1934ལོའི་ཟླ་10པར་ཀྲུང་དབྱང་གསར་བརྗེའི་གནས་གཞིའི་ས་ཁུལ་དུ“གནས་ཚང་མཐའ་བསྐོར”གྱི་ངོ་རྒོལ་ཐེངས་ལྔ་པ་དེ་ཕམ་རྗེས་ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོའི་བཟོ་ཞིང་དམར་དམག་གི་སྣེ་ཁྲིད་དེ་འཐབ་ཇུས་བསྒྱུར་ནས་རླབས་ཆེན་གྱི་རྒྱང་སྐྱོད་བྱས་ཏེ། ཀྲུང་གོའི་གསར་བརྗེའི་ལོ་རྒྱུས་སུ་འགྲན་ཟླ་བྲལ་བའི་སྔོན་བྱོན་དཔའ་བོའི་ལོ་རྒྱུས་མང་དུ་བཞག་ཡོད།
1935ལོའི་ཟླ་4པ་ནས་1936ལོའི་ཟླ་8པའི་བར་ཀྲུང་གོའི་བཟོ་ཞིང་དམར་དམག་གི་དམག་ཤོག་དང་པོ་དང་གཉིས་པ། གསུམ་པ་བཅས་གཅིག་རྗེས་གཉིས་མཐུད་དུ་སི་ཁྲོན་གྱི་ནུབ་བྱང་རྒྱུད་དུ་བསྐྱོད་ནས་དམག་འཐབ་བྱས།(དེང་གི་སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་དང་ཆའང་རིགས་རང་སྐྱོང་ཁུལ་གྱི་ས་ཁོངས)རྔ་བ་ས་ཁུལ་ནི་རྒྱང་སྐྱོད་སྐབས་སུ་དམར་དམག་ཆེས་མང་བ་དང་བཅའ་སྡོད་བྱེད་ཡུན་རིང་ཤོས་ཡིན་ལ། རྒྱང་སྐྱོད་བྱེད་སྐབས་རང་བྱུང་ཁོར་ཡུག་གི་ཆ་རྐྱེན་ཞན་ཤོས་དང་ཏང་ནང་གི་འཐབ་རྩོད་ཛ་དྲག་ཆེ་ཤོས་ཀྱི་ས་ཁུལ་ཞིག་ཀྱང་ཡིན་པས། གནས་འདིར་རླབས་ཆེན་གྱི་གངས་རི་དང་རྩྭ་ཐང་གི་སྙིང་སྟོབས་བཏོད་པར་མའོ་ཙེ་ཏུང་གིས་ཀྲུང་གོའི་གསར་བརྗེའི་ལོ་རྒྱུས་ཐོག་དམིགས་བསལ་ལྡན་པའི“ནོར་གནག་གི་གསར་བརྗེ”ཞེས་བསྔགས་བརྗོད་བྱས་ཡོད།
བཙན་ལྷ་ཏ་ཝེ་ནས་དམག་དཔུང་ལྷན་འཛོམས་བྱུང་བ།
1935ལོའི་ཟླ་6པའི་ཚེས་12ཉིན། ཀྲུང་དབྱང་དམར་དམག་གི་སྔོན་སྐྱོད་དམག་དཔུང་གི་འབུམ་ཤོག་དང་པོའི་ཁྲི་ཤོག་གཉིས་པའི་མདའ་ཤོག་བཞི་པ་དང་དམར་དམག་གི་དམག་ཤོག་བཞི་པའི་འབུམ་ཤོག་དགུ་པའི་ཁྲི་ཤོག་ཉེར་ལྔ་པའི་མདའ་ཤོག་དོན་བཞི་པ་གཉིས་ཏ་ཝེ་ནས་ལྷན་འཛོམས་བྱུང་། མའོ་ཙེ་ཏུང་དང་ཀྲོའུ་ཨེན་ལའེ། ཀྲུའུ་ཏེ། ཀྲང་ཝུན་ཐེན་སོགས་ཀྲུང་དབྱང་དང་ཀྲུང་སུའུ་གསར་བརྗེ་དམག་ཨུའི་འགན་འཁུར་བས་སྣེ་ཁྲིད་དེ་དམག་དཔུང་དབུས་མ་དང་ཀྲུང་དབྱང་ལས་ཁུངས་ཀྱིས་ཀྱ་ཀྱུ་ལ་མོ་བརྒལ་ནས་ཏ་ཝེར་སླེབས་སྐབས། ཏ་ཝེའི་ཟམ་མགོ་ནས་དམར་དམག་གི་དམག་ཤོག་བཞི་པས་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས།
བཙན་ལྷའི་ཆུ་དགར་གྲོས་ཚོགས།
1935ལོའི་ཟླ་6ཚེས་29ཉིན། ཀྲུང་གུང་ཀྲུང་དབྱང་གིས་བཙན་ལྷ་རྫོང་གི་ཆུ་དགར་ས་ཁུལ་དུ་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའི་གྲོས་ཚོགས་འཚོགས་ཏེ། རྒྱལ་ཡོངས་ཀྱི་འཇར་འགོག་གནད་དོན་ལ་ཞིབ་འཇུག་བྱས་པར་མ་ཟད། ད་དུང་རྩ་འཛུགས་ཀྱི་གནད་དོན་ལ་གྲོས་བསྡུར་བྱ
