བློ་ཁ་ཏང་ལ་ཕྱོགས་། བདེ་སྐྱིད་བསྟོད་དབྱངས་འབུལ།

བསྟན་འཛིན་ཉི་མ། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 07-07


1998ལོར། བྲག་འགོ་རྫོང་ཝུའུ་ལན་མུའུ་ཆི་འཁྲབ་སྟོན་རུ་ཁག་གཞི་རིམ་དུ་བསྐྱོད་པ།

2021ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་100འཁོར་བའི་ལོ་ཡིན་ལ། བཞུད་ཟིན་པའི་ལོ་ཟླ་ཕྱིར་མིག་བལྟས་དུས། རླབས་ཆེན་གྱི་ཀྲུང་གོ་གུང་ཁྲན་ཏང་གིས་བགྲང་བྱ་100ཡི་དཀའ་སྡུག་ལོ་ཟླ་བརྒྱུད་མྱོང་ལ། བགྲང་བྱ་100ཡི་མཚར་སྡུག་ལོ་ཟླའི་ནང་། ཏང་གི་གཟི་འོད་དུས་དང་རྣམ་པ་ཀུན་དུ་གངས་ལྗོངས་མཐོ་སྒང་དུ་འཕྲོས་ཏེ། བོད་རིགས་མི་དམངས་བདེ་སྐྱིད་དཔལ་ལ་བཀོད།

བདེ་སྐྱིད་འཚོ་བའི་ལེའུ།

ད་ལྟ་དུས་རབས་གསར་པར་སླེབས་ཏེ། ཏང་དང་རྒྱལ་ཁབ་ཀྱི་སྲ་ཞིང་བརྟན་པའི་དབུ་ཁྲིད་འོག །སི་ཁྲོན་བོད་འབྲེལ་ས་ཁུལ་དེ་གྲོང་གསེབ་དར་རྒྱས་ཀྱི་བགྲོད་ལམ་དུ་ཐོག་མའི་སེམས་འདུན་མི་བརྗེད་པར། འབད་བརྩོན་ཆེན་པོས་མདུན་དུ་སྐྱོད་བཞིན། རྒྱ་ཆེའི་བོད་རིགས་མང་ཚོགས་ཀྱིས་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་བདེ་སྐྱིད་ཀྱི་འཚོ་བ་གསར་པ་འཛུམ་གྱིས་བསུ་བཞིན་མཆིས།


སྤྲོ་སྐྱིད་ལྡན་པའི་ཁྱིམ་གཞིས།


གློག་ནུས་ཆ་འཕྲིན་འཕེལ་རྒྱས་ཀྱི་ལེའུ།

ཀི་རྒྱག་པ་ནི་བོད་ཀྱི་སྲོལ་རྒྱུན་གྱི་ཆ་འཕྲིན་བརྒྱུད་སྒྲོག་བྱེད་སྟབས་ཤིག་ཡིན་ཀྱང་། ད་ལྟ་རང་རེའི་རྒྱལ་ཁབ་ཀྱི་ཆ་འཕྲིན་ལག་རྩལ་མུ་མཐུད་དུ་འཕེལ་རྒྱས་ཕྱིན་པ་དང་ལྷན་དུ། བོད་ཁུལ་མང་ཚོགས་ཀྱིས་དུས་རབས་ཀྱི་འགྲོས་དང་བསྟུན་ནས་ཁ་པར་དང་གློག་ཀླད་སོགས་སྤྱོད་བཞིན་ཡོད་ལ། སི་ཁྲོན་བོད་ཁུལ་གྱི་ས་ཁོངས་སུ་ཧ་ལམ་ཆ་འཕྲིན་དྲ་བ་ཡོངས་ཁེབས་མངོན་འགྱུར་བྱུང་ཡོད།




