སི་ཁྲོན་བོད་འབྲེལ་ས་ཁུལ་གྱིས་རྟེན་འབྲེལ་ཚོགས་ཆེན་ལ་བལྟས་པ་དང་། ཞི་ཅིན་ཕིང་གི“བདུན་གཅིག”གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་བྱས།

རྣམ་དཀར་ལྷ་མོས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 07-07


རྔ་བ་རྫོང་བོད་ཡིག་སློབ་འབྲིང་གི་དགེ་སློབ་རྣམས་ཀྱིས་ཚོགས་ཆེན་ཐད་གཏོང་ལ་ལྟ་བཞིན་པ། 

སྤྱི་ཟླ་7པའི་ཚེས་1ཉིན་གྱི་སྔ་དྲོའི་ཆུ་ཚོད་8ཐོག །ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་100འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་པེ་ཅིང་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་གཟབ་རྒྱས་ངང་འཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་། སི་ཁྲོན་གྱི་བོད་འབྲེལ་ཁུལ་དང་རྫོང་སོ་སོའི་རྒྱ་ཆེའི་ཏང་ཡོན་ལས་བྱེད་མང་ཚོགས་ཀྱིས་རྒྱང་བསྒྲགས་བརྙན་འཕྲིན་དང་། མཉམ་འབྲེལ་དྲ་རྒྱ་སོགས་བརྒྱུད་དེ་ཚོགས་ཆེན་ཐད་གཏོང་ལ་བལྟས་པ་དང་སློབ་སྦྱོང་བྱས།

གྲྭ་པ་ཚོས་མཉམ་དུ་ཚོགས་ཆེན་ཐད་གཏོང་ལ་ལྟ་བཞིན་པ།

གསེར་རྟ་རྫོང་གི་ལས་འཁྱུར་ངལ་གསོ་བྱས་པའི་ཏང་ཡོན་རྒན་པ་མཁས་གྲུབ་ཀྱིས་བཤད་རྒྱུར། དེ་རིང་སྔ་མོར། ངེད་ཁྱིམ་མི་ཚང་མས་ཚོགས་ཆེན་ཐད་གཏོང་ལ་བལྟས་པ་དང་། སེམས་འགུལ་ཆེན་པོ་ཐེབས་སོང་། ད་ལོར། ང་རང་ཏང་དུ་ཞུགས་ནས་ལོ་ངོ་50ལོན་ཡོད། ཉིན་འགའི་ཡར་སྔོན་དུ། རྫོང་ཨུས་མཛད་སྒོ་སྤེལ་ཏེ་ཏང་དུ་ཞུགས་ནས་ལོ་ངོ་50ལོན་པའི་རྗེས་དྲན་གཟེངས་རྟགས་གནང་བྱུང་། ཏང་ཡོན་རྒན་པ་ཞིག་གི་ཆ་ནས། འདི་ནི་གཟི་བརྗིད་རེད། ཏང་གི་དབུ་ཁྲིད་འོག །ང་ཚོའི་རྫོང་ལ་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འཕེལ་རྒྱས་འགྱུར་ལྡོག་བྱུང་ཞིང་། མི་སེར་གྱི་འཚོ་བ་བདེ་སྐྱིད་ལྡན་པར་གྱུར། ཡོད་ཚད་ཏང་གི་བཀའ་དྲིན་རེད། །

རྔ་བ་ཀིརྟི་དགོན་པའི་གྲྭ་པ་དང་ལས་བྱེད་པས་ཚོགས་ཆེན་ཐད་གཏོང་ལ་ལྟ་བཞིན་པ།

ལས་འཁྱུར་ངལ་གསོ་བྱས་པའི་ཏང་ཡོན་རྒན་པ་མཁས་གྲུབ་ཀྱིས་ཚོགས་ཆེན་ཐད་གཏོང་ལ་ལྟ་བཞིན་པ

གསེར་རྟ་རྫོང་གི་ལས་བྱེད་མང་ཚོགས་ཀྱིས་ཚོགས་ཆེན་ཐད་གཏོང་ལ་ལྟ་བཞིན་པ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1