུད་དོང་། སྟོད་དོར། ཟད་དོ(པོ)།

ན→ན། གཞོན་ནུ། རྐན་ནུ། ཅན་ནེ། ཁན་ནེ་ཁོན་ནེ། རྐུན་ནོར། སྐྲན་ནད། དྲན་ནོ(པ)། བཙན་ནོན།

བ→བ། ཁྱབ་བྱེད། ཆབ་བེ་ཆོབ་བེ། གདུབ་བུ། ཞབས་འབམ། ཞིབ་བུ(མོ)། འཚུབ་བེ། འཁོབ་བལ།

མ→མ། ཁྱིམ་མ། གཏུམ་མོ། ཁྲེམ་མེ་བ། སྐམ་ལམ། ཁྱིམ་མི། ལྕམ་མོ། རྒྱལ་ལམ། ལྟམ་མེ་ལྟེམ་མེ།

ར→ར། སྐྱུར་རུམ། ཅེར་རེ། སྒེར་རུ། མཁར་རུ། སྐྱུར་རོ། སྐོར་ར(བ)། གར་ར(པོ)། ནོར་རུ(བུ)། དམར་རོ(པོ)།

ལ→ལ། གལ་ལ། ཝལ་ལེ། ཁྲོལ་ལོ་ལོ། སིལ་ལི་ལི། ཁྲལ་ལི་ཁྲུལ་ལི། སྦལ་ལེབ། གསལ་ལེར། རིལ་ལུ(བུ)།

ས→ས། ཁྲིགས་སེ། གུས་སྲོལ། ཁས་ས། ཁྲིམས་ས། རྨུགས་སེ་བ། ཚོས་སར། སྐྱེས་ས(པ)། གཟས་ས་ལྟ་བུ་ཚེག་ཁྱིམ་སྔ་མའི་རྗེས་མཐས་ཕྱི་མར་ཤན་ཐེབས་ནས་ཕྱི་སྔ་དག་གི་བར་ཁུལ་དུ་སྒྲ་འདྲ་མཚུངས་སུ་གྱུར་པ་ལྟར་ལགས་ཏེ། 《དག་ཡིག་རིག་པའི་གབ་པ་མངོན་ཕྱུང》དུ། ལུགས་འབྱུང་མཐུན་འགྱུར་ནི་མིང་གཅིག་གི་ཆ་ཤས་སྔ་མས་ཆ་ཤས་ཕྱི་མ་མཐུན་པར་བྱེད་པ་ཞིག་ཡིན། དེ་ཡང་གཙོ་ཆེར་ཆ་ཤས་སྔ་མའི་རྗེས་འཇུག་གི་གནས་དང་བྱེད་པའི་རྩོལ་བ་བསྲངས་པའི་ཤུགས་ཀྱིས། ཕྱི་མའི་མིང་གཞིའི་རང་སྒྲ་འབྱུང་ཁོམ་མེད་པར། སྔ་མའི་རྗེས་འཇུག་གི་སྒྲའི་ཁྱད་ཆོས་དང་མཐུན་པར་འགྱུར་བ་ཡིན་ནོ④ཞེས་བསྟན་ཏོ། །

 ལུགས་ལྡོག་གི་སྒྲ་མཚུངས་འདྲེན་ཚུལ་ནི་ཀློག་མགྱོགས་པའམ་བཀླག་གདངས་འཕྲལ་མྱུར་དུ་སྦྱར་བའི་རྐྱེན་གྱིས་མིང་སྦྱོར་གྱི་གྲུབ་ཆ་ཕྱི་མས་སྔ་མར་ཤན་ཞུགས་ནས་སྔ་མ་ཕྱི་མ་དང་སྒྲ་མཐུན་པར་གྱུར་པ་ཡིན་ཞིང་། འདི་ལའང་བྱེ་བྲག་ཡིག་སྐད་དང་ཁ་སྐད་གང་རུང་དུ་སྒྲ་རྫས་རེ་འགའ་འཕར་སྣོན་བྱུང་བའམ་ཡང་ན་སྒྲ་གནས་སྤར་ནས་བར་ཁུལ་དུ་གཞི་གདངས་ཉེ་མཚུངས་སུ་གྱུར་པ་ཅི་རིགས་ཤིག་སྣང་སྟེ། དཔེར་ན།

