མེ་ཏོག་གི་མཆོད་པ —— ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་འཁོར་བརྒྱ་ལོན་པའི་རྟེན་འབྲེལ་དུ།
སྙན་འགྱུར་བྱེ་བ་འབུམ་ཕྲག་དབྱངས་ཀྱི་མཛོད།། རྒྱུད་སྟོང་པི་ཝང་དཀྲོལ་བའི་ངོ་མཚར་གྱིས།། དྲི་ཟའི་འཇིག་རྟེན་ཁེངས་པ་བསྙིལ་བྱེད་པའི།། རྒྱལ་ཡུམ་དབྱངས་ཅན་ལྷ་མོར་གུས་པར་འདུད།། བཅུ་དྲུག་ལང་ཚོ་འབར་བའི་འཕྱོར་སྒེག་གིས།། ཀུན་ཡིད་བརྟན་པ་དབང་མེད་འཕྲོག་བྱེད་པའི།། དབྱངས རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-02
གཅིག
འཛམ་གླིང་ཤར་གྱི་ཕྱོགས་ནས། བཀྲག་མདངས་འོད་དུ་འཚེར།
མི་རིགས་ང་དྲུག་གི་འདུན་པ་སྦྲེལ་བའི་ཕུགས་བསམ་གྱི་དྲི་བཞོན།
རྨ་འབྲི་གཙང་བོའི་རྒྱུན་ལ་སྡོངས།
ག་སར་འཕྲོ་བའི་འོད་ཀྱི་ཕྱག་སོར་འཇམ་པོ།
ཁྱེད་ཀྱི་བྲང་གཞུང་ནས་འཛུམ་དུས།
ང་ཚོས་སྐྱ་རེངས་མཐོང་བྱུང་།
“ཐོག་མའི་བསམ་འདུན་མི་བརྗེད་པར།
འགན་འཁྲི་བརྟན་པོ་ཡིད་ལ་འཆང་ནས།”
ང་ཚོ་ཁྱོད་ཀྱི་འོད་སྣང་ལ་འགྲོགས་ཏེ་ལམ་ལ་ཆས།
གཉིས།
གུང་ཁྲན་ཏང་ཡ། ཕྱོགས་ཡོངས་ཀྱི་འཐབ་ཇུས་ཆེན་པོ་བཞི་ཡི་སྒོ་མོ་ཕྱེ་བ་ནས།
བཅོས་བསྒྱུར་སྒོ་འབྱེད་ཀྱིས་མདུན་སྐྱོད་ཀྱི་སྤོབས་པ་ཆེ་རུ་བཏང་བ་ནས།
ཁྱེད་ཀྱིས། འཛམ་གླིང་གི་ཤར་ཕྱོགས་སུ།
ཚན་རྩལ་རིག་གསུམ་གྱི་དར་ཆ་མཐོན་པོར་བསྒྲེངས་པ་ནས།
སྤྱི་ཚོགས་དཔལ་ཡོན་གྱི་རླུང་རླབས་འཕྱུར།
རླུང་བུས་ངར་སྐད་རྒོད་པའི་བྱེ་ཐང་དེར།
གཙང་བོ་དང་རི་ལུང་སྔོ་ལྗང་ཅན་དུ་འགྱུར་བ་ལས།
གསེར་རི་དང་དངུལ་རི་དེ་ས་གཞི་གཏེར་དུ་བསྒྱུར།
ཚང་ཚིང་ལྗོན་པ་དང་སྔོ་ལྗང་གིས་ས་སྟེང་བཅུད་གྱིས་བྱུགས་ཏེ།
ཡུལ་ཁམས་སོ་སོར་སྐྱེ་ཁམས་ཁོར་ཡུག་གི་འཛུམ་མདངས་གྲོལ།
དུས་དེ་ནས།
ཁྱོད་ཀྱིས། མཚར་སྡུག་གཡུ་ལོ་ལྡན་པའི་སྔོ་ལྗང་བསྐྲུན།
ལྕེ་སྤྱང་གི་འཇབ་རྒོལ་རྒོད་པའི་བྱང་ཐང་དེར།
ཁྱེད་ཀྱིས། ཚན་རྩལ་གྱི་མེ་ཏོག་བཞད་པའི་ལམ་བུ་ཕྱེ།
གསུམ།
གུང་ཁྲན་ཏང་ཡ།
“འདུ་ཤེས་བཞི”ཆེ་རུ་བསྐྱེད་དེ།
“ཡིད་རྟོན་བཞི”བརྟན་པོར་སྒོམ་བཞིན།
“འགན་སྲུང་ཆེན་མོ་གཉིས་སྒྲུབ”སྟེ།
དབུལ་ཐར་འགག་སྒྲོལ་བརྟོལ་བཞིན།
ཕྱོགས་ཡོངས་ནས་དེང་རབས་ཅན་ཀྱི་སྤྱི་ཚོགས་སུ་བགྲོད་པར།
ང་ཚོས་སེམས་ཤུགས་གཅིག་སྒྲིལ་གྱིས།
མདུན་སྐྱོད་ཀྱི་སྤོབས་པ་ཆེ་རུ་བཏང་བ་ནས།
འཚོ་བའི་སྒྲིག་གཞི་ཡི་རྨང་གཞི་ཞེན་པའི་ཡུལ་ལུང་རེ་རེ་དང་།
དཔལ་འབྱོར་ལོངས་སྤྱོད་དབུལ་བའི་ལུང་ཁུག་དེར།