དུས་རབས་ཉེར་གཅིག་པའི་དུས་སྟོད་ཀྱི་་ཁ་པར།

འགྲིམ་འགྲུལ་འགྱུར་ལྡོག་གི་ལེའུ།

སྲོལ་རྒྱུན་གྱི་ཁལ་མ་ནས་ད་ལྟའི་འཕྲུལ་རྟ་དང་རླངས་འཁོར་སོགས་ཀྱི་བར། སི་ཁྲོན་བོད་འབྲེལ་ས་ཁུལ་གྱི་མང་ཚོགས་རྣམས་ཀྱི་འགྲིམ་འགྲུལ་ཡོ་བྱད་དུས་རབས་དང་མཐུན་ཞིང་འཕེལ་རྒྱས་ཀྱི་འགྲོས་ཚད་ཤིན་ཏུ་མྱུར་ལ། འབྲོག་ཁུལ་དུ་འཕྲུལ་རྟ་ནི་རྫི་རྟ་རུ་གྱུར་ཡོད།


རྒྱལ་མོ་རྔུལ་ཆུ་འཕྲེད་དུ་བཅད་པའི་ཁམས་དར་ཟམ་ཆེན།


འདབ་པའི་ཉི་སྟེང་གནམ་ཐང་། 

ཞིང་འབྲོག་ལས་རིགས་དེང་རབས་ཅན་གྱི་ལེའུ།

ཉེ་བའི་ལོ་འགའི་རིང་། སི་ཁྲོན་བོད་འབྲེལ་ས་ཁུལ་གྱིས་ཁྱད་ལྡན་ཐོན་ཁུངས་ཀྱི་ལེགས་ཆ་ལ་བརྟེན་ནས། ཞིང་ལས་དེང་རབས་ཅན་ལ་སྐུལ་འདེད་དང་སྐྱེ་ཁམས་ཞིང་ལས་འཕེལ་རྒྱས་བཏང་ཡོད། “རྟེན་གཞི་འཛུགས་པ་དང་། ཐོན་ལས་གསོ་བ། ཐོན་རྫས་འདྲེན་པ། ཚོང་རྟགས་གཏོད་པ”བཅས་ཀྱི་ཐད་འབད་བརྩོན་ཆེན་པོ་བྱས་ཏེ་སྣོད་བཅུད་ཞིང་ལས་མགྱོགས་མྱུར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ནུས་ལྡན་བཏང་བ་དང་། ཆེད་ལས་མཉམ་ལས་ཁང་ཁག་གཅིག་བཙུགས་ནས་ཞིང་ལས་ཐོན་རྫས་ཀྱི་རིན་ཐང་མཐོ་རུ་གཏོང་བར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ཡོད།



སྔོན་ཆད་བོད་རིགས་མང་ཚོགས་ཀྱི་སྲོལ་རྒྱུན་གྱི་ཞིང་ལས་དང་ཕྱུགས་ལས་ཀྱི་རྣམ་པ།



སྨན་བཅོས་འགན་སྲུང་གི་ལེའུ།

ཐུམ་འབུའི་ནད་དང་གློ་གཅོང་གི་ནད་སོགས་ནི་བོད་འབྲེལ་ས་ཁུལ་མང་ཚོགས་ཀྱི་ཚེ་སྲོག་འཕྲོག་པའི་གཤེད་མ་གཏུམ་ཤོས་ཤིག་ཡིན་ཀྱང་། དེང་སྐབས་དེ་ལ་ཚོད་འཛིན་དང་སྨན་བཅོས་ནུས་ལྡན་བྱེད་བཞིན་ཡོད། སི་ཁྲོན་བོད་འབྲེལ་ས་ཁུལ་གྱི་སྨན་བཅོས་འགན་ལེན་བྱ་བཞག་ལ་འཕེལ་རྒྱས་གསར་པ་བྱུང་ཡོད་དེ། ཡིག་ཚགས་དང་བྱང་བུ་བཟོས་པའི་མི་འབོར་དབུལ་པོ་100%འགན་བཅོལ་ནང་ཞུགས་ཤིང་། སྨན་བཅོས་རྣམ་གྲངས་གང་མང་ཞིག་རྒྱལ་ཁབ་ཀྱི་སྨན་བཅོས་འགན་བཅོལ་གྱི་རྩིས་ཞུའི་ཁྱབ་ཁོངས་ནང་བཅུག་པས། བོད་འབྲེལ་ས་ཁུལ་གྱི་མང་ཚོགས་དེ་བས་མང་བར་ཕན་པ་སྐྲུན་བཞིན་ཡོད།