སྨྱུ་གུ→སྨྱུག་གུ སྒྱིག་གུ། སྙུ་གུ→སྙུག་གུ སྡུ་གུ→ སྡུག་གུ ལུ་གུ→ལུག་གུ ཐ་གུ→ ཐག་གུམ་སོ→མས་སོ། ལྡི་རུ་རུ→ལྡིར་རུ་རུ། ཙི་གུ→ཙིག་གུ སྒོ་ང→སྒོང་ང་། ཅ་ནེ→ཅན་ནེ་ལྟ་བུ་དང་། ཡང་ན་རྡོ་རྗེ→རྡོར་རྗེ། མདའ་གཞུ→མདག་གཞུ། ས་གཞི→སག་གཞི་ལྟ་བུ་ཀློག་མགྱོགས་པའམ་བཀླག་གདངས་མྱུར་བའི་རྐྱེན་གྱིས་ཚེག་ཁྱིམ་ཕྱི་མས་སྔ་མར་ཤན་ཐེབས་ནས་སྔ་མའི་མཐར་ཕྱི་མའི་གཞི་གདངས་དང་གཅིག་མཚུངས་ཀྱི་རྗེས་འཇུག་འཕར་སྣོན་བྱུང་བ་དང་བཅས་མིང་སྦྱོར་གྱི་ཚེག་ཁྱིམ་སྔ་ཕྱི་དག་གི་སྒྲ་ཉེ་མཚུངས་སུ་གྱུར་པ་བཞིན་ནོ། །

༣. མིང་སྦྱོར་གྱི་བརྗོད་བདེ་འདྲེན་ཚུལ་ནི་མིང་སྦྱོར་གྱི་སྐབས་སུ་གོང་སྤྲོས་རྟགས་མཚུངས་དང་སྒྲ་མཚུངས་འདྲེན་ཚུལ་ཕུད་ཅིང་བརྗོད་བདེའི་དབང་གིས་སྒྲ་མཐུན་པར་འདྲེན་པ་རྣམས་ཡིན་ལ། འདི་ལའང་བྱེ་བྲག་ཏུ་ཡིག་སྲོལ་གྱི་གཞུང་ལུགས་དང་ངག་རྒྱུན་ཁ་སྐད་ཀྱི་བརྗོད་བདེ་འདྲེན་ཚུལ་གཉིས་ཡོད་པ་ལས། སྔ་མ་ལྟར་ན། 《ཐོན་མིའི་ཞལ་ལུང》དུ། རྩ་བ་ལས་རང་གི་སྒྲ་མཐུན་ཞེས་གསུངས་པའི་དགོངས་པ་ལྟར་རྟགས་མཚུངས་ལ་མ་བརྟེན་པར་བརྗོད་བདེའི་དབང་གིས་སྒྲ་མཐུན་པ་འདྲེན་པ་མང་དུ་ཡོད་དེ། དཔེར་ན། རྗེས་འཇུག་མ་ནིང་གིས་མིང་མཐའ་མོ་རྟགས་ཅན་འདྲེན་པ། སྨིན་མ། ཆར་བ། གསོལ་བ་ལྟ་བུ་དང་། རྗེས་འཇུག་མོ་ཡིག་གིས་ཕོ་ཡིག་དྲངས་པ་བུམ་པ། རྩམ་པ་ལྟ་བུ་དང་། རྗེས་འཇུག་ཕོ་ཡིག་གིས་མོ་ཡིག་དྲངས་པ་ལྐོག་མ། དྲེད་མོ་ལྟ་བུ་དང་། རྗེས་འཇུག་མ་ནིང་གིས་ཕོ་ཡིག་དྲངས་པ་རན་པ། འོན་པ་ལྟ་བུ་དང་། རྗེས་འཇུག་མོ་ཡིག་གིས་མ་ནིང་དྲངས་པ་ལྔ་ཆར། དགུ་ཆར་ལྟ་བུ་སོགས་ཤིན་ཏུ་མང་བ་རྣམས་ནི་བརྗོད་བདེའི་དབང་གིས་འདྲེན་ཚུལ་ཡིན་པ་ཤེས་པར་བྱའོ། ། ཞེས་བསྟན་པ་བཞིན་རིགས་བསྒྲེས་ན། གཞན་ད་དུང་རྗེས་འཇུག་ཕོ་ཡིག་གིས་མ་ནིང་འདྲེན་ཚུལ་ཞིག་ཀྱང་སྣང་བ་བསྣན་ན། བསྡོམས་པས་བྱེ་བྲག་ཏུ་རིགས་དྲུག་ཙམ་སྣང་བ་སྔ་མའི་མཐའ་རྟེན་གྱིས་ཕྱི་མའི་མིང་བྱིངས་དང་མིང་མཐའ་གང་རུང་གི་མིང་གཞི་འདྲེན་ཚུལ་ལྟར་སྣང་སྟེ་རིམ་པར་དཔེར་བརྗོད་ན།

