ལོ་རྒྱུས་སྦྱངས་ནས་ལག་ལེན་ཧུར་ཐག་བྱས་ཏེ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་འདུལ་དགོས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 04-29


ཐབས་ཇུས་ཡང་དག་འདོན་པ་དང་། གནད་སྨིན་སྒྲིག་བཅོས་རྒྱུན་འཁྱོངས་བྱེད་པ། འབད་འབུངས་ལྷོད་མེད་བྱས་ནས་ངེས་པ་དོན་གྱིས་རླབས་ཆེའི་བྱ་བཞག་འགྲུབ་པར་བྱ།

གུང་ཁྲན་ཏང་མིས་ཆབ་སྲིད་གླེང་བ་ནི་ལྐོག་གྱུར་ཞིག་མིན་པར། ངེས་པར་དུ་དངོས་དོན་འབུར་དུ་ཐོན་དགོས་པ་དང་། རྫུན་བཟོ་གཏན་འགོག་བྱས་ཏེ། ཏང་ཀྲུང་དབྱང་གི་ཐབས་ཇུས་ཇུས་འགོད་ཞིབ་ཕྲའི་བྱ་སྤྱོད་ཁྲོད་དོན་འཁྱོལ་དང་། དོན་དངོས་ཀྱི་གྲུབ་འབྲས་ཐོག་མངོན་པར་བྱ་དགོས།

ཏང་གི་ལོ་རྒྱུས་སྦྱངས་ནས་དངོས་དོན་ལ་སྐུལ་འདེད་གཏོང་བ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་དེ་རང་རེའི་ཏང་གི་ངོ་བོ་དང་དམིགས་ཡུལ། སྤྱོད་ཚུལ་བཟང་པོ་དང་རྩ་བ་ནས་མི་མཐུན་པར་མ་ཟད། རང་རེའི་ཏང་དང་མི་དམངས་ཀྱི་དགྲ་ནག་ཅིག་ཡིན་ཞེས་གསུངས། ལོ་བརྒྱའི་ཏང་གི་ལོ་རྒྱུས་ལ་གཞིགས་ན། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་གཏན་འགོག་བྱེད་པ་ནི་དུས་སྔོན་མ་ནས་ཀུན་སྤྱོད་འཛུགས་སྐྲུན་དང་། ཏང་གི་འཛུགས་སྐྲུན་གྱི་འགན་འཁྲི་གལ་ཆེན་ཞིག་རེད་འདུག །ཚད་གཞི་དང་སྤུས་ཀ་མཐོ་བའི་སྒོས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ལས་འགན་སོ་སོ་ལེགས་འགྲུབ་བྱ་བར། གལ་ཆེ་བའི་བླང་བྱ་ཞིག་ནི་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་མཐའ་གཅིག་ཏུ་བསལ་ཏེ། གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་གཏོང་དགོས་པ་དེ་ཡིན།

