ཏང་གི་བཀའ་དྲིན།

བུ་ཚེ་རིང་རྒན་པ། (གྲོ་མོ་རྫོང) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-02


ང་ཚོ་ཚང་མ་བྲན་གཡོག་བུ་རྒྱུད་ཡིན།།

ཏང་གི་དྲིན་གྱིས་ཡར་ལངས་བཅིངས་འགྲོལ་ཐོབ།།

དཔའ་བོ་ཁྲི་སྟོང་མང་པོའི་ལམ་སྟོན་ཏེ།།

གསར་བརྗེའི་དར་དམར་འོག་ཏུ་འཚར་ལོངས་བྱུང་།།

ཏང་གི་བཀའ་དྲིན་མ་བརྗེད་སེམས་སུ་ཡོད།།

ལྟེ་བའི་སྲོག་ཤིང་ཞི་ཅིང་ཕིང་ལ་དགའ།།

མི་རིགས་མཐུན་སྒྲིལ་ང་ཚོའི་སྲོག་རྩ་ཡིན།།

མེས་རྒྱལ་ཁྱིམ་ཚང་ཆེན་མོར་བདེ་སྐྱིད་ལྡན།།

ང་ཚོ་ཚང་མ་ཏང་གི་བུ་ཕྲུག་ཡིན།།

སྲིད་ཇུས་བཟང་པོ་ཉི་མའི་འོད་སྣང་འདྲ།།

ཕ་ཡུལ་འཛུགས་སྐྲུན་མེས་རྒྱལ་དར་རྒྱས་ཆེད།།

འབད་འབུངས་ལྷོད་མེད་ལེཊ་སྐྱེས་འབུལ་རྒྱུར་དགའ།།

སྲིད་ཇུས་བཟང་པོའི་སྦྲང་ཆར་བསིལ་མ་ཡིས།།

གནས་ཕྱོགས་གང་སར་འཕེལ་རྒྱས་གསོན་ཤུགས་རྒྱས།།

སྔོན་དུས་དབུལ་བོའི་དུད་ཚང་རེ་རེ་ཡིས།།

དབུལ་ཞྭ་ཕུད་དེ་འབྱོར་ཕྱུག་ལམ་དུ་སྐྱོད།།

རླབས་ཆེན་ཏང་གི་མཛད་ཕྱོགས་བཟང་པོ་དང་།།

སྤུན་ཟླ་མི་རིགས་ལྷག་བསམ་རོགས་སྐྱོར་དང་།།

ལས་བྱེད་བཟང་པོའི་ལམ་སྟོན་སྣེ་ཁྲིད་ཀྱིས།།

དབུལ་བཅོས་ཕྱུག་འགྱུར་ལམ་བུ་མཁའ་ལྟར་ཡངས།།

བསམ་བློར་བཅིངས་འགྲོལ་ཕྱུག་འགྱུར་ལམ་བུ་བཤངས།།

ཚན་རིག་སློབ་སྦྱོང་སྲོལ་བཟང་དར་སྤེལ་དང་།།

འཁོར་ཡུག་སྲུང་སྐྱོབ་མཐུན་སྒྲིལ་འབད་འབུངས་ཀྱིས།།

སྔོན་ཆད་དབུལ་པོ་ལོ་རྒྱུས་མིང་དུ་གྱུར།།

ཏང་དང་དམངས་ཀྱི་བཀའ་དྲིན་མ་བརྗེད་པར།།

རང་སྟོབས་རང་སྤེལ་ཕྱུག་འགྱུར་ལས་ལ་བརྩོན།།

འབྱོར་ཕྱུག་ཤེས་དཔལ་བདེ་སྐྱིད་ཕུན་ཚོགས་ཀྱི།།

ཕ་ཡུལ་འཛུགས་སྐྲུན་ཏང་གི་རྗེས་སུ་འབྲངས།།

ང་ཚོའི་ཁྱིམ་ཚང་ཡངས་ཤིང་བུ་ཕྲུག་མང་།།

མི་རིགས་ང་དྲུག་ཤ་རུས་གཅིག་གི་སྤུན།།

གཅིན་ཕན་གཅིག་རོགས་སྐྱིད་སྡུག་མཉམ་དུ་མྱོང་།།

ཤེས་དཔལ་ལམ་དུ་གོམ་སྟབས་ཆེན་པོས་སྐྱོད།།

ང་ཚོ་ཚང་མར་ཡིད་འོང་ཕུགས་བསམ་ལྡན།།

ཏང་གི་བཀའ་སློབ་ང་ཚོའི་ཁ་ཕྱོགས་ཡིན།།

ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི།།

ཕུགས་འདུན་ཆེད་དུ་མདུན་ནས་མདུན་དུ་སྐྱོད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1