(༡)རྗེས་འཇུག་མ་ནིང་གིས་མིང་གཞི་མོ་ཡིག་འདྲེན་ཚུལ་ནི་དཔེར་ན།

ན→ག རྒྱན་གོས། དགུན་གྲོ། →ཇ། རྐུན་ཇག སྟོན་ཇ། →ད། འགྲན་དོ། རྐུན་དོང་། →བ། གཏུན་བུ། སྲིན་འབུ། →ཛ། བསྟན་འཛིན། འཁོན་འཛིང་།

→ཝ། ལན་ཝ། གསོན་ཝ། →ཞ།། གྱོན་ཞྭ། ཀུན་གཞི། →ཟ། ཀུན་བཟང་། མཐུན་ཟླ། →འ། མཆན་འོག ཚོན་འོད། →ཡ། འཛིན་ཡིག མཆན་ཡིག →ཤ གཏུན་ཤིང་།
གཞོན་ཤ →ས། དགུན་ས། མདུན་སོ། →ང་། མཚོན་ངར། སྙན་ངག →ཉ། མཚན་ཉིད། དོན་སྙིང་། →ན། གཞོན་ནུ། གཞན་ནོར། →མ། སྟོན་མར། གཞོན་མ། →ར། མཁྱེན་རབ། རྐུན་རོགས། →ལ། དྲིན་ལན། གྱོན་ལྭ། →ཧ། གཤེན་ལྷ། དགུན་ལྷམ།

ར→ག ཟུར་ག གསེར་གོང་། →ཇ། ནོར་ཇག སྒེར་མཇལ། →ད། སྒེར་དོན། སྐྱུར་དོ། →བ། གོར་བུ། འགྱུར་བག →ཛ། ནོར་འཛིན། གཏེར་མཛོད། →ཞ།། དར་ཞོ། གསེར་ཞུན། →ཟ། དཀར་ཟས། དར་ཟམ། →འ། གསེར་འོད། ཕྱུར་འོ། →ཡ། དར་ཡུག ཧོར་ཡིག →ཤ དར་ཤམ། གསེར་ཤོག →ས། ཐར་ས། གསེར་སོ། →ང་།
ཡར་ངོ་། གསེར་ངང་། →ཉ། གསེར་ཉ། བྱུར་ཉེས། →ན། ཐར་ནུ། གསེར་རྣ། →མ། གོར་མོ། སྡར་མ། →ར། མགར་རུ། དར་རས། →ལ། དར་ལ། མར་ལོ། →ཧ། ནོར་ལྷ། ཧོར་ལྷམ།