མེ་ལོང་དྭངས་མས་རང་གཟུགས་ངོམ། འདས་པའི་དོན་གྱིས་འབྱུང་འགྱུར་སྟོན། ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་བརྒྱུད་རིམ་ཁྲོད། རྟག་པར་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་སེལ་བ་གཙིགས་སུ་བཟུང་སྟེ། ཀུན་སྤྱོད་བཟང་པོ་གསོ་སྐྱོང་བྱེད་པ་ཡིན། ས་ཞིང་བཅོས་བསྒྱུར་དུས་སྐབས་སུ། དར་ཆ་གསལ་པོའི་སྒོས་དོན་དངོས་གནས་ཚུལ་དང་ཁ་བྲལ་བའི་དཔེ་དེབ་རིང་ལུགས་དག་བཅོས་བྱ་དགོས་པ་བཏོན་པ་དང་།
འཇར་འགོག་དམག་འཁྲུག་དུས་སྐབས་སུ། ཡན་ཨན་གྱི་ཀུན་སྤྱོད་དག་ཐེར་གྱི་བྱེད་སྒོ་སྤེལ་ཏེ་བརྟག་དཔྱད་ཞིབ་འཇུག་གི་ལམ་ལུགས་དངོས་སུ་བཙུགས་པ། ཀྲུང་གོ་གསར་པ་དབུ་བརྙེས་པའི་དུས་འགོར། དཔོན་ཉམས་རིང་ལུགས་ཀྱི་ཀུན་སྤྱོད་གཙང་འཕྱག་གི་འབོད་སྐུལ་བཏང་སྟེ། ལས་བྱེད་པ་རེས་བསྐོར་ནས་འོག་རིམ་དུ་ཞིབ་བཤེར་བྱ་དགོས་པའི་བླང་བྱ་བཏོན། བཅོས་བསྒྱུར་སྒོ་འབྱེད་རྗེས་སུ་བསམ་བློ་བཅིངས་འགྲོལ་དང་དངོས་དོན་བདེན་འཚོལ་བྱས་ནས། དུས་ཚོད་དམ་འཛིན་བྱས་ནས་དངོས་དོན་བསྒྲུབས་པ་དང་། ལག་ནས་བསྒྲུབ་རྒྱུ་མང་བ་དང་ཁ་ནས་བཤད་རྒྱུ་ཉུང་བར་གཙིགས་སུ་བཟུང་པ་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན། ང་ཚོས་གནད་དོན་ལ་ངོས་ལེན་བྱེད་པའི་རང་ཚོར་དང་གྲི་རྩེ་ནང་དུ་ཕྱོགས་པའི་སྙིང་སྟོབས་ཀྱིས་སྤྱོད་ཚུལ་བཞི་ལ་དག་ཐེར་ལྷུར་ལེན་བྱས་ཏེ། ཐོག་མཐའ་བར་གསུམ་དུ་ཀུན་སྤྱོད་འཛུགས་སྐྲུན་གྱི་རྒྱུད་སྐུད་དེར་དམ་འཛིན་ནན་མོ་བྱས། ལག་ལེན་གྱིས་བདེན་དཔང་ལྟར་ན། ཀུན་སྤྱོད་གནད་དོན་གྱིས་མི་སེམས་དང་བློ་ཁ་ཕྱིར་ཕྱོགས་པར་འབྲེལ་བས། རྒྱུན་ཆད་མེད་པར་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་སོགས་ཀྱི་ཀུན་སྤྱོད་གནད་དོན་སེལ་ཐབས་བྱས་ན། ད་གཟོད་ཏང་གི་སྲིད་སྐྱོང་རྨང་གཞི་སྲ་བརྟན་བཏང་ནས། ཀུན་སྤྱོད་འཛུགས་སྐྲུན་གྱི་ཕན་འབྲས་གསར་པས་ཏང་དང་མི་དམངས་ཀྱི་བྱ་བཞག་ལ་གྲུབ་འབྲས་གསར་པ་མངོན་འགྱུར་ཡོང་བར་འདེགས་ཤུགས་འདོན་ཐུབ།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་རྒྱུར། ཕྱི་ཚུལ་རིང་ལུགས་ཀྱི་ངོ་བོ་ནི་རང་སྣང་རིང་ལུགས་དང་ཁེ་ཕན་རིང་ལུགས་ཡིན་པ་དང་། དེའི་རྩ་བ་ནི་སྲིད་སྐྱོང་བྱས་རྗེས་ཀྱི་ལྟ་བ་ནོར་འཛོལ་བྱུང་བ་དང་། འགན་འཁྲི་འཁུར་སེམས་ཤོར་བས་རེད། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་གནད་དོན་མངོན་ཚུལ་སྣ་མང་དང་། འབྱུང་རྐྱེན་རྙོག་དྲ་ཆེ་བ། དུས་ཡུན་རིང་པོར་འཐབ་འཛིང་བྱ་དགོས་པ་ཞིག་རེད། ཀྲུང་དབྱང་གི་དོན་ཚན་བརྒྱད་གཏན་འབེབས་བྱས་པ་ནས་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་ཚད་གཞི་འགའ་དངོས་སུ་བཏོན་པ་དང་། རྒྱུན་མཐུད་ངང་གཞི་རིམ་གྱི་དཀྲོག་རྐྱེན་དེ་ཕྱི་ཚུལ་རིང་ལུགས་ཀྱི་གནད་དོན་ཐག་གཅོད་བྱེད་པ་ནས་གཞི་རིམ་གྱི་ཁུར་པོ་ཡང་གཏོང་ལས་ཀ་སྤེལ་བ། ཏང་ཀྲུང་དབྱང་གིས་བྱེད་ཐབས་རབ་དང་རིམ་པ་སྤེལ་ཏེ་ཕྱི་ཚུལ་རིང་ལུགས་ཀྱི་ཞན་ཆ་གཏོར་བ་དང་། དཔོན་ཉམས་རིང་ལུགས་ཀྱི་ནད་གཞི་སེལ་བ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་འཆིང་རྒྱ་ལས་གྲོལ་ཏེ་དངོས་དོན་སྒྲུབ་པ་དང་། བློ་སྟོབས་ཆེར་སྐྱེད་ཀྱིས་ལས་གསར་གཏོད་པར་སྐུལ་ལྕག་བཟོས་པ། ཀུན་སྤྱོད་འཛུགས་སྐྲུན་ནི་འགག་སྒྲོལ་གྱི་དམག་འཁྲུག་ཅིག་དང་རྒྱུན་བསྲིང་གི་དམག་འཁྲུག་ཅིག་ཡིན། ང་ཚོས་ངེས་པར་དུ་ཐབས་ཇུས་ཡང་དག་འདོན་པ་དང་། གནད་སྨིན་སྒྲིག་བཅོས་རྒྱུན་འཁྱོངས་བྱེད་པ། བརྟན་ཏིག་འབད་འབུངས་ལྷོད་མེད་བྱས་ནས་རླབས་ཆེའི་བྱ་བཞག་འགྲུབ་པར་བྱེད།

