གསེར་ཐར་རྫོང་གིས་ལས་ཞུགས་ཐག་གཅོད་དང་ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་ཡོང་བར་སྐུལ་འདེད་གཏང་རྒྱུ་དེ་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་ཡུལ་སྡེ་དར་རྒྱས་གཏོང་བ་དང་འབྲེལ་མཐུད་ནུས་ལྡན་གྱི་དམ་འཛིན་བྱ་གཞིར་བརྩིས་ནས། བྱེད་ཐབས་སྣ་ཚོགས་སྤྱད་དེ་ཞིང་འབྲོག་མང་ཚོགས་ལ་ལག་རྩལ་སྣ་གཅིག་ཁོང་དུ་ཆུད་པ་བྱས་ཏེ། ཕྱུག་འགྱུར་རང་འཕེལ་གྱི་ནུས་པ་རྒྱུན་མི་ཆད་པར་ཇེ་དྲག་ཏུ་བཏང་བ་རེད།
མིག་སྔར། གསེར་ཐར་རྫོང་གིས་མ་དངུལ་སྒོར་ཁྲི424བཏང་ནས་ཁག་བགོས་ནས་སྦོ་མདའ་དང་རྣུབ་གཟུར། གཉན་ལུང་། ཉི་སྟོད། བརྡར་ཚང་། སྟག་རྩེ་སོགས་ཀྱི་ཡུལ་ཤོག10ཡི་ནང་ཀྲུང་ལུགས་གསོ་སྦྱོར་དང་རྒྱན་སྤྲོས་མཛེས་བཟོ། འཚེམ་བཟོ། འཕྲུལ་རྟ་ཉམས་གསོ། ཞིང་ལས་སྐྱེ་དངོས་འདེབས་འཛུགས་སོགས་ཀྱི་རྩལ་ནུས་གསོ་སྦྱོང་འཛིན་གྲྭ་རིམ་པ40གཉེར་བ་དང་། རིན་པ་མི་དགོས་པར་ཞིང་འབྲོག་མང་ཚོགས1818རྩལ་ནུས་གསོ་སྦྱོང་ནང་ཞུགས་ཡོད། དེའི་ཁྲོད་ཀྱི་མང་ཚོགས1742དཔྱད་ཞིབ་བྱས་པར་བརྒྱུད་དེ་མཚུངས་ཀྱི་ཚད་མཐུན་ལག་ཁྱེར་ཐོབ་ཡོད་པ་རེད།།