འབར་ཁམས་ཅོག་ཙེའི་གྲོས་ཚོགས།
1935ལོའི་6ཚེས་30ཉིན་གྱི་སྔ་གཞུག་ཏུ། ཀྲུང་གུང་ཀྲུང་དབྱང་དང་ཀྲུང་གོའི་གསར་བརྗེའི་དམག་ཨུ་ཡིས། དམར་དམག་དང་པོའི་དམག་ཤུགས་གཙོ་བོ་ཁྲིད་དེ་ཆུ་དགར་ནས་འབོ་བྲེ་ལར་བརྒལ་ཏེ། ཟླ་7ཚེས་1ཉིན་ཅོག་ཙེ་རུ་ཐོན་ཏེ། ཟླ་7ཚེས་3ཉིན། ཅོག་ཙེ་རྒྱལ་པོའི་མཁར་གྲོང་དུ་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་གྲོས་ཚོགས་འཚོགས་ཤིང་། དེ་ལ་ཅོག་ཙེའི་གྲོས་ཚོགས་ཞེས་འབོད། གྲོས་ཚོགས་སུ་མི་རིགས་ཀྱི་སྲིད་ཇུས་དང་མི་རིགས་ཀྱི་ལས་དོན་འབྲེལ་ཡོད་ཀྱི་གནད་དོན་གཙོ་བོར་གྲོས་བསྡུར་བྱས་ཏེ། 《བོད་ལྗོངས་མི་རིགས་གསར་བརྗེའི་ལས་འགུལ་གྱི་འཐབ་རྩོད་རྩ་འཛིན》ཞེས་པར་གྲོས་འཆམ་བྱུང་།
ཁྲོ་ཆུ་རྡོ་ཁའི་གྲོས་ཚོགས།
1935ལོའི་ཟླ་7ཚེས་18ཉིན། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུས་རྡོ་ཁ་ནས་རྒྱས་འཛོམས་ཚོགས་འདུ་ཐེངས་གཅིག་འཚོགས་ནས་ཆེད་དུ་རྩ་འཛུགས་ཀྱི་གནད་དོན་ལ་ཞིབ་འཇུག་བྱས་པ་དང་དམར་དམག་གི་དམག་དཔུང་བཞི་པའི་ལས་དོན་ལ་དངོས་ཐོག་བདེན་འཚོལ་གྱིས་དབྱེ་ཞིབ་དང་ཕྱོགས་ཡོངས་ནས་གདེང་འཇོག་བྱས་པར་མ་ཟད་ནོར་འཁྲུལ་དང་མི་འདང་པའང་བཏོནཡོད། དམར་དམག་གི་དམག་དཔུང་དང་པོ་དང་བཞི་པའི་འགོ་ཁྲིད་རྣམས་ཀྱིས་ལྷག་བསམ་ཟོལ་མེད་ཀྱིས་ལྟ་ཚུལ་བརྗེ་རེས་བྱས་པ་དེས་ཕན་ཚུན་ཤེས་རྟོགས་ཇེ་ཟབ་ཏུ་བཏང་སྟེ་དམག་དཔུང་གཉིས་ཀྱི་མཐུན་སྒྲིལ་དང་། གཅིག་གྱུར་གྱིས་འགོ་ཁྲིད། བཀོད་འདོམས་བཅས་ལ་སྐུལ་འདེད་བཏང་།
ཧུང་ཡོན་སྦྲ་ཆེན་གྱི་དམར་དམག་རྒྱང་སྐྱོད་གནས་གཞི།
1936ལོའི་ཟླ་8པའི་ཟླ་སྟོད་དུ། དམར་གམག་གི་དམག་ཤོག་གཉིས་པ་དང་བཞི་པའི་རུ་དཔུང་ཁག་ཅིག་རྔ་བ་རྫོང་ནས་ལམ་ལ་ཆས་ཏེ་ཧུང་ཡོན་རྫོང་བརྒྱུད་པས་སྐ་ཆུ་བརྒལ་བར་མ་ཟད། རི་རྒན་ན་གཞུང་ཆེན་མོ་བརྒལ་ནས་དཀའ་ངལ་ཆེ་བའི་མུ་མཐའ་མེད་པའི་རྩྭ་ཐང་བརྒལ་འགོ་བརྩམས།
མཛོད་དགེའི་དཔལ་སྐྱིད་གྲོས་ཚོགས་ཀྱི་རྗེས་ཤུལ།
དམར་དམག་རྒྱང་སྐྱོད་དྲན་གསོའི་རྡོ་རིང་གླིང་ནི་ཀྲུང་གུང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུས་མིའི་རིགས་ཀྱི་ལོ་རྒྱུས་ཐོག་གི་ངོ་མཚར་བའི་དམར་དམག་རྒྱང་སྐྱོད་ལ་དྲན་གསོ་ཞུ་ཆེད་བསྐྲུན་པ་ཡིན་ལ། 1988ལོའི་ཟླ་6ཚེས་12ཉིན་རྩིག་རྨང་བཟོས་པ་དང་1990ལོའི་ཟླ་8པར་བཙུགས། བློ་མཐུན་ཏེང་ཞའོ་ཕིང་གིས་དངོས་སུ་དྲན་གསོའི་རྡོ་རིང་གླིང་གི་མིང་ལ“དམར་དམག་རྒྱང་སྐྱོད་དྲན་གསོའི་རྡོ་རིང་གླིང”ཞེས་བྲིས།