གུང་ཁྲན་ཏང་།
ཁྱེད་ཀྱིས། འབྱོར་ཕྱུག་གི་སྦྲང་ཆར་འཇོ་བའི་མཁའ་དབུགས་ཕྱེ།
ཁྱེད་ཀྱིས། ས་དཀར་གད་པར་གནས་པའི་ཡུལ་མི་ཚོར།
ཁྱེད་ཀྱི་བཀོད་ལེགས་ཁང་བཟང་ལྷ་ཡི་འཚོ་བ་བསྐྲུན།
གུང་ཁྲན་ཏང་ཡ།
ཁྱེད་རང་གནམ་ས་སྒོ་འབྱེད་བྱེད་པའི་འོད་ཞགས་མཚར་པོ་དེ་མ་ཡིན་ནམ།
བཞི།
ཁྱེད་ཀྱིས་ཕྱོགས་ཡོངས་ནས་སྣེ་ཁྲིད་མཛད་དེ།
“ཐེངས་བཅུ་བཞི་ཡི་ལོ་ལྔའི”དཔལ་འབྱོར་གྱི་ཇུས་བཀོད།
“བརྟན་འཇགས་དྲུག་དང་ཁག་ཐེག་དྲུག”
“ཞིང་སྡེ་གྲོང་རྡལ་འཕེལ་རྒྱས་འཐབ་ཇུས”ལས
ཏང་གི་འདབ་ཤོག་མཁའ་རུ་བརྐྱངས།
ང་ཚོའི་འཇིག་རྟེན་ལ་སྐྱིད་ཀྱི་ཉི་མ་ཤར།
དེ་རིང་ཤར་ཕྱོགས་ཀྱི་ཉི་མ་སེར་པོ།
མི་རིགས་ང་དྲུག་གི་མགོན་དུ་ཤར་བ་ནས།
ང་ཚོའི་སྙིང་སྟོབས་ལ་ཁྱེད་ཀྱི་འོད་སྣང་བསྒོས།
ལྔ།
གུང་ཁྲན་ཏང་གིས།
འཛམ་གླིང་ཧྲིལ་བོའི་དཀྱིལ་འཁོར་ན།
ལོ་ངོ་བརྒྱ་ཡི་བདེ་སྡུག་རྟུལ་ཕོད་ཀྱིས་བརྒལ་བཞིན།
ད་ལྟའི་འཕོ་འགྱུར་མིག་ལ་མཆིས་པ་ནས།
ང་ཚོའི་ཚེ་སྲོག་ལ་ཁྱེད་ཀྱི་དྲོད་ཁོལ་རྒྱས།
དེ་བས།
ན་ཚོད་ཀྱི་མེ་ཏོག་ལུས་ལ་བཞད་པ་ནས།
ང་ཚོའི་ཕུགས་བསམ་དུ། ཁྱེད་ཀྱི་རྨི་ལམ་རུམ་ཡོད།
དྲུག
གུང་ཁྲན་ཏང་གི་སྣེ་ཁྲིད་འོག
ཚན་རྩལ་ཀློང་དུ་བརྡོལ་བའི་དུས་རབས་འདིར།
ཁྱེད་རང་གོ་ལའི་ཤར་རྒྱུད་ན་འགྱིང་བའི་ཉི་མ་དེ་མ་ཡིན་ནམ།
ཏང་ཡ། འཛམ་གླིང་ཡུལ་ཕྱོགས་དག་ན། ན་བུན་སྟུག་པའི་དུས་དག་ལ།
མི་རིགས་ང་དྲུག་གིས་མཐུན་སྒྲིལ་གྱི་ལག་ཟུང་དམ་པོར་སྦྲེལ་ཏེ།
རྡོ་རྗེ་ཕ་ལམ་བཞིན་སེམས་ཤུགས་བསྐྱེད་པའི་བློ་སྤོབས་ཀྱིས།
སྤྱི་ཚོགས་དང་། མིའི་རིགས་ཀྱི་མཁའ་དབྱིངས་སུ།
དུག་སེལ་བྱེད་པའི་ཁྱེད་ཀྱི་བླ་ན་འཕགས་པའི་བློ་གྲོས་ཀྱི་སྐྱ་རེངས་དེ་ཤར་བྱུང་།
ཏང་ཡ། ཁྱེད་ཀྱི་ཤེས་རབ་སྐྱེན་པོའི་ཚན་རྩལ་ལས།
ནད་དུག་སྔོན་འགོག་ཀྱི་ཐབས་ལམ་སྤྱད་དེ་མིའི་རིགས་སྡུག་བསྔལ་ལས་བསྐྱབས།
བདུན།
རྩོད་པའི་མེ་སྟག་ཚ་བའི་ས་སྒང་འདིར།
ཁྱེད་ནི་ཞི་བདེ་འོད་ཟེར་འགྱེད་པའི་མིག་ཟུང་དེ་རེད་ལ།
གུང་ཁྲན་ཏང་ཡ། ལོ་འཁོར་བརྒྱ་ལ་སོན་པའི་ལྷག་བསམ་འོད་སྟོང་དེ།
ཞི་བདེར་སྨོན་པའི་ལོ་རབས་འདིར།
ཁྱེད་ནི། རྫོགས་ལྡན་དཔྱིད་དཔལ་བསུ་བའི་དེད་དཔོན་དེ་རེད་ཨང་།
གུང་ཁྲན་ཏང་ཡ། ང་ཡི་གུང་ཁྲན་ཏང་།
ལོ་འཁོར་བརྒྱ་ཡི་སྐྱེས་སྐར་བསུ་བའི་རྫོགས་ལྡན་གྱི་དུས་སྐབས་འདིར།
ངས་ཁྱེད་ལ། ལག་ཟུང་མཐོན་པོར་བཏེགས་ཏེ།
རྟེན་འབྲེལ་དུ་མེ་ཏོག་གི་མཆོད་པ་ཞིག་འབུལ།