ལི་ཐང་རྫོང་གི་བོད་ཀྱི་རིག་གནས་ཀྱིས་ཡུལ་སྐོར་བ་བཀུགས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 10-19




པར་འདི་ནི་ཡུལ་སྐོར་བ་འགའ་ཡིས་བོད་ཀྱི་རིག་གནས་ཉམས་ལེན་བྱེད་བཞིན་པའི་ཚུལ་རེད།

པར་འདི་ནི་བོད་ཀྱི་ལག་ཤེས་ཐོན་རྫས་ཡིན།

པར་འདི་ནི་ཡུལ་སྐོར་བས་རི་མོ་འབྲི་བཞིན་པའི་ཚུལ་རེད།
          རྒྱལ་སྟོན་དུས་ཆེན་གྱི་སྐབས་སུ། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ལི་ཐང་རྫོང་གི4Aརིམ་པའི་མཛེས་ལྗོངས་ཁུལ་ལི་ཐང་གནའ་གྲོང་དུད་སྟོང་བོད་སྡེ་རུ་ཡུལ་སྐོར་བ་ཤིན་ཏུ་མང་བའི་དུས་སུ་སླེབས་པ་དང་། ཁོང་ཚོ་གནའ་གྲོང་དུ་འཆམ་འཆམ་ལ་འགྲོ་བ་དང་། རིག་གནས་གསར་སྐྲུན་འཚོལ་བ། དམངས་སྲོལ་ཉམས་ལེན། གཟུགས་འདས་རིག་གནས་ཤུལ་བཞག་ལ་ལྟ་བ། ལག་ཤེས་བཟོ་རྩལ་སྦྱངས་བ་བཅས་བོད་ཀྱི་རིག་གནས་ཉམས་སུ་མྱོང་བའི་བྱ་འགུལ་རབ་དང་རིམ་པ་ནང་ཞུགས་པ་རེད།
          ལི་ཐང་རྫོང་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་སྤྱི་ཚོགས་ཚན་རིག་མཉམ་འབྲེལ་ལྷན་ཚོགས་ཁོངས་གཏོགས་རིག་རྩལ་མཁས་ཅན་མཐུན་ཚོགས་དང་ལས་རིགས་ཁག་གི་རིག་རྩལ་གསར་བའི་ཚོགས་སྤྱི་ཡིས་ཐུན་མོང་མ་ཡིན་པའི་བཟོ་རྩལ་དང་རྩེར་སོན་གྱི་སྒྱུ་རྩལ་དེ་ཡུལ་སྐོར་དང་ཟུང་འབྲེལ་བྱས་ཏེ། སྲོལ་རྒྱུན་རིག་གནས་མཚོན་པའི་རྣམ་པ་གསར་སྐྲུན་བྱས་པ་དང་། ལི་ཐང་གི་གསོན་ཤུགས་ལྡན་པའི་རིག་གནས་ཕྱིར་མངོན་ཏེ། རྒྱལ་སྟོན་དུས་ཆེན་རིང་རྒྱ་ཆེའི་ཡུལ་སྐོར་བར་ཁྱད་ལྡན་རིག་གནས་ཉམས་ལེན་གྱི་འགྲུལ་བཞུད་ཅིག་བཏད་པ་རེད། །

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1