ལ→ག ཐལ་གོང་། སྦལ་རྒྱབ། →ཇ། གསོལ་ཇ། སྐོལ་ཇ། →ད། མགུལ་དར། བཅོལ་དོན། →བ། རྩོལ་བ། སིལ་བུ། →ཛ། སྦྲུལ་འཛིན། གལ་འཛུགས། →ཞ།། ཐལ་ཞག ཁུལ་ཞོ། →ཟ། གསོལ་ཟས། སྐལ་བཟང་།
→འ། ཁྲལ་འུལ། དངུལ་འོ(ཁ་མ)། →ཡ། རྒྱལ་ཡུམ། ཐལ་ཡས། →ཤ སྦྲུལ་ཤ འཁྲིལ་ཤིང་། →ས། འབོལ་ས། ཉལ་ས། →ང་། སྐལ་ངན། རྒྱལ་རྔ། →ཉ། ཐལ་ཉོར། སྐལ་མཉམ། →ན། མགུལ་ནད། སོལ་ནག →མ། རོལ་མོ། བྱོལ་མ། →ར། གསོལ་རས། སོལ་རིས། →ལ། སྦལ་ལག ཐུལ་ལེ། →ཧ། འབོལ་ལྷུག བསིལ་ལྷམ་ལྟ་བུ་མིང་སྦྱོར་གྱི་ཚེག་ཁྱིམ་སྔ་མའི་རྗེས་འཇུག་མ་ནིང་ན་ར་ལ་གསུམ་གྱིས་ཕྱི་མའི་མིང་གཞི་མོ་ཡིག་ག་ཇ་ད་བ་སོགས་དྲངས་པ་བརྗོད་བདེའི་དབང་དུ་སོང་བ་ཡིན་ལ། དེ་དག་ལས་གཞོན་ནུ་དང་། མགར་རུ། ཐུལ་ལེ་ལྟ་བུ་ན་མཐར་ན་དང་། ར་མཐར་ར། ལ་མཐར་ལ་སྦྱར་བ་རྣམས་བརྗོད་བདེ་ཙམ་དུ་མ་ཟད་གོང་སྤྲོས་སྒྲ་མཚུངས་འདྲེན་ཚུལ་ཞིག་ཀྱང་ཡིན་ཙ་ན། གོང་བཞིན་རྟོགས་པར་བྱ་བ་ལས་འདིར་ཡང་བསྐྱར་བརྗོད་པའི་དགོས་པ་ཆེར་མ་མཆིས་སོ། །

(༢)རྗེས་འཇུག་མོ་ཡིག་གིས་མ་ནིང་འདྲེན་ཚུལ་ནི་དཔེར་ན།

ང→ཁ། བྲང་ཁ། ཤིང་ཁང་། →ཆ། སྲང་ཆ། སྒོང་ཆུ། →ཐ། བྱུང་ཐོ། ཤིང་ཐུར། →ཕ། སང་ཕོད། ཤིང་ཕོར། →ཚ། རྐང་ཚ། གསུང་ཚིག

མ→ ཁ། ཕམ་ཁ། སེང་ཁྲི། →ཆ། སྐམ་ཆས། སྒོམ་ཆེན། →ཐ། ལམ་ཐོ། ཞིམ་ཐིག →ཕ། སྦོམ་ཕྲ། རྩམ་ཕོགས། →ཚ། ཡུམ་ཚང་། ལམ་ཚད།

འ→ ཁ། གཉའ་ཁྲི། དཀའ་ཁག →ཆ། དཀའ་ཆེན། གཉའ་ཆག་པ། →ཐ། མངའ་ཐང་། དཀའ་ཐུབ། →ཕ། དགའ་ཕྱོགས། བཅའ་འཕྲང་། →ཚ། དགའ་ཚལ། གཉའ་ཚིགས་ལྟ་བུ་མིང་སྦྱོར་གྱི་ཚེག་ཁྱིམ་སྔ་མའི་རྗེས་འཇུག་ང་མ་འ་གསུམ་གྱིས་ཕྱི་མའི་མིང་གཞི་མ་ནིང་ཁ་ཆ་ཐ་ཕ་ཚ་དྲངས་པ་བཞིན་ནོ། །

(༣)རྗེས་འཇུག་མོ་ཡིག་གིས་ཕོ་ཡིག་འདྲེན་ཚུལ་ནི་དཔེར་ན།

ང→ཀ མཐོང་ཀ རྟིང་སྐུལ། →ཅ། གཏིང་ཅན། རང་ཅག →ཏ། རྐང་ཏོ། ཡང་ཏིག →པ། རྐང་པ། བཟང་པོ། →ཙ། གཏིང་རྩ། སྦྲང་རྩི།

མ→ཀ ཐམ་ཀ གདམ་ཀ →ཅ། སུམ་ཅུ། དམ་ཅན། →ཏ། བསམ་གཏན། ནམ་སྟོད། →པ། གཏུམ་པོ། གནམ་པྲ། →ཙ། འདམ་རྩྭ། སུམ་རྩེན།