ལོ་རྒྱུས་སྦྱངས་ནས་ལག་ལེན་ཧུར་ཐག་བྱེད་པ་དེ། དམངས་ཞེས་པའི་ཡིག་འབྲུ་དེར་གཞིར་བཟུང་ནས། མང་ཚོགས་ལ་དངོས་དོན་བསྒྲུབ་པ་དང་དཀའ་གནད་སེལ་དགོས། འདས་ཟིན་པའི་ཉམས་མྱོང་ད་ལྟར་སྦྱར་ན། མི་དམངས་ལ་བྱ་བ་བསྒྲུབས་མཁན་དང་། དམངས་ཀྱི་བདེ་སྡུག་ཕྲག་ཏུ་འཁུར་བའི་ཕུལ་བྱུང་གི་གུང་ཁྲན་ཏང་མི་རྣམས་ཀྱིས་ནམ་ཡང་མི་སེམས་སྒུལ། མི་རྣམས་ཀྱིས་ཅའོ་ཡུས་ལུའུ་ལ་དྲན་གསོ་ཞུ་བ་སྟེ། ཁོང་གིས་ཚེ་སྲོག་བློས་གཏོང་བྱས་ནས་ལན་ཁའོ་ཡི་རྣམ་པ་བསྒྱུར་བའི་དྲིན་མི་བརྗེད་པ། ཀུའུ་ཝུན་ཁྲང་ལ་དྲན་གསོ་ཞུ་བ་སྟེ། ཁོང་གི་བྱེ་རླུང་བཅོས་སྐྱོང་མ་ཐུབ་ན། རང་ཉིད་བྱེ་རླུང་ཁྲོད་སྦས་ཆོག་པའི་སྙིང་སྟོབས་ལ་གུས་འདུད་ཞུ་བ། ཧོང་ཞུའི་ཝུན་ལ་བསྟོད་བསྔགས་བྱས་ཏེ། ཁོང་གིས་དབུལ་གྲོལ་འགག་སྒྲོལ་གྱི་མདུན་ས་ནས་རང་ཉིད་བློས་གཏོང་གིས་དུས་རབས་གསར་པའི་ལང་ཚོའི་གཞས་དབྱངས་རྩོམ་པར་སེམས་འགུལ་ཐེབས་པ་་་་་་་མང་ཚོགས་ཀྱིས་མཐོང་ཐུབ་པ་དང་འབྲེལ་བ་ལྡན་པ། ཕན་ཐོགས་པའི་དོན་བསྒྲུབ་དགོས་ཤིང་། རྗེས་རབས་པར་རོགས་འདེགས་དང་རྨང་གཞི་འདིང་བ། ཕུགས་ཕན་གྱི་དོན་བསྒྲུབ་ན། ལོ་རྒྱུས་དང་མི་དམངས་ཀྱིས་ནམ་ཡང་བརྗེད་མི་སྲིད། ལས་ཀའི་རྣམ་པ་དང་ལས་ཀ་བྱེད་ཐབས་ཅི་ཞིག་སྤྱོད་རུང་།
མང་ཚོགས་ཀྱི་བློ་ལ་བབ་མིན་དང་། དགའ་སྤྲོ་སྐྱེས་མིན། ཁས་ལེན་བྱེད་མིན་བཅས་ནི་ལས་ཀའི་མཇུག་འབྲས་ཞིབ་བཤེར་བྱ་བའི་ཚད་གཞི་ཡིན།

