བོད་སྡེ་ཕྲ་མོའི་ཆོད་སེམས།—— མགོ་རྗེའི་གྲོས་ཚོགས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-02


མགོ་རྗེ་གྲོས་ཚོགས(俄界会议)ནི༡༩༣༥ལོའི་ཟླ༩བའི་ཚེས༡༢ལ་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་ཐེ་བོ་རྫོང་མགོ་རྗེ་སྡེ་བའི་ནང་དུ་ཚོགས་པའི་གྲོས་ཚོགས་ཤིག་སྟེ། གྲོས་ཚོགས་ཀྱིས་ཀྲང་གོ་ཐའོ་ཡིས་ཏང་དང་དམར་དམག་ཁ་བྲལ་གཏོང་བའི་སྐྱོན་ཆ་དང་དམག་དཔུང་གི་སྒྲིག་གཞི་ལེགས་སྒྲིག་གི་གནད་དོན་གྲོས་བསྡུར་བྱས་ཤིང་། 《 བློ་མཐུན་ཀྲང་གོ་ཐའོ་ཡི་ནོར་འཁྲུལ་སྐོར་གྱི་ཐག་གཅོད》ལ་གྲོས་འཆམ་བྱུང་བ་དང་། ལྷག་པར་དུ་མའོ་ཙེ་ཏུང་དང་ཀྲོའུ་ཨིན་ལེ་སོགས་མི་ལྔ་ལས་གྲུབ་པའི་འགོ་ཁྲིད་ཚན་ཆུང་བཙུགས་ཏེ་དམར་དམག་ལ་འགོ་ཁྲིད་གནང་རྒྱུའི་གྲོས་ཐག་བཅད་དོ།། —— ཁ་བྱང་གི་འགྲེལ།

གསར་བརྗེའི་མེ་སྟག་རྩ་ནས་གསོ་ཞིང་ཕྱོགས་སུ་སྤེལ་བའི་ལོ་ཟླ་རུ།།

ཉིས་ཁྲི་ལྔ་སྟོང་རྒྱང་སྐྱོད་ལམ་དུ་འཇིགས་སྐྲག་དཀའ་ཚེགས་མ་མྱངས་མེད།།

ངོ་མཚར་གཏམ་རྒྱུད་དཔའ་བོའི་ལོ་རྒྱུས་དོན་ལྡན་གནས་ཚུལ་མང་པོའི་ཁྲོད།།

རྫ་བྲག་སྤང་རིས་བསྐོར་བའི་ཁྲོད་ན་བོད་སྡེ་ཆུང་ཆུང་ཡིད་གར་འོང་།།

དམར་པོའི་དམག་གི་རྒྱང་སྐྱོད་ཆེན་པོར་ཕམ་ཉེས་ཉེན་ཁ་ཐུག་པའི་ཚེ།།

བོད་ཁང་གྲུ་བཞིའི་གྲོས་ཚོགས་དེ་ཡིས་ཏང་དང་དམར་དམག་ཡོངས་སུ་སྐྱབས།།

ནང་ཁག་མི་འཆམ་ལམ་ཕྱོགས་མི་མཐུན་ནོར་འཁྲུལ་བསམ་བློ་ཡོ་བསྲང་གིས།།

ཀྲང་གོ་ཐའོ་ཡི་ཨུ་ཚུགས་ལས་བྱུང་ཁ་བྲལ་ལམ་ཕྱོགས་སུན་འབྱིན་མཛད།།

དམག་དཔུང་སྒྲིག་གཞི་ལེགས་བཅོས་དང་བཅས་འཐབ་ཇུས་བྱེད་ཕྱོགས་ཐག་བཅད་ཅིང་།།

མི་ལྔས་གྲུབ་པའི་འགོ་ཁྲིད་ཚན་པས་དམར་དམག་ལ་ནི་བཀོད་འདོམས་མཛད།།

བྱང་ལམ་སྙེག་པའི་གྲོས་ཁ་གཅིག་མཐུན་རྒྱང་སྐྱོད་མཇུག་མཐའི་རྒྱལ་ཁ་ཆེ།།

དོན་སྙིང་ལྡན་པའི་ལོ་རྒྱུས་ལ་ནི་བོད་སྡེ་ཕྲ་མོའི་ལེའུ་བཀོད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1