འ→ཀ མཐའ་ཀླས། →ཅ། མཐའ་ཅན། གཏའ་བཅོས། →ཏ། མཐའ་རྟེན། གནའ་གཏམ། →པ། མཐའ་པ། མདའ་དཔོན། →ཙ། དཔའ་རྩལ། མདའ་རྩེད་ལྟ་བུ་མིང་སྦྱོར་གྱི་ཚེག་ཁྱིམ་སྔ་མའི་རྗེས་འཇུག་མོ་ཡིག་ང་མ་འ་གསུམ་གྱིས་ཕྱི་མའི་མིང་གཞི་ཕོ་ཡིག་ཀ་ཅ་ཏ་པ་ཙ་དྲངས་པ་བཞིན་ནོ། །

(༤)རྗེས་འཇུག་ཕོ་ཡིག་གིས་མོ་ཡིག་འདྲེན་ཚུལ་ནི་དཔེར་ན།

ག(ས)→ག ཏིག་གུ ཡིག་རྒྱ། →ཇ། དཀྲུག་ཇ། ལག་འཇུ། →ད། ཡིག་དན། རག་དུང་། →བ། ཡིག་བར། རིག་བྱེད། →ཛ། ཡིག་མཛོད། རིག་འཛིན། →ཞ།། ལག་ཞ།། སོག་ཞྭ། →ཟ། རིགས་བཟང་། ལག་ཟན། →འ། ལག་འོག གློག་འོད། →ཡ། ལག་ཡུ།

རྒྱུགས་ཡིག →ཤ ཡིག་ཤོག བྲག་ཤུར། →ས། སྦུག་སོ། ལག་སོར། →ང་། ལག་ངར། ལུག་ངལ། →ཉ། ལག་ཉ། ལུག་མཉེ། →ན། ལག་ནོར། ལྐོག་ནོར། →མ། བག་མ། སོག་མོ། →ར། སག་རི། མགྱོགས་རྭ། →ལ། ལྐོག་ལབ། སོག་ལེ། →ཧ། སོག་ལྷམ། བཀྲག་ལྷག་གེ

ད→ག སྐེད་གྲི། བྱེད་སྒོ། →ཇ། ཆེད་བརྗོད། གཉིད་ལྗིད་པོ། →ད། སྐད་དོད། ཀླད་དོན། →བ། སྲད་བུ། ཀླད་བྱི། →ཛ། གྱད་འཛིང་། སྐད་འཛེར། →ཞ།། ཀླད་ཞོ། སྲིད་ཞི། →ཟ། འོད་ཟེར། ཀླད་གཟེར། →འ། སྐད་འུར། →ཡ། འབྱེད་ཡོན། སྐད་ཡིག →ཤ སྦུད་ཤན། ཀླད་ཤུན། →ས། གཏད་སོ། སྐེད་སོ། →ང་། སྐད་ངག སྐེད་རྔ། →ཉ། ཆད་ཉེ། སྐེད་ཉག →ན། མཆོད་ནས། སྐེད་ནད། →མ། གྱད་མི། རྒད་མོ། →ར། མཆོད་རོ། སྦུད་རུ། →ལ། གཉིད་ལམ། སྐད་ལོག →ཧ། མཆོད་ལྷ། ཆད་ལྷག

བ(ས)→ག གཟབ་གོས། སྒྲུབ་གྲྭ། →ཇ། རྒྱབ་ཇ། སྒྲུབ་འཇུག →ད། རྒྱབ་དར། སྐབས་དོན། →བ། སྐབས་བབ། རྒྱབ་འབོལ། →ཛ། རྒྱབ་འཛིན། འཐབ་འཛིང་། →ཞ།། རྒྱབ་གཞུང་། ཆབ་ཞབས། →ཟ། ཆབ་གཟན། གྲུབ་གཟུགས། →འ། ཆབ་འོག རྒྱབ་འོག →ཡ། གབ་ཡིག རྒྱབ་ཡོལ། →ཤ སྲབ་ཤུ། རྒྱབ་ཤ →ས། ཁབ་སོ། རྒྱབ་སྲུང་། →ང་། རྒྱབ་སྔས། སྒྲུབ་ངག →ཉ། གྲུབ་བརྙེས། རྒྱབ་སྙེ། →ན། ཁབ་སྣོད། གཟབ་ནན། →མ། གཟབ་མ། སྦུབ་མོ། →ར། ཁབ་རལ། སྲིབ་རི། →ལ། རྒྱབ་ལོག ཁབ་ལེན། →ཧ། འདབ་ལྷེ། རྒྱབ་ལྷས།

