ལོ་བརྒྱའི་གཟི་བརྗིད།

ཁྱེའུ་ལྷ་སྲས། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 07-29


དགུང་སྔོན་དབྱིངས་ཀྱི་རྒོད་པོ་ཁྱུས། །

ལོང་ལོང་སྤྲིན་པ་གདན་དུ་བཏིངས། །

མི་འཇིགས་རྩལ་གྱི་དཔའ་འབར་བས། །

བགྲང་བྱ་བརྒྱ་ཡི་གཤོག་རླབས་རྒྱས། །

བསྐལ་བཟང་དུས་ཀྱི་རྒྱལ་ཁམས་འདིའི། །

སྐལ་ལྡན་རིགས་ཀྱི་མངའ་འབངས་ལ། །

མུན་པའི་ཚོགས་རྣམས་འཇོམས་བྱེད་དུ། །

ཕྱོགས་མེད་རྟ་བདུན་ལྷ་ལམ་དྲངས། །

སྲིད་འབྱོར་རིག་པའི་བང་ཁ་འདིར། །

དབུལ་ཕྱུག་མཉམ་པའི་གཤོག་ཟུང་གཡོ། །

མདུན་སྐྱོད་སྤོབས་པ་མ་ཞུམ་པའི། །

ཏང་གི་མཛད་རྗེས་བསྔགས་པར་བརྗོད། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1