ལོ་བརྒྱའི་གཟི་འོད།

དྷི་རང་འབར། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 07-29


འཐེན་འཁྱེར་ལྟ་བ་རྒྱང་དུ་འཕངས་ནས་ཡངས་པའི་ལྟ་བ་ཐོད་དུ་འཆིང་། །

ཕྱོགས་ལྷུང་སྤྱོད་པ་ཟུར་དུ་གཡུགས་ནས་ཕྱོགས་བྲལ་སྤྱོད་པ་རྩི་མཐོང་ཆེ། །

སྒེར་གཅོད་ཕྲིན་ལས་ཐུར་དུ་རྫོང་ནས་ཀུན་ཕན་ཕྲིན་ལས་གཙུག་ཏུ་བཀུར། །

ཡང་དག་ལོ་བརྒྱ་ལམ་དུ་དོད་ནས་མཁའ་ལྡིང་ལོ་བརྒྱ་གཤོག་རྩལ་རྒོད། །

ཀླད་པའི་རྩལ་ལས་ཀླད་པ་སྨིན་ནས་ཕྱོགས་བཅུ་རིག་པ་གཅིག་ཏུ་དཀྲོལ། །

སྲིད་འབྱོར་རིག་གསུམ་སྲིད་ལ་ཤར་ནས་ང་དྲུག་མི་རིགས་རྟོགས་སད་འགྱུར། །

ཡོངས་ཀྱི་འདོད་དོན་ཡོངས་ལ་བསྩལ་ནས་ཕོ་མོ་འདྲ་མཉམ་རྣམ་དཔྱོད་རྒྱས། །

ལོ་ཡི་འཁོར་མོ་ལོ་བརྒྱ་རྫོགས་ནས་རྫོགས་ལྡན་དུས་ཀྱི་སྐྱ་རེངས་འཆར། །

དྲང་བདེན་སྤོབས་པ་གངས་ལས་མཐོ་བས་དྲང་བདེན་རྣམ་བཞག་རྣམ་པར་རྒྱལ། །

ཞུམ་མེད་སྙིང་སྟོབས་མེ་ལྟར་འབར་བས་ཞུམ་མེད་བརྩོན་འགྲུས་བརྩོན་པར་གྱུར། །

འབངས་ཀྱི་འཚོ་བའི་ཡར་རྒྱས་མགྱོགས་པས་འབངས་ཀྱི་བསམ་བློ་ཀུན་སྤྱོད་ཡག །

ཀྲུང་གོ་གསར་པ་ཏང་གི་དྲིན་བཟང་ཀྲུང་གོ་རྒྱལ་ཁབ་རྒྱལ་གྱུར་ཅིག ། 


རྩོམ་ཡིག་སྔོན་མ།
ལོ་བརྒྱའི་གཟི་བརྗིད།
རྩོམ་ཡིག་རྗེས་མ།
དམ་བེ་ལྗང་གུ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1