སློབ་གསོ་ཡར་རྒྱས་ཀྱི་ལེའུ།

བོད་འབྲེལ་ས་ཁུལ་དུ་རང་བྱུང་ཁོར་ཡུག་སོགས་ཀྱིས་རྐྱེན་གྱིས་སློབ་གསོ་ཡར་རྒྱས་ཡོང་བར་བཀག་འགོག་ཚབས་ཆེན་ཐེབས་ཡོད། སློབ་གསོ་ཉམས་ཞན་ལས་ཤེས་ལྡན་མི་སྣ་མི་འདང་བ་དང་། ཤེས་ལྡན་མི་སྣ་མི་འདང་བ་ལས་དཔལ་འབྱོར་འཕེལ་རྒྱས་ལ་ཚོད་འཛིན་ཐེབས་པ། རང་རེའི་ཞིང་ཆེན་གྱིས་དུས་ཡུན་རིང་པོའི་ནང་མ་དངུལ་འབོར་ཆེན་བཏང་སྟེ་བོད་འབྲེལ་ས་ཁུལ་གྱི་སློབ་གྲྭའི་ཆ་རྐྱེན་ཇེ་ལེགས་སུ་བཏང་ཡོད་ལ། “9+3”གྱི་སློབ་གསོའི་འཆར་གཞི་སོགས་མུ་མཐུད་དུ་སྤེལ་བས། དེང་དུས་ཀྱི་སློབ་གསོ་འཕེལ་རྒྱས་ཀྱི་མྱུར་བགྲོད་ལམ་བུའི་ཐོག་མགྱོགས་མྱུར་སྒོས་སྐྱོད་བཞིན་ཡོད།




སྐྱེ་ཁམས་དཔལ་ཡོན་གྱི་ལེའུ།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། དྭངས་གཙང་གི་ཆུ་བོ་དང་སྔོ་ལྗང་གི་རི་བོ་ནི་གསེར་རི་དངུལ་རི་ལས་ཀྱང་ལྷག་ལ། སྣོད་བཅུད་ཁོར་ཡུག་བཟང་པོ་ནི་ཆེས་འདྲ་མཉམ་གྱི་སྤྱི་པའི་ཐོན་རྫས་ཤིག་དང་ཀུན་ཕན་གྱི་དམངས་འཚོའི་བདེ་སྐྱིད་ཅིག་རེད་ཅེས་གསུངས་མྱོང་། སི་ཁྲོན་བོད་ཁུལ་ལ་ཐུན་མོང་མ་ཡིན་པའི་སྣོད་བཅུད་ཐོན་ཁུངས་བཟང་པོ་ཡོད་པ་དང་། གནའ་ནས་བཟུང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་རིག་གནས་ཀྱང་གཏིང་ཟབ་པོར་ལྡན། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དེ་ཐོག་མཐའ་བར་གསུམ་དུ་བརྒྱུད་རིམ་ལྡན་པའི་འཕེལ་རྒྱས་ཁྲོད་ཁྱབ་པར་མ་ཟད། རྒྱུན་མཐུད་འཕེལ་རྒྱས་དར་སྤེལ་དང་རྒྱུན་འཛིན་བྱེད་བཞིན་ཡོད།



རྟའུའི་སྐྱེ་ཁམས་ཡུལ་ལྗོངས།






དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1