ང་ཡི་གླུ་གཞས་ཕྲ་མོ།

ཅི་ཏི་མ་ཅ། (པེ་ཅིང) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-02


རི་མཐོན་པོ་དང་ཐང་བདེ་མོར་འཕུར་མྱོང་བའི།

སེམས་ཀྱི་སྙིང་ནོར་དུ་འཛིན་པའི་ལྷ་བྱ་དེ་ནི།

ང་ཡི་གླུ་གཞས་ཕྲ་མོ་ཡིན།

འཛུམ་མདངས་ལས་བཞུར་བའི་མིག་ཆུ་དེ།

ཐོག་མའི་བརྩེ་དུང་ཆགས་པའི་མཚོ་རླབས་བཞིན།

རྒྱང་རིང་གི་གནམ་སའི་འབྲེལ་མཚམས་སུ་འཁྱིལ་བའི།

ནག་ཐིང་ཐིང་གི་གཙང་བོ་དེ་ཡིན་ལ།

གནའ་བོའི་མི་རིགས་ཤིག་ལ་ཕུལ་བའི།

བཞད་མ་ཐག་པའི་མེ་ཏོག་ཆུན་པོ་དེའང་ཡིན།

ང་ཡི་གླུ་གཞས་ཕྲ་མོ་ནི།

ཨ་སྔོན་དབྱིངས་སུ་རྒྱུ་བའི།

ལང་ལོང་འཕྱུར་བའི་སྤྲིན་པ་དཀར་བོ་དེ་ཡིན།

(རྒྱལ་མོའི་ཚེ་དཔག་སྐྱབས་ཀྱིས་བསྒྱུར)


ང་ཡི་གླུ་གཞས་ཕྲ་མོ་ནི།

དབེན་པའི་གཅོང་རོང་གི་བྲག་ཅ་ཡིན་ལ།

རི་སུལ་ནས་མཆེད་པའི་འབོད་སྒྲ་ཡིན།

ཆར་རླུང་དྲག་པོ་ལྡང་རྗེས་ཀྱི།

ཡི་གར་འོང་བའི་རབ་ཁ་དེ།

མ་ཡུམ་མེས་རྒྱལ་ལ་ཕུལ་བའི།

བླ་ན་མ་མཆིས་པའི་བརྩེ་དུང་དེ་ཡིན།


རྩོམ་ཡིག་སྔོན་མ།
ཛམ་བྷ་སྐྱབས།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1