སི་ཁྲོན་བོད་འབྲེལ་ས་ཁུལ་གྱིས་ཏང་དབུ་བརྙེས་ནས་ལོ་100འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་རབ་དང་རིམ་པ་སྤེལ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 07-07


དཀར་མཛེས་ཁུལ་རོང་བྲག་རྫོང་མི་དམངས་སྲིད་གཞུང་གི་ཏང་ཙུའུ་དང་། རྫོང་སྲིད་གཞུང་གཞུང་ལས་ཁང་གི་ཏང་ཀྲི་པུའུ་ཡིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ།

ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་100འཁོར་བར་རྟེན་འབྲེལ་ཞུ་བ་དང་། ཏང་གི་མཚར་སྡུག་འོད་སྟོང་འབར་བའི་ལོ་རྒྱུས་བརྒྱུད་རིམ་ལ་ཕྱི་མིག་ལྟ་བ། སྔོན་གཤེགས་དཔའ་བོ་རྣམས་ཀྱི་རླབས་ཆེན་བྱས་རྗེས་ལ་རྗེས་དྲན་ཞུ་བ། ཏང་གི་སྲོལ་རྒྱུན་བཟང་པོ་རྒྱུད་འཛིན་བྱས་ཏེ། མུ་མཐུད་དུ་ཏང་རྩ་འཛུགས་ཀྱི་གོང་བུར་འགྲིལ་ཤུགས་དང་། འབོད་སྐུལ་ནུས་ཤུགས། འཐབ་རྩོད་ནུས་ཤུགས་མཐོར་འདེགས་གཏང་ཆེད། བསྟུད་མར་ཉིན་དུ་མའི་རིང་། སི་ཁྲོན་བོད་འབྲེལ་ཁུལ་དང་རྫོང་སོ་སོའི་ལས་རིགས་ཁག་གི་རྒྱ་ཆེའི་ཏང་ཡོན་ལས་བྱེད་མང་ཚོགས་ཀྱིས་ཏང་དབུ་བརྙེས་ནས་ལོ་100འཁོར་བར་རྟེན་འབྲེལ་ཞུ་བའི་མུ་འབྲེལ་བྱེད་སྒོ་སྤེལ། ། 

རྔ་བ་ཁུལ་ཀིརྟི་དགོན་དོ་དམ་ཨུ་ལྷན་གྱི་ལས་བཟོ་པ་ཡོངས་ཀྱིས་ཏང་གི་ལོ་བརྒྱའི་འཁྲུངས་སྐར་ལ་གླུ་ཡི་མཆོད་པ་ཕུལ། སྐལ་བཟང་ཚེ་བརྟན་གྱིས་པར་བླངས།

མཛོད་དགེ་རྫོང་གིས་ལོ་རྒྱུས་ཕྱིར་དྲན་དང་སྔོན་གཤེགས་དཔའ་བོར་རྗེས་དྲན་ཞུ་བའི་བྱེད་སྒོ་སྤེལ།

རྔ་བ་རྫོང་གིས་དམར་པོའི་ཐོན་ཁུངས་སྤྱད་དེ་ཡུལ་དངོས་སློབ་ཁྲིད་སྤེལ་བ།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1