ལོ་རྒྱུས་སྦྱངས་ནས་ལག་ལེན་ཧུར་ཐག་བྱེད་པ་དེ། དངོས་ཞེས་པའི་ཡིག་འབྲུ་དེ་འབུར་དུ་ཐོན་དགོས་པར། གཞུང་ལུགས་དང་དོན་དངོས་ཟུང་དུ་འབྲེལ་ཏེ། དངོས་འཛིན་དངོས་སྒྲུབ་དང་། བློ་རྩེ་གཅིག་སྒྲིམ་གྱིས་ལས་ཀ་བསྒྲུབ་དགོས། ཏང་ཡོངས་ཀྱི་བློ་མཐུན་ལ་མི་གཞུང་དྲང་བྱེད་པ་དང་། སྐད་ཆ་བདེན་པ་བཤད་པ། བྱ་བ་བདེན་པ་བསྒྲུབ་དགོས་པའི་བླང་བྱ་བཏོན་པ་ནས། འཛམ་གླིང་ཐོག་གི་དོན་དག་ཡོད་ཚད་བསྒྲུབ་ཡོང་བ་དང་།
མ་བསྒྲུབ་ན་མར་ཁེ་སི་རིང་ལུགས་སྤུ་ཙམ་ཡང་མེད་ཅེས་བཏོན་པ། ཡང་དེ་རྗེས་སུ་དངོས་དོན་བདེན་འཚོལ་རྒྱུན་འཁྱོངས་བྱས་ཏེ། གནས་ཚུལ་ངོ་མར་དཔྱད་ཅིང་། སྐད་ཆ་དྲང་མོ་བཤད་པ། བྱ་ཐབས་ངོ་མ་སྤྱད་དེ། བྱ་བ་དངོས་སྒྲུབ་པ། ཤུགས་ངོ་མ་ཕུད་དེ། ཕན་འབྲས་དངོས་དོན་གཉེར་བྱེད་པ་ནན་བསྟན་གནང་བའི་བར། རང་རེའི་ཏང་གིས་དུས་དང་རྣམ་པ་ཀུན་ཏུ་དངོས་དོན་བདེན་འཚོལ་གྱི་སྤྱོད་བཟང་དར་སྤེལ་བྱས་པ། འདི་ནི་ང་ཚོས་དུས་ཡུན་རིང་པོའི་ཁྲོད་གྲུབ་འབྲས་གཡུར་དུ་ཟ་བ་བླངས་པའི་ཉམས་མྱོང་གི་བྱ་ཐབས་ཡིན། དུས་རབས་གསར་པའི་བཅོས་བསྒྱུར་སྒོ་འབྱེད་ཀྱི་ལག་ལེན་ནས་བལྟས་ན། དབུལ་གྲོལ་འགག་སྒྲོལ་ལ་ཕྱོགས་ཡོངས་རྒྱལ་ཁ་བླངས་པ་དང་། རིམས་ནད་འགོག་རྒོལ་ལ་གལ་ཆེའི་འཐབ་ཇུས་ཀྱི་གྲུབ་འབྲས་བླངས་པ། འདི་དག་གིས་བསམ་སྤྱོད་ཟུང་འབྲེལ་དང་ཁ་བཤད་ལས་ལག་ལེན་གཙོ་བའི་རིན་ཐང་མཚོན་པར་མ་ཟད། གུང་ཁྲན་ཏང་མིས་ཆབ་སྲིད་གླེང་བ་ནི་ལྐོག་གྱུར་ཞིག་མ་ཡིན་པར། ངེས་པར་དུ་དངོས་འབུར་དུ་ཐོན་ཞིང་། རྫུན་གཏན་འགོག་བྱས་ཏེ། ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་ཞིབ་ཕྲའི་བྱ་སྤྱོད་ཁྲོད་དོན་འཁྱོལ་བྱ་དགོས་པར་མ་ཟད། དོན་དངོས་ཀྱི་གྲུབ་འབྲས་ཐོག་མངོན་པར་བྱ་དགོས།

ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་གྱི་གོམ་ཁ་གསར་པའི་ཕྱོགས་སུ་སྐྱོད་པར། ཀུན་སྤྱོད་འཛུགས་སྐྲུན་གྱི་གྲུབ་འབྲས་གསར་པས་ལས་སྒྲུབ་གསར་གཏོད་ལ་མདུན་སྐྱོད་ཀྱི་སྟོབས་ཤུགས་གཅིག་སྡུད་བྱ་དགོས། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོས་འགག་རྩ་བྱས་ཏེ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་ངོ་རྒོལ་བྱེད་པའི་བསམ་བློའི་རང་རྟོགས་དང་། ཆབ་སྲིད་ཀྱི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་ཤུགས་ཆེ་རུ་བཏང་ནས། གཞི་རིམ་གྱི་ཁུར་པོ་ཡང་གཏོང་གི་ཐབས་ཇུས་སོ་སོ་དོན་ཐོག་ཏུ་འཁྱོལ་བ་བྱས་ན། ང་ཚོས་གྲུབ་འབྲས་བཟང་པོས་ཀྲུང་གོ་གུང་ཁྲན་ཏང་ལོ་བརྒྱའི་འཁྲུངས་སྐར་ལ་དགའ་སྟོན་རྟེན་འབྲེལ་ཞུ་ཐུབ་ངེས། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1