ས→ག དགོས་གལ། ཤེས་རྒྱ། →ཇ། ལས་ཇུས། བཞེས་ཇ། →ད། སྦས་དོན། སོས་དལ། →བ། ཤེས་བྱ། ལུས་བོངས། →ཛ། དགྱེས་འཛུམ། ལུས་རྫོགས། →ཞ།། ལས་གཞི། རུས་ཞེན། →ཟ། ལུས་ཟུངས། ལས་བཟོ། →འ། ལས་འོང་། སྔས་འོག →ཡ། རས་ཡུག དུས་ཡུན། →ཤ ནུས་ཤུགས། རྒྱས་བཤད། →ས། བགྲེས་སོང་།
ཤེས་གསལ། →ང་། ལུས་རྔུལ། ལས་ངན། →ཉ། ལུས་ཉམས། ལས་ཉེས། →ན། ལས་ནག གོས་སྣེ། →མ། སྲས་མོ། སྐོས་མལ། →ར། ལས་རིགས། སྐས་རུ། →ལ། རས་ལ། ལས་ལོག →ཧ། གོས་ཧྭ། རས་ལྷེ་ལྟ་བུ་ལས་མིང་སྦྱོར་གྱི་ཚེག་ཁྱིམ་སྔ་མའི་རྗེས་འཇུག་ཕོ་ཡིག་ག་ད་བ་ས་བཞི་གས་ཕྱི་མའི་མིང་གཞི་ག་ཇ་ད་བ་ཛ་སོགས་དྲངས་པ་བརྗོད་བདེའི་དབང་དུ་སོང་བ་ཡིན་མོད། ཏིག་གུ་དང་། སྐད་དོད། སྐབས་བབ། བགྲེས་སོང་ལྟ་བུ་རེ་འགའ་བརྗོད་བདེ་ཙམ་དུ་མ་ཟད། སྒྲ་མཚུངས་འདྲེན་ཚུལ་གྱི་ཆར་ཡང་ངེས་ཕྱིར། འདི་རྣམས་ལ་གཉིས་མཚན་ཅན་ཞེས་ཀྱང་བྱའོ། །

(༥)རྗེས་འཇུག་མ་ནིང་གིས་ཕོ་ཡིག་འདྲེན་ཚུལ་ནི་དཔེར་ན།

ན→ ཀ སྟོན་ཀ བྱིན་ཀྱོག →ཅ། རིན་ཅེན། བྱིན་ཅན། →ཏ། སྟོན་ཏོག ཡོན་ཏན། →པ། གཞོན་པ། སྲིན་པོ། →ཙ། ཚོན་རྩི། སེན་རྩ།

ར→ཀ སེར་ཀ གསེར་རྐོ། →ཅ། ཐོར་ཅོག ནོར་བཅོས། →ཏ། གཏེར་སྟོན། སྒོར་ལྟེ། →པ། སྒུར་པོ། སྦྱར་པང་། →ཙ། སྒེར་རྩེ། ཟུར་ཙམ།

ལ→ཀ ཐལ་ཀར(སྔོ་དཀར)། དལ་རྐང་། →ཅ། ཐལ་ལྕག དལ་ཅིག →ཏ། གལ་ཏ། དལ་རྟེན། →པ། དལ་པོ། འཕྲུལ་པ། →ཙ། རོལ་རྩེད། བོལ་རྩ་ལྟ་བུ་མིང་སྦྱོར་གྱི་ཚེག་ཁྱིམ་སྔ་མའི་རྗེས་འཇུག་མ་ནིང་ན་ར་ལ་གསུམ་གྱིས་ཕྱི་མའི་མིང་གཞི་ཕོ་ཡིག་ཀ་ཅ་ཏ་ཙ་བཅས་བརྗོད་བདེ་རུ་དྲངས་པ་བཞིན་ནོ། །

(མུ་འགོད)


* སུམ་བྷ་དོན་གྲུབ་ཚེ་རིང་། མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་དུ་ཕྱག་ལས་གནང་བཞིན་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1