བསྟོད་ཚིག་མེ་ཏོག་ཕྲེང་མཛེས།
དུང་རིང་སྙིང་ལྕགས་བཀྲ་ཤིས། (རྨ་ཆུ་རྫོང) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-02
དགུང་ཨ་སྔོན་སྐྱིད་པའི་ཁང་བཟང་རེད།།
གསེར་ཉི་མའི་འོད་སྟོང་རབ་ཏུ་འབར།།
ཏང་རྒྱལ་ཁབ་གངས་ལྗོངས་རྒྱན་དུ་ཆགས།།
དཔལ་འབྱོར་བ་དབྱར་མཚོ་བཞིན་དུ་རྒྱས།།
ཏང་སྲིད་ཇུས་བཟང་བོའི་བྱམས་སྐྱོང་འོག།
ནང་མི་རིགས་སྐར་ཚོགས་ཤར་འདྲ་རེད།།
རིགས་སོ་སོའི་མཛའ་མཐུན་པད་མའི་མདངས།།
ཚིག་བསྟོད་པའི་ཕྲེང་ན་ལྷག་ཏུ་མཛེས།།
རིགས་ང་དྲུག་སྐྱིད་པའི་མཚོ་མོ་ལ།།
སྐྱིད་དགའ་བདེ་དཔལ་གྱི་རླབས་ཕྲེང་འཕྱུར།།
ལུས་བདེ་འཁྱུག་རྫོགས་པའི་དགའ་སྣང་འཕེལ།།
སེམས་སྐྱིད་པའི་ངོ་གདོང་འཛུམ་གྱིས་གྲོལ།།
དོན་དགོངས་པ་བཞེད་ཚུལ་སྤྲིན་གྱི་ཆར།།
སྙན་ལྷང་ལྷང་གངས་རིའི་ལྗོངས་ལ་བབས།།
དཔལ་རིག་པའི་ཕུན་ཚོགས་ཆ་ཀུན་རྫོགས།།
ལས་གང་སྒྲུབ་འབྲས་བུ་འདོད་པར་འཇོ།།
ཏང་མཛུབ་ཁྲིད་འོད་ཀྱི་གཟི་བྱིན་མཆོག།
དོན་གོ་འཛོལ་མེད་པ་ཚངས་པའི་ཐིག།
ནང་མཐུན་སྒྲིལ་མཛའ་བརྩེ་གཙང་བོའི་རྒྱུན།།
བགེགས་བར་ཆད་མེད་པར་ལྷུང་ལྷུང་བཞུར།།
བློ་ཐབས་བརྒྱ་ཇུས་སྟོང་འཆར་གཞི་ལེགས།།
རླབས་ཚན་རྩལ་བཅོས་བསྒྱུར་སྒོ་མོ་ཕྱེ།།
ནང་འཕེལ་རྒྱས་རླུང་གི་འགྲོས་ལས་སྐྱེན།།
ཡུལ་མཛེས་པ་བྱང་མཆོག་གནས་དང་མཚུངས།།
དུས་ད་ལྟ་འགྱུར་བཞིའི་འཛུགས་སྐྲུན་གྱིས།།
ཡུལ་གངས་ལྗོངས་ཕྱུག་འགྱུར་ལམ་དུ་ཁྲིད།།
དཔལ་ལོངས་སྤྱོད་འོ་མཚོ་རླབས་རྩེ་ན།།
བཀྲ་ཤིས་པའི་བསྟོད་དབྱངས་གཟེངས་སུ་མཐོ།།
དུས་ཉེར་གཅིག་ཉི་གཞོན་དགེ་མཚན་འབར།།
དཔལ་འབྱོར་བ་སྟོབས་ལྡན་གླིང་གཞན་བསྒྲུན།།
འུད་སྒྲོ་བཏགས་མིན་པའི་ངེས་དོན་གྱི།
དོན་དམ་པའི་དགེ་འབྲས་མངོན་སུམ་ཤར།།
སྟོབས་མངའ་ཐང་ཆེ་བའི་མེས་རྒྱལ་གྱི།
ལྷད་མེད་པའི་རྣམ་དག་སྲིད་ཇུས་ལ།།
བཀྲ་ཤིས་པའི་བསྟོད་པ་ངག་གི་གླུ།།
བྱ་ཁུ་བྱུག་མགྲིན་པའི་གདངས་ལས་སྙན།།
མཚན་སྙན་གྲགས་འཛམ་གླིང་གཙུག་གི་རྒྱན།།
རང་རླབས་ཆེན་མེས་རྒྱལ་ཀྲུང་གོ་རེད།།
དཔལ་ཕུན་ཚོགས་དགེ་ལེགས་གཟི་བྱིན་མདངས།།
དགུང་ཉི་ཟླ་བཞིན་དུ་རྒྱས་པར་ཤོག།